མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་གང་རེད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ང་དང་གྲོགས་པོ་ཞིག་གིས། བོད་ཀྱི་མ་འོངས་པའི་འཆི་གསོན་སྐོར་ཡུན་རིང་ཞིག་ལ་བརྩོད་པ་བྱས་པ་ཡིན། ཁོང་གིས་གསུངས་པ་ཡིན་ན། བོད་ཀྱི་རིག་གཞུང་ནི་ནང་ཆོས་ཀྱང་མ་རེད་ལ། སྐད་དང་ཡི་གེ་ཡང་མ་རེད་གསུངས་ཀྱི་འདུག་པ་མ་ཟད། རྒྱལ་བ་རིན་པོ་ཆེ་ཡི་གསུངས་པ་དེ་ཚོ་ཡང་བོད་ཀྱི་རིག་གཞུང་མ་རེད་ཟེར། དེས་ན་བོད་ཀྱི་རིག་གཞུང་གང་རེད་ཟེར་ན། དེ་ནི་གདོད་མའི་དུས་ནས་བཟུང་དེ་བོད་མི་རིགས་ཀྱི་གཤིས་ལ་འཇག་པའི་བག་ཆགས་ཤིག་རེད་ཟེར་ནས་ཨུ་ཚུགས་མཐའ་བསྐྱེལ་གནང་གི་འདུག

ངས་ཁོང་ལ་བོད་མི་རིགས་འདི་ལ་སྐད་དང་ཡི་གེ་མེད་སོང་བ་ཡིན་ན། བོད་འདི་འཇིགས་ཚར་བ་རེད་ཅེས་བློ་ཐག་ཆོད་པོའི་སྒོ་ནས་བཤད་དུས་སུ། ཁོས་དེ་ནི་ང་རང་གི་བསམ་ཚུལ་དེ་ནོར་བ་རེད། བོད་ཀྱི་སྐད་དང་ཡི་གེ་འཇིགས་ཀྱང་བོད་མི་རིགས་འཇིགས་ཀྱི་མ་རེད། ད་ལྟའི་འཆར་སྐད་དང་ཡི་གེ་འཇིགས་ན་ཡང་དེ་ལ་སྐྱོན་ཆེན་པོ་མེད། དཔེར་ན་ཨེས་སུ་རལ་ལྟ་བུ་རེད། ཁོང་ཚོའི་སྐད་དང་ཡི་གེ་འཇིགས་ནས་རྗེས་སུ་རང་བཙན་ཐོབ་རྗེས་སུ་སྐད་དང་ཡི་གེ་རྗོའི་ཆོས་ལུགས་ཀྱི་ཡི་གེ་ལ་དཔེ་བཞག་ནས་བཟོས་པ་རེད་ཟེར་ནས་ཨུ་ཚུགས་བྱེད།

ལྷག་པར་དུ། ངས་ཁོང་ལ་བོད་ཀྱི་སྐད་དང་ཡི་གེ་མེད་སོང་བ་ཡིན་ན། བོད་ལ་རང་དབང་དགོས་དོན་མི་འདུག་ལ། བོད་མི་རིགས་ཟེར་ནས་ད་ལྟའི་འཆར་འུ་ཅག་གིས་སྐད་བརྒྱགས་དགོས་དོན་མི་འདུག ད་དུང་། བོད་ཡིག་དང་བོད་སྐད་སྤྱོང་སའི་ཁོར་ཡུག་ཆེད་དུ་དཀའ་ལས་བརྒྱབས་དེ་བཟོ་དགོས་དོན་མེད། སྐད་ཡིག་གཞན་གྱི་སྟེང་ནས་ལས་ཀ་རེག་གི་ཡོད། རྒྱ་ནག་གིས་ཀྱང་བོད་མི་དག་གིས་རྒྱ་ཡིག་ཤེས་པ་དང་རྒྱ་སྐད་རྒྱགས་ཐུབ་པ་སོགས་བྱུང་བ་ཡིན་ན་ཁོང་ཚོས་ལས་ཀ་ཡང་སྤྲོད་ཀྱི་ཡོད། བོད་མི་རྒྱ་ལ་འགྱུར་ཚུལ་ནི་དེ་རེད་ཅེས་བཤད་པ་ཡིན། བོད་མི་ཕྱི་མི་རུ་འགྱུར་ཚུལ་ཡང་དེ་རེད་ཅེས་ཞུས་པ་ཡིན།

ཁོང་གིས་དེས་ན་ནམ་ཞིག་ཁྱེད་རང་གི་བུ་རྒྱུད་ཀྱིས་བོད་སྐད་དང་བོད་ཡིག་གཏན་ནས་མ་ཤེས་པ་ཡིན་ན། ཁྱེད་རང་དེ་བོད་མ་རེད་ཟེར་གྱི་ཡིན་ནམ་ཟེར། ངས་ཁོང་ལ་དེ་ཡིན་ལན་དུ་ཡིན། ང་རང་གི་ཤ་ཆད་ཀྱི་བུ་ཕྲུག་ཡིན་ཡང་། ཁོ་མོ་བོད་ཀྱི་མི་མིན། ཁོ་མོ་ནི་སྐད་དང་ཡི་གེ་གང་ལ་འཐིམ་ནས་ཡོད་ན་དེ་ཡི་རིགས་ཡིན་པ་ལས། བོད་མི་མིན།

མཐའ་དོན་ངེད་གཉིས་ཀྱིས་བགྲོ་གླེང་དང་འབྲེལ་བའི་རྩོད་པ་ཡུན་རིང་བྱས་མཐར། བོད་ཀྱི་རིག་གཞུང་ནི་ནང་ཆོས་མིན་པ་དང་། བོད་ཀྱི་སྐད་དང་ཡི་གེ་མིན་པ། ༧རྒྱལ་བ་རིན་པོ་ཡི་གསུངས་ཆོས་དག་མིན་པ་ཁོང་གིས་སེམས་ཐག་ཆོད་པོས་སྒོ་ནས་ཡང་ཡང་གསུངས་ཀྱི་འདུག སྤུན་ཟླ་ཚོ། ཁྱེད་ཅག་གིས་བོད་ཀྱི་རིག་གཞུང་ཟེར་བ་ཅི་འདྲ་ཞིག་ལ་ངེས་འཛིན་གནང་གི་ཡོད་དམ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. Zaser Shulwa says:
    ལོ་ 16 སྔོན།

    གཅིག་ནོར་སོང་། ག་རེ་ཀེ ལོ་འདིའི་བོད་ཀྱི་མཛངས་མ་དྲགས་འདེམས་ནང་དུ་ང་རང་གི་ཨ་ཅག་གཏོང་དགོས་པ་རེད་འདུག་ག ག་རེ་བྱས་ནས། བོད་ཀྱི་མཛངས་མའི་བྱ་དགའ་དེ་ལེན་སར། ཁྱོད་རང་གི་ཨ་ཅག་ལ་སློབ་སྦྱོང་མེད་པ། ངའི་ཨ་ཅག་གིས་བོད་སྐད་དང་བོད་ཡིག་ཐོགས་པ་མེད་པར་འབྲི་བཤད་ཐུབ་ཀྱི་ཡོད་རེད་ད། སྐྱེས་གཟུགས་ཀྱིས་གཉོབ་ཀྱི་མ་རེད་གོ། དབྱངས་ཅན་མེ་ཏོག་ཕ་བཞགས་ལ་གཞན་པ་ཚོར་སྐྱེ་གཟུགས་གེ་མི་འདུག་ག ཨ་ལེ་དངོས་གནས་རེད་བདེན་པ་རེད་འདུག ད་ལོ་རྗེས་མ་ཁྱོད་རང་གི་ཨ་ཅག་དེ་ཉིས་སྟོང་བཅུ་གཅིག་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་གཏོང་དགོས་རེད་ད། རེད་གྲོགས་པོ་ངས་ཀྱང་དེ་འདྲ་ཞིག་བསམ་བསྡད་ཡོད་ད། གང་ལྟར་ངའི་ཨ་ཅག་ལ་ཧམ་པ་ཚ་བོ་ཡོད་རེད་གསེར་གྱི་དབུ་བརྒྱན་ཐོབ་རྒྱུ་རེད་ཡ། ཧ་ཧ་ཧ་ཧ།

    Reply
  2. loedoe says:
    ལོ་ 16 སྔོན།

    བོད་ཀྱི་རིག་གཞུང་ཟེར་བ་འདི་རེད་ཟེར་མཁན་མང་གི་ངོ་མ་དོན་ལ་མཁས་རེད་ཡ
    བོད་ཀྱི་མིང་དོན་ཙམ་ཡང་ཤེས་མེད་གི
    བོད་དོན་ལ་མཁས་པ་རེད་ཡ་བོད་ཡར་རྒྱས་ལ་ལས་འགྲོ་འདི་འདྲའི་མཁས་པ་མང་གི

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། བོད་ཀྱི་རིག་གཞུང་ཟེར་བ་ནི་གདོད་མ་ནས་ཡོད་པ་ཞིག་ལ་ངེས་འཛིན་བྱེད་དགོས་སམ། ཡང་ན། བོད་ཀྱི་སྐད་དང་ཡི་གེ་དར་བ་ནས་བཟུང་དེ་འགོ་འཛུགས་དགོས་ཀྱི་ཡོད་དམ། དེ་མིན་ན། རིག་གནས་དང་རིག་གཞུང་གི་གོ་བ་མི་འདྲ་བ་ཞིག་ལ་ངེས་འཛིན་བྱེད་དགོས་པ་ཡིན་ནམ། ད་དུང་། གོམ་གཤིས་དང་སྲོལ་རྒྱུན། བག་ཆགས་སོགས་ལ་མིང་ཚིག་རེ་རེ་ལ་གོ་བ་ལེན་སྟངས་ག་འདྲ་ཞིག་་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ། ལྷག་པར་དུ་བོད་ཀྱི་སྐད་དང་ཡི་གེ་བོར་སོང་བ་ཡིན་ན། བོད་མི་རིགས་འདི་ཤི་ཟིན་པར་ངེས་འཛིན་བྱས་པ་ཡིན་ན་འགྲིག་གི་རེད་དམ། དེ་ལ་ཞིབ་དུ་བསམ་གཞིགས་གནང་དེ་རང་རང་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།

    Reply
  4. kkunsang@yahoo.com says:
    ལོ་ 16 སྔོན།

    ཁྱེད་རྣམས་ཀྱིས་དོ་སྣང་ཡག་པོ་གནང་འདུག་རྗེས་སུ་ཡིད་རང་ཡོད།
    ང་ཚོའི་བོད་ཀྱི་རིགས་གཞུང་ནི་ང་བོད་པ་ཡིན་ཟེར་ནས་སེམས་ཐག་གཙང་བཅད་བྱེད་པའི་སེམས་སྟེང་ན་ཡོད་པའི་ལྷན་སྐྱེས་ཀྱི་བག་ཆགས་གཅིག་པུ་ཡང་མིན་ཏེ།
    དེ་འདྲ་ཡིན་ན་བོད་མི་མ་རྫོགས་བར་དུ་རིགས་གཞུང་རླགས་རྒྱུ་མེད་པ་དང་།
    རིགས་གཞུང་འདི་གཞན་ལ་དར་སྤེལ་བཏང་རྒྱུ་མེད་པ་འགྱུར་བའི་ཕྱིར།
    དེས་ན་རིགས་གཞུང་གཙོ་དེ་སྐད་ཡིག་དང།
    ཕལ་པ་བ་དེ་གོམ་གཤིས་ཆ་ལུགས་སོགས་ལ་འཇོག་དགོས།

    Reply
  5. shenruma says:
    ལོ་ 16 སྔོན།

    བོད་ཀྱི་རིག་གཞུང་ཟེར་བ་འདི་བོད་ཀྱི་ཐུན་མིན་གྱི་བསམ་བློའི་ཁྱེར་སོ་ཞིག་ལ་ངོས་འཛིན་དགོས་པ་འདྲ།
    ཁྱོད་རང་བོད་རིགས་ཡིན་མིན་ལྟ་བ་ལ་ཁྱོད་ཀྱི་ཕ་དེ་སུ་རེད་ལྟ་རྒྱུ་རེད། ཁྱོད་ཀྱི་ཕ་དེ་བོད་རིགས་ཡིན་ན་ཁྱོད་ཉིད་བོད་རིགས་རེད། ཁྱོད་ཀྱིས་བོད་སྐད་ཤེས་མིན་ལྟ་རྒྱུ་མེད། ཁྱོད་རང་ལུས་ཐོག་ནས་བོད་ཀྱི་རིག་གཞུང་བོར་བརླག་ཏུ་འགྲོ་རྒྱུ་ཡོད་ཀྱང་ཁྱོད་ཉིད་བོད་རིགས་ཡིན་པ་དེ་སྐྱེ་བ་དེ་ལ་བོར་བརླག་འགྲོ་རྒྱུ་མེད།

    Reply
  6. dongbu says:
    ལོ་ 16 སྔོན།

    བོད་ཀྱི་རིག་གཞུང་ཟེར་ན་བོད་ཀྱི་སྐད་དང་ཡི་གེ་གཉིས་གཞིར་བཞག་གི་ཐོག་བོད་ཀྱི་ནང་ཆོས་དང་བོད་རིགས་ལ་གདོད་མ་ནས་ཡོད་པས་གོམས་སྲོལ་བཅས་ལ་གོ་དགོས་པ་འདྲ།

    Reply
  7. nyingtobchan says:
    ལོ་ 16 སྔོན།

    ཁྱེད་ཀྱི་གྲོགས་པོས་གསུངས་པ་དེར་རྒྱབ་སྐྱོར་གཅིག་དང་ཕྱེད་ཀ་ཡོད། རྒྱུ་མཚན་ནི་ང་ཚོའི་རྒྱུད་ཀྱི་ང་བོད་རིགས་ཡིན་ཞེས་པའི་བསམ་བློ་དེ་ནི་བོད་པའི་རིག་གཞུང་ལྷན་སྐྱེས་པ་དེ་རེད། སྐད་དང་ཡི་གེ་ཆོས་ལུགས་གྱོན་ཆས་བཟའ་སྟངས་གཉེན་སྒྲིག་སྟངས་སོགས་ནི་བོད་ཀྱི་རིག་གཞུང་བཏགས་པ་བ་རེད། རྒྱུ་མཚན་ནི་རྒྱ་རིགས་ཤིག་གིས་བོད་པའི་རིག་གཞུང་བཏགས་པ་བ་འདི་ཚོའི་ལད་ཟློས་བྱེད་ཐུབ་པ་སྟེ། གལ་སྲིད་སྦྱངས་པ་ཡིན་ན་བོད་སྐད་བཤད་ཐུབ་པ་དང་འདོད་པ་ཡོད་ན་བོད་ལྭ་གྱོན་ཐུབ་པ་ང་ཚོས་ཤེས་གསལ་རེད། ཡིན་ན་ཡང་དེ་ཙམ་གྱིས་ཁོང་རང་བོད་པ་བཏགས་པ་བར་འཇོག་གི་རེད་མ་གཏོགས་མི་སུ་ཞིག་གིས་ཀྱང་ཁོ་རང་བོད་པ་དངོས་གནས་པར་ངོས་ལེན་བྱེད་ཀྱི་མ་རེད། རྒྱུ་མཚན་ནི་ཁོ་ལ་ནང་སྙིང་ལྟ་བུའི་བོད་པའི་ལྷན་སྐྱེས་ཀྱི་རིག་གཞུང་སྟེ་ང་རང་བོད་པ་ཡིན་ཞེས་པའི་བསམ་བློ་དེ་མེད་པས་སོ།།

    Reply
  8. chokri nyima says:
    ལོ་ 16 སྔོན།

    བོད་སྐད་མ་ཤེས་ན་བོད་མི་མ་རེད་གསུངས་ན་ཅང་ཟད་འགྲིག་མེད་པ་འདྲ།་་་བོད་མིའི་མཚན་ཉིད་འཇོག་ཤེས་མཁན་འདྲ་ཡོད་ན་མཚན་ཉིད་རེ་འཇོག་རོགས་ཞུ།

    འདིའི་སྐོར་རུ་བཤད་རྒྱུ་མང་པོ་ཡོད་ཀྱང་དེ་རིང་དུས་ཚོད་མི་འདུག་ཞུ།

    Reply
  9. adkunchok says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། སྐུ་ཉིད་ཀྱིས་རྒྱུན་མཐུད་ནས་འདི་ལྟར་ཟིན་བྲིས་སྤེལ་པར་རྗེས་སུ་ཡི་རངས་ཞུ།

    ཁྱེད་ཀྱི་གྲོགས་པོ་དེའི་འདོད་པའི་མི་རིགས་ཀྱི་རིག་གཞུང་ཞེས་པ་དེ་ནི་ཕྱི་རོལ་བའི་འདོད་པའི་བདག་གམ་འཇིག་རྟེན་བྱེད་པ་པོ་དང་འདྲ་བོ་འདུག འདི་ལ་ཁྱེད་ཀྱིས་དྲི་བ་འདི་འདྲ་ཞིག་འདོན་རོགས།
    དྲི་བ་དང་པོ་། མི་རིགས་ཀྱི་རིག་གཞུང་ལ་ཐོག་མ་ཡོད་པ་རེད་དམ།
    དྲི་བ་གཉིས་པ། མི་རིགས་ཀྱི་རིག་གཞུང་ཞེས་པ་ལྷན་སྐྱེས་ཤིག་རེད་དམ།
    དྲི་བ་གསུམ་པ། མི་རིགས་ཀྱི་རིག་གཞུང་ཞེས་པ་གྲུབ་ཆ་སྣ་མང་གི་འདུས་དོན་ཞིག་རེད་དམ། ཡང་ན་རྒྱུ་གཅིག་རྐྱེན་གཅིག་གི་དངོས་པོ་རང་རྐྱ་བ་ཞིག་རེད། འདི་དག་ནི་དྲི་བ་རང་ཡིན།

    ངས་བསམ་ན་མི་རིགས་ཀྱི་རིག་གཞུང་ཞེས་པ་དེ་ཕྱོགས་སྣ་མང་ནང་བསམ་བློ་གཏོང་དགོས་པ་དང་། འཚོལ་ཞིབ་བྱེད་དགོས་པ། ཕྱོགས་བསྡོམས་བྱེད་དགོས་པ་ཞིག་ཡིན་རུང་། གཞི་རྩ་གཙོ་བོ་ནི་མི་རིགས་དེའི་ལུས་ངག་ཡིད་གསུམ་དང་འབྲེལ་ནས་བསམ་བློ་གཏོང་དགོས་པར་འདོད།
    དང་པོ་མི་རིགས་ཀྱི་ལུས་ཞེས་པ་དེ་ག་འདྲ་ཞིག་རེད་དམ། རིགས་རྒྱུན་ཚན་རིག་གི་ངོས་ནས་བཤད་ན་སའི་གོ་ལའི་སྟེང་གི་སྐྱེ་ལྡན་མཐའ་དག་མེས་པོ་གཅིག་གི་རྒྱུད་པ་ལས་མཆེད་པ་ཞིག་ཡིན་པས། ཐོག་མ་ནས་གྲུབ་པའི་མི་རིགས་ཀྱི་ལུས་ཤིག་མེད་པར་འདོད། དེ་བས་ནང་དེང་སྐབས་ཀྱི་སྐྲ་ནག་པོ་དང་སྣ་ལེབ་ལེབ། ལུས་ལ་བ་སྤུ་ཉུང་བ་འདི་ཚོ་བོད་ཀྱི་ལུས་རེད་དམ། སྤྱིར་བོད་ཀྱི་ལུས་ཞེས་པ་ཞིག་འཇོག་རྒྱུ་ཡོད་དམ། ཤ་མར་ཟོས་ལུས་ཤེས་རྒྱས་ཤིང་གྲང་སར་བསྡད་པས་ངོ་གདོང་སྨུག་པ། གཙང་ཆུ་དང་བསིལ་རླུང་གི་ནུས་པས་འགྲམ་པ་དམར་པ་སོགས་བོད་ཀྱི་ལུས་རེད་དམ། འོ་ན་རྡ་ལུ་འཐུང་ནས་ངོ་གདོང་སྐྱ་རིལ་རིལ་ཅན་དག་བོད་ཀྱི་ལུས་མ་རེད་དམ། དེ་བས་ནས་ལུས་རང་སྟེང་ནས་བཤད་ན་འཛམ་གླིང་གི་མི་རིགས་ཐམས་ཅད་ལུས་ཀྱི་རྣམ་པ་གཙོ་བོ་གཉིས་སུ་བགོས་འགྲོ་བའི་བོད་པའི་ལུས་ཞེས་པ་ཞིག་འཇོག་རྒྱུ་ཡོད་དམ། འདི་ནི་དྲི་བ་ཞིག་རེད།་
    གནད་དོན་གཞན་ཞིག་ནི་ལུས་ཟོ་དབྱིབས་དང་ཁ་དོག་གི་ཆ་མ་ཡིན་པར་རྣམ་འགྱུར་དང་ཆ་བཤད་ཀྱི་ཆ་རེད། འདིའི་ཐད་ནས་བོད་ལ་རིག་གཞུང་ཞིག་ཡོད་དགོས་ཤིང་། བོད་ཀྱི་ལུས་དང་འབྲེལ་བའི་རིག་གཞུང་ཞིག་ཀྱང་ཡོད་དགོས། འོ་ན་རྣམ་འགྱུར་དག་ཆ་བྱད་དག་གང་ལ་བརྟེན་ནས་བྱུང་བ་རེད་དམ། གང་ལ་ལྟོས་ནས་གྲུབ་པ་རེད་དམ། དཔྱད་པ་འདི་ལྟར་བྱས་ནས་ལྟོས་གྲུབ་ཀྱི་འཇིག་རྟེན་འདི་མཐའ་མེད་ཀྱི་འབྲེལ་བ་རྙོག་འཛིང་ཞིག་གི་ནང་དུ་ལྷུང་འགྲོ་སྲིད་མོད། གང་ལྟར་བོད་ལ་ལུས་དང་འབྲེལ་བའི་རིག་གཞུང་ཞིག་ཡོད་ངེས་པ་རེད། འདི་ངའི་བསམ་ཚུལ་གཅིག་ཡིན།

    གཉིས་པ་ངག་དང་འབྲེལ་བའི་རིག་གཞུང་རེད། བོད་མི་རིགས་ཀྱི་ངག་རིག་འདི་བོད་མི་རིགས་ཀྱི་རིག་གཞུང་གི་རྨང་གཞི་དང་། མི་རིགས་ཀྱི་ངོ་རྟགས་རེད། གང་ཡིན་ཞེ་ན་འགྲོ་བ་མིའི་ངག་ནི་འགྲོ་བ་མིའི་ལུས་སེམས་གཉིས་འབྲེལ་ལས་གྲུབ་པའི་ཐུན་མོང་མ་ཡིན་པའི་དངོས་པོ་ཞིག་རེད་ལ། འགྲོ་བ་མིའི་ངག་གིས་འགྲོ་བ་མིའི་སེམས་ཀྱི་འཇོན་ཐང་དང་ལུས་ཀྱི་ཁྱད་ཆོས་གཉིས་ཀ་ཚད་མཐོ་བོའོ་བེད་སྤྱོད་གཏོང་བར་ནུས་པ་ཆེན་པོ་ཐོན་པའི་འགྲོ་བ་མིའི་གཞི་རིམ་གྱི་ཡོན་ཏན་དང་ནུས་པ་ཆེན་པོ་ཞིག་རེད། དེ་ལྟ་བུའི་ངག་ལ་དབྱེ་ན་གདོད་མའི་མི་རྣམས་ཀྱི་ལབ་ལོབ་ཀྱི་སྐད་ཆ་དང་། ཀི་སྐྲ་ཧི་སྒྲ་ནས་བརྩམས་ཏེ་ད་ལྟའི་སྒྱུ་རྩལ་དང་ནང་དོན་གྱིས་བཅུད་འདུས་པའི་བསྟན་བཅོས་རིག་རིག་གནས་མཐའ་དག་དང། ཉན་བཤད་ཀྱི་ཁྱབ་ཁོངས་ཐམས་ཅད་ལ་ཁྱབ་པའི་སྐྱེས་པའི་བྱེད་པ་ལྕེ་རྐན་ལ་བརྟེན་བའི་ངག་གི་རིག་པ་ཐམས་ཀྱི་ངོས་སུ་མིའི་རིགས་ཀྱི་ཐུན་མོང་གི་ཆ་དང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆ་དག་འདུས་ཡོད་པས་འདི་དག་ཐམས་ཅད་མིའི་རིག་གཞུང་དང་མི་རིགས་ཀྱི་རིག་གཞུང་ཅི་ལ་མིན།

    དེ་མིན་བོད་མིའི་བསམ་བློ་དང་འབྲེལ་བའི་རིག་གཞུང་རེད། འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་འགྲོ་བ་མིའི་བསམ་བློ་འགྱུར་ལྡོག་གི་འཕེལ་རིམ་ཞིག་ཏུ་ངེས་ཤིང་། བྱེ་བྲག་བོད་ཀྱི་བསམ་བློ་ཞེས་པ་དེ་ཡང་མི་རིགས་འདིའི་བྱུང་འཕེལ་གྱི་ལོ་རྒྱུས་ཧྲིལ་པོ་དང་འབྲེལ་བ་ཞིག་རེད་སྙམ། དེ་བས་ནས་བོད་མིའི་ལོ་རྒྱུས་ཀྱི་གཞུང་ངོས་ནས་བལྟས་ཏེ་ལོ་རྒྱུས་ཐོག་གི་བསམ་བློའི་གྲུབ་ཆ་མཐའ་དག་དང་། བོད་པའི་སྤྱི་ཚོགས་ཀྱི་འཕྲེད་ངོས་ནས་བལྟས་ཏེ་བོད་མའི་བསམ་བློའི་གྲུབ་ཆ་མཐའ་དག་ལས་གང་ཞིག་བོད་ཀྱི་རིག་གཞུང་དངོས་ཀྱི་བསམ་བློ་ཡིན་པ་དེ་ཡིན་མིན་ནི་རྩོད་གཞི་ཆེ་མོད། གང་ལྟར་ཡུལ་དུས་ལས་འདས་པའི་བསམ་བློ་དང་དང། ཡུལ་དུས་གནས་སྐབས་ལ་གཞིགས་པའི་བསམ་བློ་སོགས་བློ་ཡི་ངོ་བོ་སྣ་ཚོགས་དང་། བློ་ཡི་ལྟ་སྟངས་སྣ་ཚོགས། དེ་དག་གི་རྣམ་གཞག་དང་ཤུལ་རྒྱུན་གསལ་བར་སྟོན་པའི་བསྟན་བཅོས་དང་བརྩམས་ཆོས་མཐའ་དག་བོད་ཀྱི་རིག་གཞུང་ཡིན་ངེས་པ་མ་ཡིན་ནམ།

    གང་ལྟར་མི་རིགས་ཀྱི་ལུས་ངག་ཡིད་གསུམ་ལ་བརྟེན་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱུང་བ་དང་ཁྱད་ཆོས་སྣ་ཚོགས་དང།
    མི་རིགས་ཀྱི་ཟས་གོས་གནས་མལ་སོགས་ལུས་ཀྱི་དགོས་མཁོ་བསྒྲུབ་པའི་ཆ་དག་དང། མི་རིགས་ཀྱི་སྒྱུ་རྩལ་དང་ཆོས་ལུགས་སེམས་ཀྱི་དགོས་མཁོ་སྣ་ཚོགས་སྤྱི་འདུས་ཀྱི་གོང་བུ་དང། མཉམ་བསྲེས་ཀྱི་ཉིང་ཁུ། ཕྱོགས་བསྡུས་ཀྱི་སྟོབས་ཤུགས་མཐའ་དག་བོད་ཀྱི་རིག་གཞུང་མ་རེད་དམ།

    གནས་ཆུལ་འདི་ཤར་མར་བྲིས་པས་ནོར་སྐྱོན་མང་ངེས་ཀྱང་། དྲ་གྲོགས་ཀྱི་ཟིན་བྲིས་་མཐོང་ཆེན་གྱི་ཚུལ་བྲིས་ཀྱང་མཇུག་ལ་ཐོན་དུས་ཉོག་བཤད་མང་འདུག་པས་དགོངས་དག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese