དེང་སང་བོད་ཀྱི་གཞིས་ཡུལ་གཉིས་པ་ན།།
གཞིས་ཡུལ་གསུམ་པ་ཞིག་ལ་སྨོན་མཁན་གྱི།།
སྐྱ་སེར་དཔྱེར་མེད་རྡ་སའི་ནགས་ཀློང་དུ།།
རང་སྐད་བཞག་ནས་གཞན་སྐད་ཁོ་ནར་འཐམ།།
བྱིས་པའི་ངག་ན་ཨེས་ལོ་སྒྲོ་ལོར་འདོན།།
གཞོན་པའི་ངག་ན་ཕྱི་ཡུལ་ཕོ་མོ་བརྩོད།།
རྒན་པོའི་ངག་ན་སྤྱིན་བདག་བུ་རྒྱུད་གླེང་།།
བར་ན་དོ་ན་མི་རིགས་རང་གཤིས་བརྗེད།།
རྒས་དང་འཆི་བའི་རྨི་ལམ་སྔ་ནས་བོར།།
ལས་དང་རྒྱུ་འབྲས་བག་ཆགས་གཏིང་ནས་བཤིག།
ཆུང་དང་ཆེ་བའི་བརྩི་བཀུར་རྩྭ་བཞིན་སྤུར།།
བོད་ཀྱི་མི་གཤིས་བཟང་བོ་ཁ་འདོན་ཙམ།།
བོད་ཀྱི་སྐད་ཡིག་གླེང་བའི་ཚོགས་པ་མང་།།
ཕྱི་བསྐྱོད་ལམ་ཁ་འཚོལ་བའི་འཐེམ་སྐས་རེ།།
རེག་པའི་རྗེས་སུ་རང་གི་བླ་རྐང་ཡང་།།
འཚོ་བ་སྐྱུར་མོ་ཞིག་གི་མགྲོན་དུ་བརྫངས།།
སུམ་མདོ་ཡོད་ཚད་རྒྱ་བོད་དབྱིན་གསུམ་འདུ།།
ཕྱི་རྒྱལ་མི་རེ་རྗེས་སུ་རྒྱ་བོད་ཀྱི།།
ཕོ་གསར་མོ་གསར་རེ་ཡི་སེམས་པ་རེ།།
དངུལ་དང་འཚོ་བའི་ཆེད་དུ་འདུར་བཞིན་ཡོད།།
ཕར་ལ་འདུར་ན་ལུགས་དང་འགལ་ཡོད་མེད།།
ཚད་མའི་རིག་ལམ་དཔྱད་པ་མ་བྱས་ཀྱང་།།
ལས་ངན་མི་རིགས་ཤིག་གི་འཆི་གསོན་ཁྲོད།།
བསམ་བློ་ཞིབ་དུ་ཐོངས་ལ་རང་ལ་ལྟོས།།
ང་རང་འགྲིམ་པའི་ལམ་ཁ་དོག་ན་ཡང་།།
ང་ཡི་མཐོང་བའི་ལམ་ཕྲན་ཀྱོག་ས་ནས།།
ང་དང་འདྲ་བའི་རིགས་གཅིག་སྤུན་ཟླ་ཚོར།།
ང་ཡི་སྡེ་ལ་སེམས་ཀྱི་གླུ་འདི་ཤོར།།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
འཇམ་གྲགས་ལགས། ཉིད་ཀྱིས་སྐད་ཆ་དེར་བདེན་པ་འདུག ངས་ཀྱང་རང་གི་ནག་ཉེས་ནམ་ཡང་ནག་ཉེས་རུ་དྲངས་དེ་ཡོད།
འཁྱམས་པོ་ལགས། ཉིད་ནས་ང་རང་ལ་དེ་ལྟར་འཚམ་འདྲི་དང་སེམས་ཁྲལ་གནང་བ་དེར་སེམས་གཏིང་ནས་དགའ་བོ་བྱུང་། དེང་སང་ང་རང་ལས་བྲེལ་གྱི་དབང་གིས་འདི་ནས་ཁྱེད་བཟའ་མི་བཀང་བོར་འཚམ་འདྲི་ཞིག་ཀྱང་བྱེད་མ་ཐུབ་པ་དེར་དགོངས་དག་ཞུ། མི་རིང་བར་འུ་ཅག་འཕྲད་སྲིད་པ་རེད། དེ་དུས་སྐད་ཆ་ལྷོད་ལྷོད་ཞུ་ཆོག ངས་ཁ་པར་ཨང་གྲངས་འདི་ཡིན། ཁྱེད་རང་ཅུང་ཙམ་ནད་བཞིན་འདུག་ཟེར་བ་དེ་ད་ལྟ་ཡག་པོ་དྲགས་བསྐྱེད་བྱུང་སོང་ངམ། ༩༨༠༥༧༨༦༧༥༣
ཨོ་་་་ང་འདི་ད་་་་་་ དགོངས་དག་འཚམས་འདྲི་བྱེད་འདུག་་་་བདེ་འཚམས་ངང་རྡ་སར་འབྱོར་པ་དེ་དངོས་གནས་དགའ་སོང་་་་་་
ཨ་རོག་བདེ་མོ་ཡིན་ནམ། ད་སྐབས་དྲ་ཐོག་ན་དེ་འདྲ་མཐོང་རྒྱུ་མེད་པ་ཅི་རེད། དོན་དག་འདྲ་བྱུང་སོང་པ་མིན་ནམ།
ང་ལ་ཁྱོད་ཀྱི་ལག་ཐོག་ཨང་གྲངས་དེ་ཡང་སྐྱར་ཅིག་སྤྲད་ན་འགྲིག་གམ།
ཡག་པོ་འདུག་ད་མྱོང་བྱང་མང་པོ་ཞིག་བྲིས་འདུག་ད་དུང་ཡང་འགྲུལ་བཞུད་དེ་ལས་མང་ཙམ་ཞིག་བྱས་ན་མ་རེད་དམ། བརྗོད་བྱ་ཡང་མང་ཙམ་ཞིག་རག་གི་རེད་པ།
སྔོན་མ་ཀླུ་སྨྱོན་ལགས་ཀྱི་རྩོམས་ཡིག་བྲིས་ཚད་ནང་ཕྱི་རྒྱལ་དང་། སྒྲོ་ལོར། སྤྲུལ་སྐུ་ལ་ཟུར་ཟ་ཀྱང་རེད། ཡིན་ནའང་ཁོང་རང་ཕྱི་ལ་སླེབས། སྤྲུལ་སྐུ་ཆགས། སྒྲོ་ལོར་ཐོབ་ཚར་དུས་འཇམ་ཐིང་ངེར་རེད། ད་ཆ་ཤ་ཁྲག་ལགས་ཁོ་རང་ཕྱི་ལ་སྡོད། གཞན་ཕྱི་རྒྱལ་ལ་འགྲོ་འདོད་བྱེད་ཀྱི་འདུག་ཟེར་ཟུར་ཟ་ཡི་འདུག་པར་འཚམ་པོ་རང་མཐོང་མ་སོང་། གཞན་ལ་ལྟ་བའི་མིག་ཡོད་པ་ནང་བཞིན། རང་ལ་ལྟ་བའི་མེ་ལོང་ཞིག་དགོས་ཡི་འདུག
བཀླགས་ཟིན་པ་ཡིན་ནོ།
སྤུན་ཟླ་ཁྱེད་ཅག་ཉིན་འདི་ཚོར་ང་རང་ལས་བྲེལ་གྱིས་དབང་གིས་སླེབས་མ་ཐུབ་པའི་སྐབས་སུ་ངེད་ཚང་གི་ནང་དུ་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དངོས་ནས་དགའ་བསུ་དང་ཡི་རུང་ཡོད། རྗེས་ཕྱོགས་ཀྱང་མ་བརྗེད་ཅིག ང་ཚོས་རང་རང་གི་མཁའ་དབུགས་ཡག་བཙོག་གཉིས་ཀྱི་གང་ཡང་གླེང་དགོས་ཀྱི་ཡོད་པ་རེད་ལགས། དེ་དུས་སུས་ཀྱང་བཟང་ངན་ཡག་ཉེས་ཅི་ཞིག་གསུང་འདོད་ཡོད་ན་དེ་ལྟར་དུ་གསུང་རོགས་ཞུ།
བཀླགས་ཟིན
ཟིན་བྲིས་མཁན་པོ་རྡ་སར་ཕེབས་པར་དགའ་བསུ་ཞུ།
སེམས་པ་དེ་དྷ་ས་ནས་ཐོར་སོང་བའི་རྗེས་ལ་ཉིན་བརྒྱད་ལ་དྲ་ཏོག་ཏུ་མ་ཡོང་ཐལ། ད་ཏེངས་ད་ཐོར་སོང་བ་དེ་ཕྱིར་བསྒྲིག་མ་ཐུག་ཟིག་པ། ཧ་ཧ་ཧ།
ཨ་རོད། དེང་སང་གང་ཞིག་ན་བོད་མི་རིགས་ཀྱི་བདེ་སྡུག་དང་ལས་དབང་གླེང་ཁུལ་བྱས་བསྡད་ཡོད།
རྣམ་དཔྱོད་མཆོག་ཏུ་ཡངས་པའི་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་
ཞུ་གསོལ་སྙིང་པོ།
དེ་ཡང་སྤྱིར་ན་མི་རེ་ལ་བྱ་བ་རེ་དང་། བྱ་བ་རེ་ལ་བྱས་རྗེས་ཡོད་པ་སྨོས་མེད་རེད་། དོན་ཆེན་གྱི་བྱ་བ་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་ནི་ཧ་ཅང་གི་ཉུང་ཉུང་ལས་མེད་པ་བརྟེན་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་རང་རང་གི་རླབས་ཆེན་གྱི་མཛད་རྗེས་ཅན་ཚོར་གསོན་པོ་ལ་གསོལ་འདེབས་དང་། འདས་པོ་ལ་རྗེས་དྲན་བྱེད་སྲོལ་ཡོད་པ་བཞིན་ང་ཚོ་བོད་མི་རིགས་ལ་གོད་ཆག་ཆེ་ཤོས་ཀྱི་དུས་རབས་ཉི་ཤུ་པའི་དཀྱིལ་དུ་རྟ་ཤི་སྒ་ཆག་བྱུང་སྐབས། བོད་ས་ཡོངས་རྫོགས་ནས་དཔས་བོ་མང་པོ་ལྷན་དུ་བསྡུས་ཤིང་། འགོ་རང་ཉིད་བརྩོམས་ཏེ་ཨ་ཕྱི་ཨ་མྱེ་ཡིས་གནའ་རབས་ནས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཙམ་མ་ཟད། གཅེས་པའི་ལུས་དང་སྲོག་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་བའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་ནི་རང་རིགས་བོད་མི་ཚོས་རྗེས་དྲན་ཞུ་དགོས་པ་དང་། ཞུ་འོས་པ་ཞིག་ཀྱང་ཡིན’ཁོང་གི་བླ་ན་མེད་པའི་མཛད་རྗེས་ང་ལྟ་བུ་ཞིག་གིས་བཤད་ན་། བསྟོད་མི་ཤེས་བསྟོད་པ་ལས་། སྨད་མཁས་པས་སྨད་ན་དགའ་། ཟེར་བའི་དཔེར་ལྟར་ཆགས་རྒྱུ་ལས་ཁོང་གི་མཛད་རྗེས་ནི་འོན་པས་ཉོན་ཀྱང་གོ་རྒྱུ་ཡོད་པ་དང་། ལོང་བས་བལྟས་ཀྱང་མཐོང་རྒྱུ་ཡོད་པ་ཞིག་ཡིན་པ་བརྟེན་ཁོ་བོས་གསལ་བཤད་བྱེད་དགོས་པ་མ་མཆིས་ལགས། དེ་བརྟེན་ང་ཚོས་སྐུ་གཤེགས་དཔའ་བོའི་དྲན་གསོལ་དང་། དམ་པ་ཁོང་གི་རྗེས་དྲན་དེབ་ཞིག་པར་བསྐྲུན་བྱེད་འཆར་ལགས་ན་རྩོམ་པ་པོ་ཚོས་ཟབ་གསལགདམས་ངག་གི་ལམ་སྟོན་དང་། རྩོམ་ཡིག་གི་ཞལ་འདེབས་རེ་གནང་རོགས་ཞུ་རྒྱུ་དང་། རྩོམ་ཡིག་ལ་བཅད་ལྷུག་སྤེལ་གསུམ་དང་། མང་ཉུང་གི་ཚད་བཀག་མེད་ཀྱང་། འདི་ལོའི་ཟླ་བ་ ༼ ༡༢ ༽ པའི་ ༼ ༣༠ ༽ ནང་ཚུད་དུ་འདི་གར་རྩོམ་སྒྲིག་ཁང་དུ་ངེས་འབྱོར་ཡོང་བའི་འབོད་སྐུ་དུ་།རྗེས་དྲན་རྩོམ་སྒྲིག་ཁང་ནས།།
འབྲེལ་གཏུགས་ཁ་བྱང་།། གློག་འཕྲིན་། ཁ་པར་།
thubtenp helgyal akapenpa@yahoo.com 9036427259
pomrakhangtseen adubjesdan@yahoo.in 8904249331
der loling monastery
tibetan colony
mundgod 581411
karnataka INDIA
སེམས་ངལ་རི་ལ་བཅོལ་བའི་ཤ་ཁྲག་པས།།
བདེ་དོན་གླུ་སྒྲ་ཤུགས་ཀྱིས་བླངས་པ་ནས།།
འབྲེལ་མེད་སྙིང་གི་སྐད་ཆའི་དུམ་བུ་ཞིག།
འགོག་མེད་སྙིང་རྩའི་བར་ནས་ལྷོད་ཀྱིས་ཤོར།།
རྒན་པོས་མ་ཎི་འདོན་པ་རང་དོན་ཡིན།།
བཙུན་པས་བསླབ་པ་སྲུང་བ་རང་དོན་ཡིན།།
བླ་མས་གསུང་ཆོས་གནང་བ་རང་དོན་ཡིན།།
བོད་ཀྱིས་རང་དབང་རྩོད་པ་རང་དོན་ཡིན།།
བོད་མིས་ཕྱི་རྒྱལ་བསམ་པ་རང་དོན་ཡིན།།
བུ་ཡིས་བུ་མོ་འཛག་པ་རང་དོན་ཡིན།།
བུ་མོས་བུ་མཇེ་འདོད་པ་རང་དོན་ཡིན།།
ང་ཡིས་བོད་སྐད་བཤད་པའང་རང་དོན་ཡིན།།
མདོར་ན་བདག་གཞན་མཉམ་བརྗེའང་རང་དོན་ཡིན།།
སེམས་ཀྱི་འཁྱེར་སོ་ནམ་ཡང་མི་འདྲ་ཡང་།།
རིགས་ཀྱི་ཕྱོགས་ཞེན་ན་ཟུག་གཅིག་པ་ཡིས།།
ཕྱོགས་ཁམས་འགྲིམ་པའི་རིགས་མཐུན་སྤུན་ཟླ་ཚོ།།
འདི་རུ་ཕེབས་པ་སེམས་ནས་དགའ་བཞིན་ཡོད།།
དུས་ཀྱི་ལྷག་རླུང་རྒོད་པོས་བར་གསེང་དུ།།
འདས་འགྱུར་མི་རིགས་ཤིག་གི་ཉམས་རྟོགས་ལ།།
ཚོར་བ་ཧ་ཅང་སྙི་བའི་འུ་ཅག་གིས།།
རིགས་ཀྱི་འཆི་གསོན་གླེང་བར་ཅིས་མི་སྤྲོ།།
ཨ་ཇོ་ཁྱོད་ཀྱིས་ཕྱི་གླིང་རྒྱལ་ཁམས་ཉུལ།།
ཨ་སྒོར་རུམ་གང་འཚོ་བའི་དོད་དུ་ལོན།།
དེས་ཕྱིར་ཚུལ་དེར་འཕྱའ་ན་མི་སྨྲ་ཡང་།།
སྡ་སའི་ཁྲོམ་ཀྱི་བོད་མི་ཕལ་མོ་ཆེ།།
རང་གར་སྡད་ན་འཚོ་བའི་རང་མགོ་ཤོར།།
དེ་བས་ལས་འདིར་མི་དྲིལ་གང་ལ་དྲིལ།།
ལྷ་འདྲེ་གཉིས་ཀ་རེ་འགར་འགྲོགས་པ་ལྟོ་བའི་དོན།།
ཁྱི་སྤྱང་གཉིས་ཀ་མཚམས་རེར་མཐུན་པ་ལྟོ་བའི་དོན།།
རི་སྤྱང་སྔོན་མོས་ལ་བཞི་འགྲིམས་པ་ལྟོ་བའི་དོན།།
གྲ་ཡག་ཝ་མོས་ལུང་བཞི་སྐོར་བ་ལྟོ་བའི་དོན།།
དྲ་གྲོགས་བཟང་བོ་ལགས་བདེ་མོ་ཡིན་ནམ།
གྲོག་མ་མིག་མེད་བདེ་བའི་ཕྱོགས་སུ་རྒྱུག
བོད་མི་མགོ་ནག་དངུལ་གྱི་རྗེས་སུ་རྒྱུག
མདོ་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།
གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག
བོད་ཀྱི་སྤྱི་དོན་སྒྲུབ་ཀྱང་རང་དོན་ཡིན།
རང་གི་སློབ་སྦྱོང་བྱས་ཀྱང་རང་དོན་ཡིན།
མདོ་ན་ཚེ་འདིའི་བྱ་བ་གང་སྒྲུབ་པར།
རང་གི་བདེ་བ་ཐོབ་པས་ཆེད་དུ་སྣང།
ཤ་ཁྲག་རུས་གསུམ་ཁྱོད་རྒྱ་གར་ལ་སླེབས་འདུག གུང་སེང་སྤྲོ་བོ་དང་སྐུ་ཁམས་བདེ་ཐང་ཡིན་པའི་རེ་བ་ཡོད། དུས་ཚོད་ཡོད་དུས་ཡོད་དུས་སུ་ཟིན་བྲིས་རེ་སྤེལ་ཤོག
ཤ་དང་རུས་པ་ས་ལ་མ་ཐིམ་བར།།
ཁྲག་དང་རྐང་གི་མཆོད་ལོ་མི་ཆད་པའི།།
གཞི་བདག་ཁྱོད་ནི་དོན་ཀྱི་གཞི་བདག་སྟེ།།
མངར་གསུམ་ཟས་ཀྱི་མཆོད་པ་ཁྱོད་ལ་མཆོད།།