མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ལས་འགུལ་འདི་ལྟར་སྒྲུབ་པར་སྐུལ་རྒྱུ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ངའི་ནང་བོད་ཡིན། ང་ལ་རང་གི་ནང་དུ་ལོག་པའི་རང་དབང་དགོས། ངའི་ནང་མི་བོད་མི་རིགས་ཡིན། བོད་མི་རིགས་ལ་རང་དབང་དགོས། རང་དབང་གི་ཉི་མ་མ་ཤར་བར་དུ་ངས་གོམ་བགྲོད་བྱེད་ཀྱི་ཡིན། རང་གི་ཕ་ཡུལ་བོད་དུ་ཁ་ཕྱོགས་ནས་གོམ་བགྲོད་བྱེད་ཀྱི་ཡིན། ངའི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན། ཁོང་རང་གི་ཕ་སར་བཞུགས་པའི་ཐོབ་ཐང་དང་རང་དབང་དགོས། ཉི་མ་དེ་ཤར་རེག་བར་དུ་ངས་གོམ་བགྲོད་བྱེད་ཀྱི་ཡིན། བོད་དུ་ཁ་ཕྱོགས་ནས་གོམ་བགྲོད་བྱེད་ཀྱི་ཡིན། བོད་པའི་སྙིང་ཡོད་མཁན་དག་ང་ཡི་རྒྱབ་དུ་ལོངས་ཤོག འགྲོ་བ་མིའི་སེམས་ཡོད་མཁན་དག་གིས་ང་དང་ངའི་མི་རིགས་སྐྱོབས་པའི་རྒྱབ་སྐྱོར་བྱེད་རོགས།

 བོད་པ་ཚོ་གཉིད་ལས་སད་པར་གྱིས། རང་ཉིད་རང་གི་མགོན་ཡིན། ང་ཚོ་ལ་རང་གི་ཕ་ཡུལ་གྱི་གཞིས་ལུས་སྤུན་ཟླ་དག་སྐྱོབས་པའི་འབོད་སྒྲ་སྒྲོག་པའི་འགན་འཁྲི་ཡོད། འགན་འཁྲི་དེ་མ་བླངས་ཚེ། བོད་ལ་སྐྱེ་བའི་ལས་འགན་མ་བླངས་པ་ཡིན། བོད་ལ་སྐྱེ་བའི་རྒྱུ་འབྲས་མ་བརྩིས་པ་རེད། ང་ཚོ་བོད་དུ་འགྲོ  རང་གི་ཕ་ཡུལ་དུ་འགྲོ བོད་མི་ཚང་མ་ལ་རང་དབང་ཐོབ་རེག་བར་དུ། རྒྱལ་བ་རིན་པོ་ཆེ་བོད་དུ་སླེབས་རེག་བར་དུ། གོམ་བགྲོད་བྱེད། བོད་མི་གང་ན་སུ་ཡོད་པ་དག་གིས་རང་ཉིད་བོད་མི་ཡིན་པ་ངོ་ཤེས་རེག་བར་དུ། བོད་མི་རིགས་ཀྱི་སྐད་ཡིག་གི་རང་དབང་ཐོབ་རེག་བར་དུ། བོད་གཞིས་ལུས་རྒྱལ་གཅེས་ཆབ་སྲིད་བཙོན་པ་ཡོངས་རྫོགས་རང་ཁྱིམ་དུ་བདེ་བར་ལོག་རེག་བར་དུ། གོམ་བགྲོད་བྱེད། ཤ་ཟད་ནས་རུས་དང་རུས་ཟད་ནས་འཆི་བ་མ་སླེབས་པར་དུ། མི་རིགས་ཀྱི་འཐབ་རྩོད་འདི་ཉིད་བྱེད་པའི་འགན་དབང་མི་རིགས་རང་ཉིད་ལས་གཞན་སུ་ལའང་མེད་པ་སེམས་གཏིང་ནས་བོད་མི་དག་གིས་ཤེས་ནས་ང་ཡི་རྒྱབ་དུ་བླངས་པར་ཡིད་ཆེས་ཡོད་ལ་དེ་ཡི་བར་དུ། རྒྱལ་བ་རིན་པོ་ཆེ་ཚང་ཕོ་བྲང་དམར་པོ་སྟེང་དུ་ཕེབས་ནས་བོད་མི་ས་ཡ་དྲུག་ལ་བཀའ་ཆོས་གསུང་རེག་བར་དུ། གོམ་བགྲོད་བྱེད། གོམ་བགྲོད་བྱེད། དུས་ཚོད་དང་ཉིན་མ་དེར་སླེབས་པ་དང་བསྟུན། ང་རང་གི་མགོ་ཁྲིད་དེ་འགྲོ་རྒྱུ་ཡིན། ད་ལྟའི་བར་དུ་ང་དང་བཅས་པའི་བོད་ཀྱི་སྐྱེ་བོ་མི་ཉུང་བ་ཞིག་གིས་ཁ་ནས་བཤད་པ་རེད། ད་ནི་ལག་ལེན་ལ་འདེབས་པའི་དུས་ལ་སླེབས་ཡོད་ངེས་རེད། གྲུབ་འབྲས་ཡོད་མེད་དང་བོད་མི་རིགས་ཀྱིས་མི་རིགས་ཀྱི་འཐབ་རྩོད་འདི་ལ་རྒྱབ་སྐྱོར་ཡོད་མེད། འཛམ་གླིང་འདིར་གནས་པའི་སྐྱེ་བོ་འགྲོ་བ་མིའི་སྙིང་ཡོད་མཁན་དག་གིས་རོགས་སྐྱོར་སླེབས་མིན། ཉི་མ་དེར། གོམ་བགྲོད་ཀྱི་འགོ་བཙུགས་པ་དང་ཤེས་ངེས་ཡིན། བོད་མི་ཚོ། ང་ཚོ་ལ་རང་གི་ནང་ཡོད། ནང་ལ་བདག་པོ་རྒྱགས་པའི་ཐོབ་ཐང་ང་ཚོ་ལོས་ཡོད། ཡོད་དགོས་པ་ཡིན། དེ་ཡི་ཆེད་དུ་ང་ཚོ་རང་གི་ནང་དུ་ལོག་འགྲོ དུས་ཚོད་དང་ཉི་མ་གཏན་འཁེལ་བ་དང་ཁྱབ་བསྒྲགས་བྱེད་ཀྱི་ཡིན། བོད་མི་སུ་ཞིག་རང་གི་ནང་དུ་ལོག་པར་གོམ་བགྲོད་བྱེད་འདོད་ཡོད་ན་ང་ལ་འབྲེལ་བ་བྱེད་རོགས་ཞུ། ང་ཡི་གློག་འཕྲིན་ཁ་བྱང་འདི་ཡིན། souloflove538@gmail.com

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༡༤ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

མཆན། 8

  1. stalin says:
    ལོ་ 14 སྔོན།

    ཁྱེད་ཀྱི་ལས་དོན་འདིར་སྙིང་ཐག་པ་ནས་དགའ་བསུ་དང་རྒྱབ་སྐྱོར་ཡོད། ད་བོད་ནང་ནས་འདི་ལྟར་མེ་འབར་ཐུབ་ན་བཙན་བྱོལ་ནས་དམིགས་འདི་འཁྱེར་ནས་འགོ་འཛུགས་དགོས། ང་རང་དུས་འདིར་ཧ་སངས་པ་ཞིག་ལ་བོད་ཁ་ལ་འཁྱེར་ཞིང་རྒྱབ་ལ་གོན་ནས་བསྡད་ཡོད་པའི་རྡ་རམ་ས་ལའི་ཚོགས་པ་དེ་ཚོར་ཡ་མཚན་གྱི་འདུག ད་འདི་ཚོས་ལས་འགུལ་ཞིག་མི་སྤེལ་བར་ཁུ་སིམ་མེར་བསྡད་བཞིན་འདིར་ང་དོགས་པ་དང་ཞེན་པ་གཏིང་ནས་ལོག་གི་ཡོད། མ་གཞི་ནས་ལས་འགུལ་འདི་འདྲ་ཚོགས་པ་ཚོས་ད་སྣེ་ཁྲིད་དགོས་རེད་མོ།ཚང་མ་ལྷོད་ལྷོད་རེད། ངོ་མ་ངོ་ཚ་ཡ་རེད། བོད་ནང་ནས་མི་མེ་དང་མེམདའ་འགྲོགས་ནས་བོད་དོན་རྩོད་པའི་རྦ་རླབས་འཕྱུར་བཞིན་ཡོད་དུས། བཙན་བྱོལ་ནས་ཁུ་སིམ་མེར་དང་ད་དུང་ཟ་རྒྱུ་ཞིག་དང་རྐུབ་ཀྱོག་བསྲུངས་ནས་བསྡད་ཡོད་པ་དེ་ལོ་རྒྱུས་ནང་རྒྱུ་འབྲས་འཁོར་ངེས་རེད།

    Reply
  2. sha tak ri sim says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། མི་རིང་བར་ངའི་མིང་ངོ་མ་དང་འཐབ་རྩོད་ཀྱི་དམིགས་ཡུལ་དང་འབོད་ཚིག དུས་ཚོད་བཅས་ངོ་སྤྲོད་བྱེད་ངེས་ཡིན། ང་སྔོན་ལ་ཐོན་ཡོང་། སྤུན་ཟླ་ཚོ་རྗེས་ལ་ཕེབས་པར་རེ་བ་ཡོད།

    Reply
  3. Sharchok pa says:
    ལོ་ 14 སྔོན།

    གྲོགས་པོ་ལགས་ཁྱེད་ཀྱི་སེམས་ཤུགས་ལ་རྒྱབ་སྐྱོར་ཡོད། ཁྱེད་ཀྱི་དངོས་མིང་དང་ས་གནས་འདིར་ཞོག་དང་། ངས་ཁྱབ་བསྒྲགས་བྱ་ངེས་ཡིན།

    Reply
  4. sha tak ri sim says:
    ལོ་ 14 སྔོན།

    ཀུན་དགའ་ལགས། ཉིད་ཀྱང་བོད་མི་ཞིག་ཡིན་དུས་རང་ཉིད་ལ་བོད་མི་རིགས་ཀྱི་བདེ་སྡུག་གསུང་བའི་ཐོབ་ཐང་ལོས་ཡོད། བཤད་པའི་ཐོབ་ཐང་ཡོད་པ་དེ་བཞིན་དུ་ང་ཚོས་རང་ཉིད་ལ་ཡང་སྒྲུབ་པའི་ཐོབ་ཐང་ཡོད་པ་ཤེས་དགོས་ཀྱི་འདུག ལྷག་དོན་དུ་གཅིག་བསྲེག་སོང་། གཉིས་བསྲེག་སོང་ཟེར་ནས་བལྟས་བསྡད་ན་དངོས་ནས་རན་པོ་མི་འདུག ད་ནི་འུ་ཅག་གི་རྐ་ལག་འགུལ་ནས་གཞིས་ལུས་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་རན་རེད་འདུག

    Reply
  5. tiltsangwa says:
    ལོ་ 14 སྔོན།

    ངའི་བསམ་ཚུལ།
    རང་དབང་ལུང་པར་སྡོད་པའི་རང་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་རེ་བའི་ཞིང་ས་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་ཀྱི་ཚོགས་པ་ཁག
    བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བསྟུད་མུར་སྐུ་ལུས་མེར་བསྲེགས་དང་སྐུ་སྲོག་འབེན་དུ་བཙུགས་ནས་རྒྱ་དམར་ལ་ཞི་རྒོལ་འདི་འདྲ་གནང་བཞིན་པའི་སྐབས་འདིར། རང་དབང་ལུང་པར་སྡོད་པའི་གཞུང་མང་གཉིས་ངོས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་བའི་བསྔོ་སྨོན་མཆོད་འབུལ་ཙམ་གྱིས་འགན་འགྲུབ་སོང་པ་དང་ཁྲལ་འཇལ་ཟིན་པའི་བཟོ་དང་ཚོར་སྣང་གིས་བོད་ནང་ན་བལྟས་ནས་བཞུགས་མ་གནང་རོགས། སྐུ་མཁྱེན། ཐུགས་མཁྱེན། མ་མཐའ། ཉུང་མཐར་ཡང་ལོ་གཅིག་ཙམ་རིང་ལ་རང་དབང་ལུང་པ་སོ་སོ་ནས་མུ་མཐུད་དེ་རྒྱུན་མ་ཆད་པའི་སྒོ་ནས་ལས་འགུལ་སྣ་སྣང་སྤེལ་རོགས། ང་ཚོའི་དཀའ་ངལ་གྱི་གནས་སྟངས་འདི་རྒྱ་ནག་མི་མང་གཙོས་འཛམ་གླང་མི་མང་ཚང་མས་ཧ་གོ་ཡ་ཅིག་དང་དོ་སྣང་ཡོད་པ་ཅིག་གནང་རོགས།
    ལས་འགུལ་སྤེལ་སྟངས་ཡང་བོད་པ་ཡོད་སའི་རང་དབང་ལུང་པ་ས་གནས་རྣམས་པང་སྒྲིགས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་དེ་བདུན་ཕྲག་དང་ཉི་མ་ཁག་བགོས་ཀྱིས་ལས་འགུལ་གོ་སྒྲིག་གནང་ན་མི་ཆོག་གམ། ཆབ་སྲིད་པ་དང་བསམ་བློ་བ་ཚོས་བསམ་ཚུལ་རེ་གསུང་དང་།

    Reply
  6. sha tak ri sim says:
    ལོ་ 14 སྔོན།

    ལྷོ་ཕྱོགས་ཉི་ཟླ་ལགས། རྒྱབ་སྐྱོར་ཞུས་པ་བཀའ་དྲིན་ཆེ། ང་ཚོ་ཚང་མ་བོད་ལ་སྐྱེ་བའི་འགན་ཡོད་པ་རེད་ལགས།

    མིག་ལགས། ལས་དབང་ལ་སྐྱབས་འཇུག་ཞུས་ནས་བསྡད་ན་འགྲིག་གི་ཡོད་ན། རྒྱལ་བ་རིན་པོ་མཆོག་གི་གཙོ་བའི་བོད་མི་འབུམ་ཁ་ཤས་ཤིག་ལ་སྐྱབས་བཅོལ་ལ་བསྡོད་དགོས་དོན་ཡོད་པ་མ་རེད་ཟེར་ནས་ཞུས་ན་འགྲིག་གི་ཡ། ལས་དབང་སྒྲུབ་དགོས་དང་བསགས་དགོས་པ་ལས་སྨོན་ལམ་བཏབ་ནས་བསྡད་བཞག་ན་འགྲུབ་འགྲོ་བ་ཞིག་ག་ལ་ཡིན།

    Reply
  7. lobsangg says:
    ལོ་ 14 སྔོན།

    མི་ཞིག་ཡིན་ཕྱིན་ཆད་རང་གི་ཁྱིམ་ན་ལོག་མི་འདོད་པ་སུ་ཞིག་ཡོད། དེ་ལ་དོགས་པ་མི་དགོས། གཙོ་བོ་ལོག་སྟངས་རེད། དེའང་ཐབས་གང་གིས་ལོག་ཐུབ་མིན་ལྟ་རྒྱུ་དེ་རེད།།
    ཁ་སང་ང་དང་རྒན་རབས་པ་ཞིག་གི་ལྟ་ཚུལ་གླེང་དུས་ཁོས་དིང་སང་གི་རྔམ་སྟོན་བྱེད་སྟངས་དེ་གོང་ས་མཆོག་གི་དགོངས་གཞི་དང་འགལ་བ་མ་ཚད་དེས་རང་ཉིད་མེད་པ་གཏོང་བ་ལས་ཅི་ཡང་ཕན་གྱིན་མ་རེད་ཟེར། ངས་འོ་ན་ང་ཚོས་ཡོད་ཚད་བརླགས་ཟིན་རྗེས་སུ་གང་ལ་སྒུག་དགོས་པ་རེད། གོ་སྐབས་ཀྱིས་ང་ཚོ་བཞག་ནས་བུད་སོང་རྗེས་ད་དུང་ང་ཚོས་གོ་སྐབས་སྒུག་དགོས་པ་རེད་དམ་སྨྲས་དུས་དེ་ནི་ལས་དབང་ལ་སྒུག་རྒྱ་རེདཟེར། ངོ་མ་ལས་དབང་ལ་སྒུག་ནས་བདེན་པའི་གཏིང་མངོན་སྲིད་དམ

    Reply
  8. chok zyl says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་པ་ཞིག་རེད། བོད་གཞུང་གིས་ལས་འགན་གང་འདྲ་ཞིག་སྤེལ་དགོས་མ་ཤེས་པར་ཚོགས་འདུ་ར་ཚོགས་བཞིན་འདུག ངོ་མ་སྐྱོ་ཀི་ཡ། མི་རེ་ངོས་རེ་ནས་ལས་འགན་རེ་མགོ་བརྩམ་ན་རྩོམ་རན་རེད། བགའ་བསུ་ཡོད། རྒྱབ་སྐྱོར་ཡོད། སེམས་ཤུགས་མ་ཆགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese