བློ་བཟང་ཕྱིར་མགྲོན་ཁང་ནང་དུ་ཐོན་དུས། ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་དང་བུད་མེད་ཚོས་ཁོས་ཕྱོགས་སུ་བལྟས་དེ་བསྡད་དུས། བློ་བཟང་གིས་དགད་མི་དགོད་ཞོར་དུ། ཁྱེད་ཚོ་ལ་ག་རེ་བྱས་སོང་། ཚང་མ་ཁ་གྲགས་རྒྱུ་མེད་པར་བསྡད་ཡོད་པ་ཅི་རེད།
གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས། ཅང་མ་རེད། ང་ཚོས་ཁ་བརྡ་བྱེད་བཞིན་པའི་སྒང་ཡིན། ཁྱེད་རང་གིས་སྒོ་གློ་བར་དུ་ཕྱེ་སྟབས། ང་ཚོ་ཁ་རོག་གེར་སུ་ཡིན་ལ་བལྟས་ནས་བསྡད་ཡོད་པ་དེ་ཙམ་རེད།
ཕྱི་དྲོ་བུད་མེད་ཚོ་རང་རང་གི་ནང་དུ་འགྲོ་བཞིན་ཡོད་ཀྱང་། བདེ་འཚོ་ད་དུང་སོང་མེད་པར་བློ་བཟང་ལ་ཁོ་མོ་ཕར་བསྐྱེལ་རེག་ཟེར་ནས་བསྡད་ཡོད་པ་དང་། བློ་བཟང་གིས་ཀྱང་ཁོ་མོ་བསྐྱེལ་དུ་སོང་ནས་ཡོང་ངེས་ཡིན་ཟེར་ནས་ཁོ་གཉིས་ཀ་ཡང་མགྲོན་ཁང་ནས་སྒོ་རུ་བུད་དེ། རྩྭ་ཐང་ཆུང་ཆུང་དེ་ཡི་ཕྱོགས་སུ་འགྲོ་བའི་དུས་ཚོད་ཏག་ཏག་དེ་ལ། ས་ཡང་རུབ་ནས་ཡོང་གི་ཡོད་པ་དང་། མུན་ནག་གི་ཁྲོད་ནས་རྐང་སྒྲ་གྲགས་པ་དེ་ཡང་དངོས་ནས་སྙན་མོ་ཞིག་ལོས་ཡིན་བསམ་པ་ཞིག་ཡོད་པ་རེད།
བློ་བཟང་གིས། བདེ་འཚོ་འུ་གཉིས་དགའ་རོགས་བྱས་ན་འགྲིག་གི་རེད་དམ། ངས་ཁྱེད་རང་ལ་སྔོན་ཆད་ནས་བཤད་དགོས་བསམ་ཡང་གོ་སྐབས་འདི་འདྲའི་ཡག་པོ་ཞིག་རེག་མ་སོང་། ངས་བལྟས་པ་ཡིན་ན་ཁྱེད་རང་ལ་ཡང་ང་རང་དང་ལྷན་དུ་དགའ་རོགས་སྒྲིག་རྒྱུར་འདོད་པ་ཡོད་པ་འདྲ།
བདེ་འཚོས། ང་རང་དངོས་ནས་ཕོ་གསར་དེ་ཚོ་ཡིད་ཆེས་ཤིག་བྱེད་ཐུབ་ཀྱི་མི་འདུག ཡིན་ཡང་། ཁྱེད་རང་གིས་དངོས་ནས་ང་ལ་དགའ་རོགས་སྒྲིག་འདོད་ཡོད་ན་འགྲིག་གི་རེད། འུ་གཉིས་ཀྱིས་ག་ལེར་ཕན་ཚུན་ལ་བརྟག་དཔྱད་བྱེད་ཆོག་གི་རེད། དེ་ནས་ཕན་ཚུན་གྱི་སྣང་བ་འགྲོ་བ་ཡིན་ན་དེ་དུས་བཟའ་ཚང་བྱེད་ཆོག་གི་རེད།
བློ་བཟང་གིས། ཁྱེད་རང་གི་བཤད་པ་དེ་དངོས་ནས་རེད་ཟེར་བཞིན་ཁོ་མོའི་འགྲམ་པའི་ངོས་སུ་ཁ་ཞིག་བསྐྱལ་དུས། ཁོ་མོས་ཀྱང་གང་ཡང་མ་བཤད་པར་གཙང་བོའི་བཞུར་སྒྲ་ལས་མི་ཐོས་པའི་ངང་ཚུལ་དེས་ཁོ་གཉིས་ལ་དངོས་ནས་དགའ་བསུ་བྱེད་ཀྱི་ཡོད་པ་ལྟ་བུ་ཆགས་པ་རེད།
མཚན་མོ་དེ་ནས་བཟུང་དེ། བློ་བཟང་དང་བདེ་འཚོ་གཉིས་ཀྱིས་ཐག་ཇེ་ཉེ་སོང་བའི་སྒང་དེར་སེམས་ཐག་ཡང་ཉེ་རུ་འགྲོ་བཞིན་ཡོད་པ་དང་། ཉིན་དཀར་ཁོ་མོ་ཡོང་ནས་བློ་བཟང་གི་གོན་པ་དང་མཚམས་རེར་གྲོགས་པོ་རྡོར་རྗེ་སྐྱབས་གཉིས་ཀྱི་གོན་པོ་དཀྲུ་བཞིན་ཡོད་པ་དང་། ལན་རེ་བློ་བཟང་གི་གོན་པ་ཕར་ཁུར་ནས་སོང་དེ་དཀྲུ་བཞིན་ཡོད། ཕྱི་དྲོ་རྟག་པར་ཁོ་རང་གིས་བདེ་འཚོ་ཕར་བསྐྱལ་ནས་འགྲོ་བཞིན་ཡོད་པ་རེད། ངང་ཚུལ་དེ་ནི་ངང་བའི་བརྩེ་བ་ལྟ་བུ་ཞིག་ཆགས་ཡོད་པ་རེད། ཡིན་ཡང་། ཁོ་གཉིས་ཀྱི་བར་ན་ལུས་འབྲེལ་ད་དུང་ཡང་བྱུང་མེད་པ་རེད།
དེ་ཡི་གནས་ཚུལ་བློ་བཟང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་བློ་བཟང་གི་ཁ་ནས་གསལ་བོ་ཐོས་རྗེས་སུ། བློ་བཟང་ལ་ཁྱེད་རང་གི་དོ་ནུབ་ཁོ་མོ་ཁྲིད་དེ་འདི་རུ་ཤོག་དང་། ང་རང་གྲོགས་པོ་ཞིག་གི་ནང་དུ་ཉལ་དུ་སོང་ན་འགྲིག་གི་རེད། ཁྱེད་རང་གིས་བྱེད་སྟངས་དེ་དངོས་ནས་ཅང་མ་རེད། བུད་མེད་ཚོ་ལུས་འབྲེལ་འཇོག་མ་ཐུབ་དུས་བརྩེ་བ་འདྲ་ཆགས་ནི་མ་རེད།
བློ་བཟང་གིས། གྲོགས་པོས་བཤད་པ་ལྟར། བདེ་འཚོ་ཁོ་རང་གི་ནང་དུ་བསྡོད་རྒྱུར་རེ་བ་བྱས་པ་ལྟར། ཁོ་མོ་ཡང་ཁོ་རང་གི་མགྲོན་ཁང་ནང་དུ་བསྡོད་རྒྱུར་ཁས་ལེན་བྱས་པ་དང་མཚན་མོ་དེར། གྲོགས་པོ་རྡོར་རྗེ་སྐྱབས་ཀྱང་ཁང་བ་གཅིག་གི་ནང་དུ་ཉལ་ན་འགྲིག་གི་རེད་ཅེས་བློ་བཟང་གིས་ཨུ་ཚུགས་བྱས་ཀྱང་། རྡོར་རྗེ་སྐྱབས་ཀྱིས་ཨུ་ཚུགས་དང་བཅས་དེ་ཁང་བ་གཞན་ཞིག་གི་ནང་དུ་ཉལ་དུ་སོང་བ་རེད།
མུ་འགོད།
སྤུན་ཟླ་ཁྱེད་གཉིས་ཕེབས་པ་དགའ་ཡོད། ང་རང་གུང་གསེང་དུ་སོང་ནས་ཕྱིར་བདེ་བར་འབྱོར་ཡོད།
འདི་ལུས་འབྲེལ་བྱེད་ས་བུ་མོ་བཞི་པ་མ་རེད་པས། ཤ་རུས་ལགས་བདེ་པོ་ཡིན་ནམ།
སྒུག་ནས་བསྡད་ཡོད་མུ་མཐུད་དུ་་་་་་་་་་་་་་་་་་་་་འབྲི་རོགས།