དོན་དངོས་སུ་ངས་ཚེ་རིང་སྐྱིད་ཟེར་བའི་བུད་མེད་འདིས་མིང་ཡག་པོ་ཞིག་མ་ཤེས་གོང་དུ། ཁོ་མོ་མཐོང་མྱོང་ཡོད། ཁོ་མོ་མཐོང་དུས་ཀྱི་རྣམ་པ་དེ་ནི་ཡིད་དུ་འོང་བ་ཞིག་དང་འགྲོག་ནས་མཐོང་སྟངས་དེ་ཡང་ཁྱད་མཚར་ཞིག་ཡིན། ང་དང་གྲོགས་པོ་ཞིག་ང་རང་གི་ལས་ཀ་བྱེད་སའི་ཟ་ཁང་ནང་གི་ཤེལ་སྒོ་ནག་པོ་བརྒྱབ་ཡོད་པ་དེ་ཡི་གམ་དུ་བསྡད་ཡོད།
ངས་གྲོགས་པོ་དེར། བུད་མེད་དེར་བལྟས་དང་། ཕར་བལྟས་ཚོད་ཀྱི་བབ་ཆགས་ཞི་དུལ་ལྡན་པ་དང་གསར་དུ་བོད་ནས་འབྱོར་བ་ཞིག་ཡིན་པ་འདྲ། ད་དུང་། སྐྱེ་གཟུགས་དང་ཁམས་འབྲས་ཀྱང་དངོས་ནས་ཡག་པོ་འདུག་ཟེར་ནས་བཤད་དུས། གྲོགས་པོས་ཀྱང་སྐད་ཆ་དེ་ཡི་རྗེས་སུ་འབྲངས། ངེད་གཉིས་ཀྱིས་ཤེལ་སྒོའི་རྒྱབ་ལོག་ནས་ཁོ་མོར་བལྟས། ཡིན་ཡང་། ཁོ་མོས་ངེད་གཉིས་གཏན་ནས་མི་མཐོང་།
ལོ་ངོ་གཉིས་དང་གསུམ་འགྲོ་སོང་། ངས་ཚེ་རིང་སྐྱིད་ཀྱི་མིང་ཡང་གསལ་བོ་ཞིག་ཐོས་མ་མྱོང་། སྐབས་དེ་འདྲ་ཞིག་ལ་སུ་ཇ་སྤིར་སློབ་གྲྭ་རུ་ཆུ་མིག་ཟེར་བའི་བུད་མེད་གཞོན་ནུ་མ་ཞིག་གི་མིང་དེ་དང་འགྲོག་པའི་ཚེ་རིང་སྐྱིད་ཟེར་བ་ཞིག་གོ་ཐོས་བྱུང་། དེ་དུས་སུ་ང་དང་གྲོགས་པོས་མཐོང་མྱོང་བའི་བུད་མེད་དེ་ཡིན་པ་ཤེས་ཀྱི་མེད། ཤེས་ཀྱང་དགེ་མཚན་གང་ཡོད།
ཚེ་རིང་སྐྱིད། ཚེ་རིང་སྐྱིད། དེ་ཤེས་ཀྱི་མེད་དམ། སྔོན་ཆད་ཅིག་ཅིག་གི་སློབ་གྲོགས་རེད། སྔོན་ཆད་ཅིག་ཅིག་གི་དགའ་རོགས་རེད། སྔོན་ཆད་ཅིག་ཅིག་གི་ངོ་ཤེས་རེད། ད་དངོས་ནས་བུད་མེད་དེར་རྒྱུ་མཚན་ཞིག་ཡོད་པ་མ་རེད། དངོས་ནས་རེད། ཁོ་མོས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་བཞིན་འདུག བདེན་པ་རེད། གོ་སོང་། ཁོ་མོས་རྩོམ་དེབ་ཅིག་མི་རིང་བར་འཕུད་གྲབས་འདུག ཡག་པོ་རེད།
མྱི་ཁ་ནི་རླུང་དམར་དང་འགྲོག་ནས་འཚུབ་དེ་འོང་གི་འདུག ངས་ཁོ་མོ་དེ་ལྟར་ཤེས། དེ་དུས་གཞི་ནས་ངས་ཁོ་མོ་ལོ་ངོ་ཁ་ཤས་ཀྱི་སྔོན་དེར་མཐོང་བའི་བུད་མེད་ཞི་དུལ་བག་ཡོད་ཅན་དེ་ཡིན་པ་ཤེས་སོང་། དེ་ལྟར་ངས་ཁོ་མོ་ལ་མྱུལ་མ་བྱེད་འགོ་བཙུགས་སོང་། དེ་ནི་ང་རང་གི་རྣམ་ཤེས་ཁོ་མོའི་ཕྱོགས་སུ་འགྲུལ་བཞུད་བྱེད་སྟངས་རེད། དེ་ནས་བཟུང་། ངས་ཚེ་རིང་སྐྱིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཉན། བུད་མེད་གཞན་དག་ལས་ང་རང་ཁོ་མོའི་སྐོར་ལ་ཉན་འདོད་ཡོད་མཁན་ཞིག་དུ་གྱུར། རྒྱུ་མཚན་གསལ་བོ་ཞིག་ངས་ཀྱང་རྩར་གཅོད་མ་བྱས། རྒྱུ་མཚན་ནི་རང་ཉིད་དགའ་སའི་བུད་མེད་དེ་ནི་མ་རེད། དེ་མིན་པ་ནི་རང་གི་གསལ་བོ་དགས་པོ་ཤེས་ཡོད།
ཚེ་རིང་སྐྱིད་ཀྱི་རྩོམ་བཏུས་སླེབས་སོང་། རྡོར་གདན་གྱི་མཆོད་རྟེན་འགྲམ་དུ་བཙོང་གི་འདུག ཉོ་མཁན་མི་ཉུང་བ་ཞིག་འདུག་ལ། མི་ཉུང་བ་ཞིག་ཉོ་མཁན་གྲྭ་བ་རེད་འདུག་ལ། ཁ་ཤས་ཀྱི་འདྲ་དཔར་ཁོ་ནར་བལྟས་དེ་ཡང་ཉོ་བཞིན་འདུག དེ་དུས་ངས་ལག་པར་ཚེ་རིང་སྐྱིད་ཁོ་མོ་རང་ཉིད་ཀྱི་བྲིས་པའི་བརྩམས་དེབ་ཐོག་མ་དེར་འབྱོར་སོང་། ངས་ཀྱང་ཁོ་མོའི་སེམས་ཁམས་དེ་ནས་ཀློག་པ་ཡིན། དེ་དུས་ང་རང་ཁོ་མོ་དང་ཅུང་ཙམ་ཉེ་རུ་སོང་། ཡིན་ཡང་། ཁོ་མོ་དངོས་སུ་གཏན་ནས་འབྲེལ་བ་མེད་ཟེར་ན་འགྲིག ཀློག་པ་པོ་ཞིག་ལས། རྗེས་སུ་ཡང་ངེད་གཉིས་ལ་ཐད་ཀར་གྱི་ངོ་ཤེས་དེ་འདྲ་གཏན་ནས་ཆགས་མ་མྱོང་།
ངས་བསམ་བློའི་ནང་དུ་ཚེ་རིང་སྐྱིད་འདི་དངོས་ནས་བོད་ཀྱི་བུད་མེད་ཁྲོད་ཀྱི་ཡར་ཐོན་ཅན་གྱི་དུས་རབས་གསར་བའི་བོད་ཀྱི་བུད་མེད་ཅིག་རེད་ཨང་སྙམ་པ་ལས་བསམ་བློ་ཞེ་དྲགས་རྒྱང་རིང་དུ་བཏང་མེད། ཕྱིས་སུ་ཁོ་མོ་ངེད་ཀྱི་གྲོགས་པོ་དེ་དང་ཐག་ཉེ་ཆགས་སོང་ན་ཡང་། ང་དང་ལྷན་དུ་དངོས་སུ་ཐག་ཉེ་ཆགས་མ་སོང་། རྒྱུ་མཚན་ནི་གང་ཡིན་ངས་ཀྱང་འབད་བརྩོན་མ་བྱས། གང་ལྟར། ངས་ད་དུང་ཚེ་རིང་སྐྱིད་ལ་གསང་མྱུལ་ལྟ་བུའི་ཚོར་བ་དེ་ལྷག་མི་འདུག ཡིན་ཡང་། ད་དུང་གསལ་བོ་རེད་འདུག ང་རང་ཁོ་མོ་ལ་གཏན་ནས་དགའ་བ་རེད་མི་འདུག
ཚེ་རིང་སྐྱིད་ཐོབ་འདུག ག་རེ་ཐོབ་འདུག འགྲན་རྩོད་མེད་སྟབས། ཁོ་མོ་བོད་ཀྱི་མཛངས་མ་ཐོབ་འདུག་ཟེར། དེ་དུས་ཁོ་མོ་ཡང་རེ་ཞིག་རིང་སྔོན་ཆད་ཀྱི་བུད་མེད་དེ་དང་གཏན་ནས་མི་འདྲ་བ་ཞིག་དུ་གྱུར་སོང་། ངས་མཐོང་ལམ་ནས་འགྱུར་སོང་། ཁོ་མོའི་སྐྱེ་གཟུགས་འགྱུར་མོ་སོང་། ཡིན་ཡང་། ཁོ་མོ་འགྱུར་སོང་། ངས་ལྟ་ཕྱོགས་ནས་འགྱུར་སོང་། ང་རང་ཡང་ཁོ་མོ་ལ་ཡིད་ཐང་ཆད་སོང་། ངས་གསང་མྱུལ་བྱེད་ཀྱིན་པའི་ཚོར་བ་དེ་ཡང་རེ་ཞིག་གྲགས་འགུལ་མི་འདུག ལྷག་དུ་ཁོ་མོ་ལ་ཞེ་དྲགས་ལྟ་འདོད་ཀྱང་མེད་པར་གྱུར་སོང་། གཅིག་བྱས་ན། ཁོ་མོ་ནི་གཏན་ནས་འགྱུར་མེད་ཀྱང་སྲིད་པ་རེད། འོན་ཀྱང་། ངས་མཐོང་ལམ་གྱི་ཚེ་རིང་སྐྱིད་དེ་འགྱུར་སོང་།
སྐབས་དེར་ཚེ་རིང་སྐྱིད་ལ་དགའ་རོགས་མང་གི་ཟེར། དགའ་མཁན་མང་གི་ཟེར། དགའ་རོགས་བྱེད་འདོད་མཁན་མང་གི་ཟེར། སྲང་ལམ་གྱི་སྐད་ཆ་ནི་སུ་ལ་ཡང་འདྲི་མ་དགོས་པར་ངས་གསང་མྱུལ་བྱེད་འདོད་མེད་པའི་ཚོར་བ་དེ་ཡི་གམ་དུ་ཡང་ཡང་བསྐྱལ་ནས་འོང་གི་འདུག ངས་ག་ལེར་བཞག་པ་ཡིན། ཉན་འདོད་ཀྱང་ཞེ་དྲགས་མ་བྱུང་། སྐབས་དེ་འདྲ་ཞིག་ལ་ཁོ་མོས་བརྩམས་དེབ་གཉིས་པ་ཟླ་བའི་ཚོམས་ཟེར་བ་ཞིག་སླེབས་སོང་། གཞི་ནས་ང་རང་གི་ཚོར་བའི་གསང་མྱུལ་བྱེད་སྟངས་གསར་བ་ཞིག་འགོ་འབུས། གང་ལྟར། ཁོ་མོ་དེ་ནས་བཟུང་གཞན་ཡུལ་ཞིག་དུ་སོང་བར་ཐོས་སོང་།
ངས་གང་ལྟར་རྣ་བ་ཁོ་མོའི་ཕྱོགས་སུ་གཏད་པ་ཡིན། ཉིན་ཞིག་བོད་ནང་གི་དྲ་རྒྱ་མཆོད་མེ་ཟེར་བ་དེ་ལས་ཁོ་མོ་མཐོང་སོང་། ཁོ་མོའི་སྐྱེ་གཟུགས་མཐོང་སོང་། ཁོ་མོའི་རྩོམ་ཡིག་མཐོང་སོང་། སླར་ཡང་། ངས་ཚོར་བས་གསར་མྱུལ་གྱི་ལམ་ཕྲན་དུ་ཁོ་མོ་བསུས་སོང་། དེ་ནས་བཟུང་དེ། ཁོ་མོ་ནི་བོད་ཀྱི་དྲ་རྒྱ་བོད་ཕྱི་ནང་གཉིས་ཀྱི་གང་སར་མཐོང་རྒྱུ་འདུག སྐབས་དེ་འདྲ་ཞིག་ལ་ཁོ་མོ་སླར་ཡང་རྡ་སར་སླེབས་སོང་། རྡ་ས་ནས་ལས་ཀ་བྱེད་འགོ་བཙུགས་སོང་། བོད་ཀྱི་དུས་བབ། བོད་ཀྱི་བུད་མེད་ལྷན་ཚོགས། དེ་དང་འགྲོག་ནས་ངས་ཚེ་རིང་སྐྱིད་ཀྱི་འདས་པ་ལ་བསམ་གཞིགས་བྱེད་འགོ་བཙུགས་པ་ཡིན། ཁོ་མོའི་མི་ཚེ་ཡི་ལམ་བར་དུ་རང་གི་དྲིན་ཆེན་ཨ་མ་བོར་སོང་། བརྩེ་བ་ཆེས་ཟབ་མོ་ཡོད་པར་གླེང་བའི་ཁོ་མོའི་དགའ་རོགས་ཤིག་འབོར་སོང་། ད་དུང་། མ་ཤེས་པའི་གཞན་དག་མང་བོ་ཞིག་ཡོད་ཀྱང་སྲིད། རེད་དེ། ཁོ་མོ་ད་དུང་བསྐྱོད་ཀྱིན་འདུག ང་དངོས་ནས་སེམས་འགུལ་ཐེབས་དུ་བཅུགས་སོང་། ཁོ་མོས་ད་དུང་བོད་ཡིག་དང་བོད་སྐད་སྐྱུར་མ་སོང་། ཁོ་མོས་ད་དུང་རང་གི་མི་རིགས་དང་བུད་མེད་ཀྱི་ཐོབ་ཐབ་གཡུགས་མ་སོང་།
སླར་ཡང་མྱི་ཁ་ཇེ་མང་རེད། ཚེ་རིང་སྐྱིད་ཅིག་ཅིག་གི་དགའ་རོགས་རེད་ཟེར། ཚེ་རིང་སྐྱིད་ཅིག་ཅིག་མུག་མུག་གི་གཡུགས་པ་རེད་ཟེར། ཚེ་རིང་སྐྱིད་ཅིག་ཅིག་ཉུག་ཉུག་དང་འགྲོགས་ནས་ཕྱི་རྒྱལ་དུ་སོང་ནས་ཕྱིར་རང་ཁ་མ་གསོས་པར་ཡོང་བ་རེད་ཟེར། ཚེ་རིང་སྐྱིད་ནི་མོ་སྒོ་ཡོད་པ་ལས་ཁྲེལ་གཞུང་དང་ཕྱི་ཐག་མེད་པའི་བུད་མེད་ཅིག་རེད་ཟེར། དོན་དངོས་སུ་མྱི་ཁ་ནི་རླུང་དམར་ལས་ཀྱང་རྒོད་ལ། ཚེར་མ་ལས་ཀྱང་རྩུབ་མོ་རེད་འདུག ཡིན་ཡང་། ངས་ཚེ་རིང་སྐྱིད་རྙེད་འགོ་བཙུགས་སོང་།
ཚེ་རིང་སྐྱིད་ནི། དུས་རྟག་དུ་མྱི་ཁའི་ཁྲོད་དུ་ཡོད་པའི་ཁྲེལ་གཞུང་མེད་པའི་བུད་མེད་དེ་རེད་མི་འདུག ཚེ་རིང་སྐྱིད་ནི་དུས་རྟག་དུ་རང་ཚུགས་མེད་པའི་བུད་མེད་ཆལ་མོ་དེ་རེད་མི་འདུག ཚེ་རིང་སྐྱིད་ནི། ལོ་ངོ་བཅུ་ཕྲག་གཅིག་རིང་དུ་དཀའ་སྤྱད་མི་ཉུང་བ་ཞིག་བརྒྱུད་དེ་འོང་བའི་བོད་ཀྱི་བུད་མེད་དག་གི་དམིགས་དཔེ་ལྟ་ཡུལ་ཞིག་རེད་འདུག ཁོ་མོ་ནི་རང་ཉིད་ཀྱི་སྐད་ཆ་ལ་འགན་འཁུར་ལེན་མཁན་ཞིག་དང་། རང་ཉིད་ཀྱི་གང་འདོད་པ་གླེང་འཕོད་པ་ནས་སྒྲུབ་པར་ལུས་ངག་གཉིས་ནས་བརྩོན་ལེན་བྱེད་མཁན་གྱི་དུས་རབས་གསར་བའི་བོད་ཀྱི་བུད་མེད་ཅིག་རེད་འདུག་ལ། བོད་ཀྱི་དུས་རབས་གསར་བའི་ཁྲོད་ཀྱི་བོད་ཀྱི་བུད་མེད་སྨྱུག་ཐོག་པ་རྩེ་གྲས་ཀྱི་གྲངས་ཤིག་རེད་འདུག ཁོ་མོས་མྱི་ཁ་དང་འཕྱ་དམོད་ཀྱི་ཁྲོད་དུ། བོད་ཀྱི་བུད་མེད་ཐོང་ཐང་གླེང་བ་ནས་ཐོབ་ཐང་ལ་བརྩི་བཀུར་དང་དང་ལེན་བྱས་སོང་བ་མ་ཟད། བོད་ཀྱི་བུད་མེད་ཚོས་ཀྱང་རང་ཉིད་ལ་བརྟེན་ནས་རྐ་ལག་འགུལ་སྟངས་ཀྱང་གསར་བ་མི་ཉུང་བ་ཞིག་བསླབས་སོང་།
ད་ནི་ཚེ་རིང་སྐྱིད་ཨ་རི་ན་འདུག བོད་པ་ཚོས་རྨི་ལམ་རྨིས་སའི་ཨ་རི་ན་འདུག བོད་པ་ཚོས་སྤྱངས་ན་ལག་རྗེས་མེད་པར་འདོད་པའི་བོད་ཡིག་ལ་འཐམ་ནས་ལས་ཀ་བྱེད་ཀྱིན་འདུག བོད་པ་ཚོས་རྒྱུན་དུ་ལྟ་ཉན་བྱེད་སའི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཆགས་འདུག ད་དུང་། དྲ་ནང་གི་བོད་ཅེས་པའི་ལེའུ་ཚན་ཞིག་གི་གཙོ་སྐྱོང་བ་རེད་འདུག མྱི་ཁ་ལས་ཐར་སོང་། འཕྱ་དམོད་ལས་ཐར་སོང་། བརྙས་བཅོས་ལས་ཐར་སོང་། ཐར་སོང་བའི་ས་ཞིག་ན་ཚེ་རིང་སྐྱིད་འདུག་ལ། ད་དུང་བོད་ཡིག་ལ་ཧ་ཅང་བརྩེ་བ་འདུག ཟིན་བྲིས་ཀྱང་ཆེས་མི་ཉུང་བ་ཞིག་ལས་ཞོར་དུ་འབྲི་བཞིན་འདུག འཛམ་གླིང་ཡུལ་གྲུ་ཁག་གི་བོད་མི་མི་ཉུང་བ་ཞིག་གིས་ཀྱང་ཚེ་རིང་སྐྱིད་ཤེས་སོང་། ད་ནི་ཚེ་རིང་སྐྱིད་ཀྱི་རྨི་ལམ་མངོན་མ་ཞིག་གི་འགོ་འབུས་པ་རེད། རྨི་ལམ་དེ་ལས་ཀྱང་རིང་བའི་སྐས་འཛིགས་དེ་ནས་ཁོ་མོའི་ཕུགས་བསམ་ནི་བོད་ཀྱི་བུད་མེད་ཀྱི་ལས་དབང་དང་། བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་གྱི་མགྲིན་ཚབ་པ་ཞིག་དུ་གྱུར་ཡོད།
ངས་འདི་ནས་ཚེ་རིང་སྐྱིད་རྙེད་སོང་། ད་ནི་ཚེ་རིང་སྐྱིད། ཁྲེལ་གཞུང་མེད་པ་དེ་ནི་རེད་མི་འདུག ཚེ་རིང་སྐྱིད་ནི་ཆལ་མོ་ཞིག་རེད་མི་འདུག ཚེ་རིང་སྐྱིད་ནི་དུས་རབས་གསར་བའི་བོད་ཀྱི་བུད་མེད་དག་གི་དམིགས་དཔེ་བྱེད་ཡུལ་གྱི་བོད་ཀྱི་དུས་རབས་གསར་བའི་བུད་མེད་ཅིག་རེད། ཡིན་ཡང་། ཁོ་མོའི་སྒེར་གྱི་འཚོ་བསྡོད་ཀྱི་རང་དབང་སྐོར་ལ་མྱི་ཁ་གཏོང་འདོད་ཡོད་མཁན་དག་གིས་ད་དུང་ཡང་ཁོ་མོ་རྙེད་མི་སྲིད་ལ། ཁོ་མོ་ཤེས་འདོད་ཀྱང་མེད་ཤས་ཆེ། གང་ལྟར། ང་དང་ཚེ་རིང་སྐྱིད་ཀྱི་བར་དུ་མི་ཚེ་ནང་དུ་གྲོགས་པོ་དང་་ངོ་ཤེས། ཡང་ན། ངོ་གདོང་དང་ངོ་གདོང་འཕྲད་དེ་སེམས་གཏམ་བཤད་མྱོང་བའི་ལོ་རྒྱུང་གང་ཡང་མེད་པ་ནི། དྲ་ཐོག་གི་སྤུན་ཟླ་དག་གིས་གསལ་བོ་མཁྱེན་པར་མཛོད། ངས་དེ་རིང་ཚེ་རིང་སྐྱིད་རྙེད་སྟངས་སྐོར་འདི་འབྲི་དོན་ནི། ང་ཚོས་རང་གི་རིགས་ཀྱི་སྐྱེ་བ་དང་བུད་མེད་སུ་ཞིག་ཡིན་ཡང་། དམིགས་དཔེ་དང་ལྟ་ས་ཡོད་པ་དང་། ལག་རྗེས་དང་ཧུར་བརྩོན་ལྡན་པ། མི་རིགས་ཀྱི་ལས་དོན་ལ་མུ་མཐུད་དུ་བརྩོན་པ་བྱེད་མཁན་གང་ན་སུ་ཡོད་པ་དེར་རང་མི་རིགས་ཀྱི་བདག་སྐྱོང་བྱེད་ལུགས་དང་གུས་བརྩི་དང་དགའ་ཞེན་བྱེད་ལུགས་ནོར་མི་ཉན་པའི་སྐོར་ལ་བརྡ་ཞིག་བརྒྱབས་པ་ལས། ཚེ་རིང་སྐྱིད་ཀྱི་ས་ནས་ང་རང་ལ་ཁེ་དཔག་སོགས་ཐོབ་རྒྱུར་དམིགས་དེ་གཏན་ནས་བྲིས་མེད་ལ། ཁོ་མོས་ས་ནས་ང་རང་ལ་དོན་དངོས་དག་གང་ཡང་ཐོབ་རྒྱུ་མེད། ཐོབ་པར་གཏན་ནས་རེ་བ་ཡང་བརྒྱབས་མྱོང་མེད།
དེ་རིང་གཞི་ནས་ངས་ཚེ་རིང་སྐྱིད་ལ་གསང་མྱུལ་བྱས་པའི་ཚོར་བ་འདིས་དོན་དངོས་ཅི་ཞིག་བསམ་པ་དེ་རྙེད་ནས་ཡིག་ཐོག་ལ་ཕབ་པ་ཡིན། རྒྱུ་མཚན་ནི་ཁོ་མོ་ནི་བོད་ཡིག་ལ་དགའ་བའི་བོད་ཀྱི་བུད་མེད་ཅིག་དང་། བོད་ཡིག་གི་འབྲི་རྩོམ་དགའ་བའི་བོད་ཀྱི་བུད་མེད་ཅིག་ཡིན་པས་རེད་འདུག ད་དུང་། ཚེ་རིང་སྐྱིད་དང་འདྲ་བ་ཁ་ཤས་ཤིག་ང་རང་གི་ཚོར་བའི་གསང་མྱུལ་ཁྲོད་དུ་ལུས་ཡོད། ག་ལེར་དགོས་འཁོ་བྱུང་བ་ཡིན་ན། ངས་མུ་མཐུད་དུ་སྤེལ་ངེས་ཡིན། དྲ་གྲོགས་ཚོ། ངས་ཞིབ་མོ་ཞིག་འབྲི་འདོད་ཡོད་ཀྱང་། མདོར་བསྡུས་འདི་ཙམ་ཞིག་མ་གཏོགས་འབྲི་ཐུབ་མ་སོང་། དེ་ཡི་ཐད་དུ་བློ་ཁ་མ་འཁེངས་པ་དང་། ཁོ་མོ་ལ་རྙེད་སྟངས་སྐོར་ལ་མ་འདྲ་བ་རེ་གསུང་རྒྱུ་ཡོད་ན་ཁ་སྣོན་རྒྱོབས་དང་དགའ་བསུ་ཞུ།
གྲོགས་པོ་ལགས་ངས་ཟིན་བྲིས་གསར་པ་བཟོས་པ་ཡིན་སྐུ་ཉིད་ངའི་ཟིན་བྲིས་སུ་ཕེབས་ཏེ་དགོངས་ཚུལ་ཟབ་མོ་རེ་གནང་རོགས་ཞུ་། ངའི་ཟིན་བྲིས་ཁ་བྱང་ནི། ༼མཁས་མཁས་ཀྱི་ཟིན་བྲིས། ༽ ཞེས་པ་འདི་ཡིན།
དུས་བབ་སྟེང་ཟིན་བྲིས་སྤེལ་མཁན་ཟ་ལེ་རྒྱལ་ལ་་སྟུ་ལྡག་ཟེར་དོན་ནི་་
ཁོ་རྒྱ་གར་ན་ཡོད་དུས་་ནུབ་མོ་ཞིག་ལ་་སྟུ༼གཉའ་མ༽ལྡག་གིན་ཡོད་པ་
མི་འགའ་རེས་དངོས་སུ་མཐོང་ཡོད་པས་རེད་་གཞན་ཕྱི་རྒྱལ་པ་དང་
བཟའ་བསྒྲིག་བྱས་ཚད་ལ་དེ་ལྟར་ཟེར་བ་མ་རེད།དོན་དེ་ཟ་ལེ་རྒྱལ་རང་གིས་ཀྱང་ཁས་ལེན་བྱས་ཡོད་དེ་་ཁོས་སྐར་ཁྲི་བཙན་ལ་ལན་འབྲི་དུས༼ སྟུ་བལྡག་
ན་བསོ་ནོ་དེ་རེད་༽ཅེས་བྲིས་འདུག ཧང་སང་དགོས་པ་ཞིག་ནི་་ཁོ་ལ་
ལོ་རྒྱུས་ཡ་ང་བ་ཞིག་ཡོད། མིང་་བློ་བྷེ། མིང་གཞན་་ཟ་ལེ་རྒྱལ།
ཕ་ཡུལ་་མང་ར་རྫོང་༼ གོས་ནན༽བྱ་ཁོག་གམ་་གཤའ་ཁོག ད་ལྟའི་
གནས་ཡུལ་་ཧྥ་རན་སུ། ཡོན་ཚད་་འཛིན་རིམ་དགུ་བ། བོད་ནང་ནས་
ཁོ་འཛིན་རིམ་དགུ་བ་འམ་སློབ་འབྲིང་མཐར་ཕྱིན་དུས་རང་ཁྱིམ་ལ་ལོག
ཟླ་བ་ཁ་ཤས་ ལ་ཁོའི་ཨ་མ་དང་མཉམ་དུ་འབྲོག་པའི་དགུན་སའི་ཁང་
བ་སྲུང་ནས་བསྡད་པ་རེད།ཉིན་ཞིག་ལ་ཟ་ལེ་རྒྱལ་ཁྱི་རྒན་དེས་ཁོ་རང་གི་
ཨ་མ་དྲིན་མོ་ཆེ་ལ་བཙན་གཡེམ་བྱས་པ་དང་རང་ཁྱིམ་གྱི་སྒོར་མོ་ཡོད་ཚད་
འཕྲོག་ནས་ལྷ་ས་བརྒྱུད་རྒྱ་གར་ལ་བྲོས་སོང་བ་རེད། ཁོས་བོད་མོ་ཞིག་དང་
གཉེན་མི་སྒྲིག་དོན་ཡང་དེ་ལ་ཐུག་ཡོད།བོད་ཀྱི་ཡ་རབ་བཟང་སྤྱོད་་བཀུར་
བརྩི་དྲིན་གཟོ་་སོགས་དང་ཡོངས་སུ་འགལ་བའི་བྱ་ངན་དེ་ཤེས་རྒྱུར་དོགས་
པ་རེད། དེ་བཞིན་ད་ལྟ་ཡང་།བཙན་བྱོལ་བོད་གཞུང་གིས་རིན་མེད་།
རོགས་སྐྱོར་གྱིས་སློབ་གྲྭ་ལ་བཞག་པ་ཡོངས་སུ་བརྗེད་ནས།བོད་གཞུང་རྨོངས་གཙོ་ཡིས་ཁོའི་རྒྱ་ནག་གི་སློབ་མཐར་ཕྱིན་པའི་འཛིན་ཡིག་རྩིས་མེད་བྱས་
ཚུལ་དང་།ཁོས་ཀྱང་ཕྱི་རྒྱལ་ལ་འགྲོ་ཁར་བཙན་བྱོལ་བོད་གཞུང་གིས་
སྤྲད་པའི་འཛིན་ཡིག་མེ་ལ་བསྲག་ཚུལ་སོགས་་ཁོ་རང་གི་དྲ་ཐོག་ན་བཤད་
འདུག་ལ།རྒྱ་ནག་དོན་གཅོད་ཁང་ལའང་དེ་ལུགས་ཀྱི་སྙན་ཞུ་བྲིས་
ནས་་མཐོང་མཆན༼VISA༽རག་ཐབས་ལ་བོད་ཀྱི་རང་བླ་དགྲ་བཙོང་ཀྱི་
བྱ་ངན་སྤེལ་བཞིན་ཡོད་པ་ཁོའི་བློ་གཏད་སའི་གྲོགས་པོས་བཤད་བྱུང་།
ཁོའི་དྲ་དང་ཟིན་བྲིས་ཡོད་ཚད་པར་སློག་ངོ་བཤུས༼COPY.,༽བརྒྱབ་ ནས་བདེན་དཔང་ལ་ཉར་ཡོད།དངོས་ཡོད་གནས་ཚུལ་ལས་་མ་དགའ་སྒྲོ་
སྐུར་ཁབ་རྩེ་ཙམ་ཡང་མིན།
ཨ་ཨ།
སྐད་རྐུར་འདི་གྲྭ་རྫུན་ཐང་རྒྱལ་ཡོན་ཏན་ཟེར་བར་བཞག་པ་ཡིན།
གྲྭ་ལ་གྱོན་ནས་མཚན་མཐུན་ཆགས་སྤྱོད་བྱེད་པར་ངོ་མི་ན། ཁ་པར་ཞིག་གི་ལམ་ནས་གནས་ཚུལ་ཞིག་ངོ་སྤྲོད་བྱེད་རྒྱུར་ཅིའི་ཕྱིར་ངོ་གནོང་དགོས་པ་རེད། ངས་འདི་ནས་ཁྱོད་ལ་སྐད་ལ་གསལ་བོ་བཤད་རྒྱུར། ཚེ་རིང་སྐྱིད་ཀྱི་སྐོར་ལ་སྐད་ཆ་ངན་པ་དང་ཁ་རྡུང་ཅི་ཞིག་བཏང་རུང་། ཁྱོེད་ཀྱིས་གསུབ་མི་འདུག་པར་མ་ཟད། ད་དུང་དེ་ནི་གཟིད་བརྗིད་ཅིག་ཏུ་བརྩིས་ཏེ། ཁྱོད་ཀྱི་ཟིན་བྲིས་སུ་བཞག་འདུག འོ་ན་ངས་ཁྱེད་ལ་བྲིས་པའི་སྐད་སྐུར་ཏེ་ཅིའི་ཕྱིར་གསུབ་པ་ཡིན། གལ་ཏེ་ཁྱེད་ཀྱིས་མུ་མཐུད་ནས་སྐྱག་རྫུན་དང་ཧམ་བཤད་བྱས་པ་ཡིན་ན། ངས་ཀྱང་། ཁྱེད་ཀྱི་ཞབས་འདྲེན་ཞུས་ཚུལ་ཚང་མ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པས། ངས་ཁྱེད་ལ་གདམས་ཀ་ཞིག་སྦྱིན། གལ་ཏེ་ཁྱེད་ཀྱིས་ཚེ་རིང་སྐྱིད་ལ་བྲིས་པའི་ཟིན་བྲིས་ཏེ་གསུབ་པ་ཡིན་ན། ངས་ཀྱང་དེ་བཞིན་བསམ་ཤེས་བཤད་ཆོག དེ་མིན་ཁྱེད་ཅག་གྲྭ་རྫུན་དག་གི་སྐྱུག་བྲོ་བའི་གནས་ཚུལ་རྣམས་ངས་གང་སར་བསྒྲག་གི་ཡིན། འདི་ནི་ངས་ཁྱེད་སྔོན་བརྡ་ཙམ་ཡིན།
h h h hha ha haha
ཡ་ཨ་རོ། དྲ་གྲོགས། ཁྱེད་ཀྱིས་བཙལ་བཙལ་ནས་རྙེད་ཅིང་ང་ཚོས་ཀྱང་ངོས་ཟིན་ཟབ་མོ་ཐོབ་པའི་བུ་མོ་ཚེ་སྐྱིད་ལ་རྒྱལ་ཐང་ཡོན་ཏན་གྱི་ཟིན་བྲིས་སུ་དྲ་འབུ་ཞིག་གིས་རིག་གནས་པའི་ཁོར་ཡུག་ལས་བེད་སྤྱོད་བྱེད་བཞིན་པའི་སྐད་ཆ་ལས་བརྒལ་ཏེ། བརྙས་བཅོས་ཚད་མེད་བྱས་འདུག་ལ་བརྙས་བཅོས་དེ་ཡང་ཚེ་སྐྱིད་ཀྱི་ནང་མི་ཞིག་གིས་གོ་ན་ཁོང་ཁྲོ་ལངས་ནས་རྒྱལ་འགྲོ་བ་ལྟ་བུ་བྱས་འདུག ཁོམ་པ་ཡོད་ན་སོང་ལ་ཅིག་ལྟོས་དང༌།
ཁྱེད་ཀྱི་ལོ་དང་ཟླ་བ་ཞག་དང་ཟ་མའི་དུས་ཚོད་རྩ་ཆེན་བེད་མེད་དུ་མ་གཡུགས་པར་བཙལ་བཙལ་ནས་བརྙེད་པའི་མཛངས་མ། རིགས་མ། དཔའ་མོ། ལ་བརྒྱའི་བདག་མོ། རྩོམ་མ། དགའ་གྲོགས། བརྩེ་གྲོགས། སྙིང་གྲོགས། མདོར་ན་ཁྱེད་རང་གི་ཡོད་ཚད་ཀྱི་ཡོད་ཚད་གཅེས་ནོར་སྙིང་ནོར་དེ་ཉིད་ད་བཟོད་མིག་གིས་མཐོང་།
ལག་པས་བཟུང་། རྨི་ལམ་མ་ཡིན་པར་དངོས་སུ་བརྙེད་པར་ངས་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཞུ།
ཁྱེད་ཀྱི་འཚོལ་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་དེ་ལྟ་བུ་གནང་འདུག་པས་ངས་ཀྱང་སྙིང་གི་དགའ་མ་ཞིག་འཚོལ་བར་འདོད།
སེར་ཆེན་ལགས། ཉིད་ཀྱིས་གསུངས་ཚུལ་ལ་བལྟས་དུས་བུད་མེད་ཅིག་ཡིན་ས་རེད། དེ་ཡིན་དུས་ངས་ཉིད་ལ་སེར་ཆེན་མེ་ཏོག་ཟེར་ནས་འབོད་ཆོག་པ་ཞུ། རྗེས་ཕྱོགས་ཉིད་ཀྱང་ཚེ་རིང་སྐྱིད་ལྟ་བུའི་ལམ་ཕྲན་ཞིག་བརྒྱུད་དེ་ངེད་ཅག་གིས་ཅིས་ཀྱང་མ་གླེང་ཐབས་མེད་ཀྱི་བོད་ཀྱི་བུད་མེད་ཅིག་ཆགས་པར་རེ་བ་ཡོད།
ངའི་སེམས་གཏིང་གི་ཚེ་རིང་སྐྱིད་ཡ།ཁྱེད་ནི་ངེད་ཅག་བུད་མེད་ཚོས་ཆེའི་བཀུར་བསྟི་བྱེད་འོས་བའི་བུད་མེད་ཡ་རབས་ཞིག་དང་སྔོན་ཐོན་ཅན་ཞིག་ཡིན་པ་སྔ་ས་ནས་རྟོགས་ཡོད་པའི་ཤིན་ཏུ་དགའ་ནི་ཡིན།སྤྱིར་འཇིག་རྟེན་ཁམས་ནས་ལས་གནས་གང་ཞིག་བསྒྲུབ་རུང་མིའི་མྱི་ཁ་རྫོགས་རྒྱུ་གཏན་ནས་མེད་པ་མཁྱེན་གསལ་རེད།མུ་མཐུད་མདུན་སྐྱོད་བྱོས་དང།ངེད་ཅག་བུད་མེད་ཚོའི་སྤོབས་པ་ཞིག་རེད།
གོང་དུ་བྲིས་ནོ་ཧ་ཅང་སྙན་པོ་འདུག་ལ་བཀའ་དྲིན་ཆེ་ཞུ།
རྟུལ་ཕོད་ལགས། ད་ནི་ཁྱེད་ཚང་ལ་སྐོར་ར་བྱེད་ཡ་་་་
”ཉིད་ཀྱིས་ངའི་ཟིན་བྲིས་སུ་བསམའཆར་བཏོན་པར་ལན་བརྒྱབ་ཡོད་པར་མ་ཟད་”ཅེས་གསལ་བཤད་ཡོད་ཀྱང་གསལ་བོ་མ་ཆགས་ན་དྲི་རྟགས་ཀྱི་ཐད་ནས་བཤད་པ་ཡིན།
རྟུལ་ཕོད་ལགས་ཉིད་ནས་ང་ལ་གང་ཞིག་དུ་གླེང་མོལ་བྱེད་གསུངས་ཀྱི་ཡོད། བརྗོད་གཞི་གང་གི་ཐད་དུ། ཉིད་ཀྱི་ཟིན་བྲིས་ནང་དུ་ཟེར་གྱི་ཡོད་དམ། དེ་དག་ཁ་གསལ་དུ་གཏོང་དང་། དེ་ནས་ང་རང་ག་ལེར་ཁྱེད་ཚང་དུ་ཡོང་ཡ་་་
ཨེ་ཤ་ཁྲག་རུས་གསུམ་དྲ་ཐོག་གི་རྩོམ་ཡིག་དེ་ཚོ་ཚིག་ཉུང་གནད་བསྡུས་ཞིག་འབྲི་ཐུབ་ན་ཀློག་མཁན་གྱིས་ཞིབ་ཀློག་རྒྱག་པ་དང་བསམ་འཆར་གནད་ཁེལ་བོ་རེ་འདོན་ཐུབ་པར་ཕན་ཐོགས་རྒྱུ་རེད།རྩོམ་ཡིག་ཀློག་མཁན་གྱི་སླད་དུ་ཡིན་པ་གསལ་བཤད་ག་ལ་དགོས། ཉིད་ཀྱིས་ངའི་ཟིན་བྲིས་སུ་བསམ་བཏོན་པར་ལན་བརྒྱབ་ཡོད་པར་མ་ཟད་གླེང་གཞི་འདི་ལ་འུ་གཉིས་མི་མཐུན་ས་ཆེན་པོ་ཡོད་པས། ཕེབས་དང་བརྗེ་རེས་གླེང་མོལ་ཡོད་ས་རེད།
ཡ། ཁོ་རེ། བསྟན་འཛིན་ཚེ་དཔག སྐད་ཆ་དྲང་པོ་བཤད་པར་ཐུགས་རྗེ་ཆེ།
ཅོ་རི་ཉི་མ་ཡ། ཁྱོད་ལྟ་བུའི་གླེན་པ་ལུག་འདྲ་བོ་ཚོས་སྐད་ཆ་སྟོང་ཕྲག་གཅིག་ལས་བརྒལ་བ་བཤད་ཀྱང་ལེགས་བཤད་ཀྱི་བླང་བྱ་ཚིག་གཅིག་མེད་པ་གསལ་བོ་ཧ་གོ་ཡོང་གིས། ཁྱེད་ལྟ་བུའི་གླེན་པ་ལུག་འདྲ་བ་ཚོ་ཡོང་ནས་གླེན་བཤད་རྒྱག་ས་དྲ་བ་འདི་མ་རེད།
ཁྱོད་ཀྱིས་བོད་ཤ་ཁྲག་རུས་གསུམ་གྱིས་ཚེ་རིང་སྐྱིད་རྙེད་སྟངས་བྲིས་པ་དེར་ཁྱོད་ཀྱིས་ཟུར་ཟ་མ་འཚོལ་གྱིན་འདུག་ཟེར་ན་ག་རེ་ལབ་ཀྱིན་ཡོད་དམ། བོད་ཤ་ཁྲག་རུས་གསུམ་ཡང་ཁྱོད་ནང་བཞིན་གྱིས་གྲྭ་མིན་སེར་མིན་གྱིས་སུད་སི་ལྟ་བུ་རུ་འཁྱམས་ནས་བསྡད་ཡོད་པ་ཞིག་རེད་འདོད་དམ། གྲྭ་བ་ཚོས་བུད་མེད་གླེང་ན་མཛའ་བོ་ཡོད་མ་རེད། དེ་མིན་ཡག་བཤད་བྱ་མ་ཤེས་པར་སྡུག་བཤད་བྱ་དགོས་པ་དེ་གྲྭ་མིན་སེར་མིན་ཁྱེད་འདྲ་བའི་གླེན་པ་ལུག་འདྲ་བོ་ཚོའི་བྱེད་སྟངས་ལོས་ཡིན་འདོད་པ་ཞིག་འདུག
ཁྱོད་ཤ་ཚ། ཅོ་རི་ཉི་མ། བོད་ཡིག་མི་ཤེས་པའི་ཀླད་སྟོང་ཁྱོད་འདྲ་འདིར་ཡོང་ནས་ཟུར་ཟ་འདྲ་བྱེད་ན་དེ་ངོ་མ་བློ་ཕམ་ཡ་དང་སྙིང་རྗེ་སྐྱེས་དགོས་པ་ཞིག་རེད་མ་གཏོགས། བོད་ཀྱི་བརྡ་སྤྲོད་དང་རང་མི་ལ་གཏོར་བཤིག་གཏོང་མཁན་ཁྱེད་འདྲ་རིག་ན་སེམས་སྐྱོ་བ་ལས། རིག་པ་གཏོང་ས་དང་གནས་ལུགས་ཤོད་ས་ཁྱོད་ལྟ་བུའི་གྲྭ་མིན་སེར་མིན་ཞིག་གང་ནས་ཡིན།
ཅོ་རི་ཉི་མ་ལགས། དངོས་ནས་དགྲ་བཅོམ་ཚང་གིས་ཉིད་ལ་སྐད་ཆ་གཅིག་གིས་ཁོང་ཁྲོ་སློང་བཅུགས་འདུག ཧཧཧཧཧཧཧཧ ཁོག་པ་ཆེ་ཙམ་བྱོས་ཨ་་
དགྲ་བཅོལ་པ་ལགས།
སྙིང་ལ་ན་ཚ་བཏང་སོང་ངམ། ངས་བོད་ཡིག་ཡག་པོ་ཀློག་ཤེས་ཀྱི་མེད་ཀྱང་ཚིག་གཅིག་བྲིས་པས་ཁྱེད་ལ་ན་ཚ་དེ་ཙམ་བཏང་གི་ཡོད་ན་ངའི་བྲིས་པའི་ཚིག་གཅིག་དེའི་ནུས་ཆེ་བ་ལ་ཨང་།
ཚིག་བཅུ་བྲིས་ན་ཁྱོད་ཤི་མི་ཡོང་ངམ། ཨ་བརྟན་ས་རེད་པས། མ་བརྟན་ན་རང་གཟུགས་སྟོན་ནས་ཤོག་དང་བུ་སུ་ཡིན་དང་གླེན་པ་སུ་ཡིན་ལྟ་ཆོག
ཤ་ཚ་ཁྱོད།
ལྷ་ཆབ་ལགས། ད་དུང་དྲན་པ་བརྟན་པོ་འདུག བར་ཆད་འདྲ་མ་བྱུང་ན་དྲན་པ་གསལ་བོ་འདི་ཡིན་དུས་སུ་ཤུ་རེ་ཞིག་བྱེད་འདོད་ཡོད། ཉིད་ཀྱིས་་ཀྱང་རང་གི་བསམ་ཚུལ་རེ་གླེང་ན་འོས་པར་སྙམ།
གྲོགས་པོ་ལགས། ཁྱོད་ཀྱི་དྲན་པ་འདི་ཅི་འདྲའི་གསལ་བ་ལ་ཨང་། ལོ་ངོ་དགུའི་གོང་གི་གནས་ཚུལ་དག་ད་དུང་གསལ་ལྷང་ལྷང་རེད་འདུག་ག
དགྲ་བཅོམ་པ་ནི་དགྲ་བཅོམ་པ་རང་རེད་ལགས། རྗེས་སུ་ཡང་སྐད་ཆ་ཐད་ཀར་གསུངས་དུ་ཕེབས་པར་དགའ་བསུ་ཞུ།
ཅོ་རི་ཉི་མ་ལགས། ཟུར་ཟ་མ་ཞིག་གསུངས་ན་ངས་གོ་མ་སོང་། འགྲེལ་བཤད་ཐུང་ཙམ་ཞིག་རྒྱག་ཁོམ་བྱུང་ན་དགའ་བསུ་ཞུ། མ་ཁོམ་རང་ཅི་སྐྱོན།
ཚིག་གྲུབ་གཅིག་ཀྱང་འཁྱོངས་ཀྱིན་མེད་པའི་གླེན་རྒན་ཅོ་རི་ཉི་མ་ཁྱེད་ཀྱིས་བོད་ཡིག་ཀློག་ཤེས་ཀྱིན་མེད་དམ། ཡང་ན་ཧོན་ལོག་ཡོད་པ་གང་ཡིན་ནམ། སྐད་ཆ་ཉོན་ལ་ཤོད། རྩམ་པ་ལྡོད་ལ་མིད་ཟེར་བའི་བོད་མི་རྒན་པ་ཚོའི་གཏམ་དཔེ་གོ་མྱོང་ཡོད་དམ།
ཁྱེད་ཀྱིས་ཟུར་ཟ་མ་ཞིག་འཚོལ་གྱི་ཡོད་པ་འདྲ། ཧ་ཧ་ཧ་ཁག་མེད་ཡ
མེག་རྒན་ལགས། ཉིད་ནས་ཁོ་མོ་དང་འདྲིས་མྱོང་གཤིབ་མྱོང་གཉིས་ཀ་ཡོད་རབས་གསུངས་ཀྱི་འདུག དེས་ན་ཉིད་ཀྱིས་རྙེད་པའི་ཚེ་རིང་སྐྱིད་ཀྱི་སྐོར་ཞིག་འདིར་ཁ་སྣོན་རེ་རྒྱོབས་དང་། ཡིན་ཡང་། ང་རང་གི་རྙེད་སྟངས་ཀྱི་ཚད་གཞི་འདི་ལས་མཐོ་ན་ཡང་མི་ཁ་ཤས་ཤིག་དོགས་དཀྲོགས་སློང་བར་བསམ་ནས་རེ་ཞིག་མདོར་བསྡུས་ཤིག་བྲིས་པ་ཡིན།
ཚེ་རིང་སྐྱིད་མཐོང་མྱོང་ལ་འདྲིས་མྱོང་། འོན་ཀྱང་དེ་ནི་ཁྱེད་ཚོས་རྙེད་པའི་བུ་མོ་དེ་མ་རེད།།
གཅན་བཟོད་རྒྱམ་ལགས། ཉིད་ནས་ཁྱེད་ཚང་གི་དྲ་བ་རང་དབང་སྟེང་ནས་ཀློག་པ་དེར་དགའ་ཡོད། རྗེས་སུ་སྐུ་ཉིད་ནས་བུད་མེད་འདི་ཉིད་དང་འདྲ་བའི་རིགས་རྙེད་སྟངས་རེ་གསུང་རྒྱུ་ཡོད་ན་འབྲི་རོགས་ཞུ། འུ་ཅག་གིས་ཁ་དང་དོན་གཉིས་ལ་མཐུན་པའི་ཕྱོགས་འདེགས་ཀྱི་ལས་ཤིག་གཉེར་རྒྱུའི་དུས་ཚོད་དེ་འགོར་མེད་ན་འཕྱི་མེད་པ་ཉིད་ཀྱིས་ཀྱང་མཁྱེན་ཡོད་ངེས་ཡིན།
བསྟན་འཛིན་ཚེ་དཔག་ལགས། ཉིད་ཀྱིས་གསུངས་པ་ལྟར། དེང་སང་འུ་ཅག་གིས་ཁོ་མི་ཨ་རིའི་རླུང་འཕྲིན་དང་བོད་ཀྱི་དྲ་ཚིགས་སོ་སོ་ནས་ཁོ་མོ་མཐོང་ཐུབ་ཀྱི་ཡོད་པ་འདི་དག་ནི་ཁོ་མོ་རང་ཉིད་ཀྱི་མྱི་ཁ་དང་གཏམ་ཁ་འདྲ་མིན་ཞིག་བརྒྱུད་དེ། ཆེས་མང་བོ་ཞིག་བློས་གཏོང་བྱས་རྗེས་སུ་ཐོབ་པའི་འབྲས་པུ་ཡིན་དུས། འུ་ཅག་གིས་ཁོ་མོ་ལྟ་བུའི་བོད་ཀྱི་བུད་མེད་སུ་ཞིག་འདི་ལྟར་སླེབས་ནས་འོང་དུས་རོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་དེ་ནི་འུ་ཅག་ཤེས་རིག་གི་ལམ་ཁར་བསྐྱོད་མཁན་དག་གི་འགན་གཙོ་བོ་ཆགས་ཡོད།
ཁྲག་ལགས། ཉིད་ནས་བསམ་བཞིན་པ་ཞིག་ངས་འབྲི་ཐུབ་སོང་བ་དེར་ང་རང་དགའ་ཡོད་ལགས། འུ་ཅག་གིས་འུ་ཅག་གི་རིགས་རུས་འདི་མི་ཉམས་པའི་ཆེད་དུ་སྟོབས་ཤུགས་ཀྱི་ནུས་པ་ནི་ཤེས་རིག་དང་བཤད་འཕོད་ལ་སྒྲུབ་འཕོད་པའི་བུད་མེད་འདི་རིགས་ཀྱི་གཙོ་བའི་བོད་ཀྱི་བུད་མེད་དག་གཉིད་ལས་སློང་ཐུབ་བྱེད་རྒྱུ་དེ་ཡིན་པ་རེད་ལགས། ཉིད་ཀྱིས་བདག་ལ་བསྟོད་བསྔགས་བྱས་པ་དེར་བཀའ་དྲིན་ཆེ་ལགས།
ཉི་ཟླའི་མགྲོན་བདག་ལགས། འུ་ཅག་གིས་རང་གི་རིགས་ཀྱི་བུད་མེད་ཚོའི་སྐོར་ལ་དངོས་ནས་རང་ཉིད་ཀྱི་གང་ཤེས་རྟོགས་བྱུང་བ་དང་བོད་ཀྱི་བུད་མེད་དག་གི་དམིགས་དཔེར་འོས་པ་ཁོ་མོ་ལྟ་བུ་ཤེས་ཀྱི་ཡོད་ན་ངོ་སྤྲོད་དང་བསམ་ཚུལ་གསུངས་པ་དེ་ནས་ཁོང་ཚོས་ལས་ཀ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་བ་ཡིན་ན་ད་གཟོད་ཤེས་རིག་དང་སྙིང་སྟོབས་ཀྱི་ཕྱུགས་པའི་བུད་མེད་འདི་རིགས་མང་དུ་བསྐྱེད་སྲུང་བྱེད་ཐུབ་པར་འདོད་ལགས།
ད་ཐེངས་ཀྱི་ཟིན་བྲིས་འདི་དངོས་གནས་ཡག་པོ་ཞིག་བྲིས་འདུག རྒྱུ་མཚན་ནི་དངོས་ཡོད་དང་ཧ་ཅང་ཐག་ཉེ་བས་ཡིན་པ་འདྲ། སེམས་གཏམ་བཤད་ན་སེམས་འགུལ་གི་རེད། རྩོམ་ཡིག་ཐག་ཉེ་བོ་ཞིག་བྲིས་འདུག བཀླགས་སྤྲོ་བོ་བྱུང་། རང་དབང་གླེང་སྟེགས་ནས་ཞིབ་ཏུ་བཀླགས་པ་ཡིན།
བསྟན་འཛིན་ཚེ་དཔག་ཟེར་བའི་ཁམས་སྐད་ཧ་ལེ་ཧོ་ལེ་བཤད་མཁན་འདིས་ངའི་མིང་ལ་བཀོལ་སྤྱོད་བྱེད་ཀྱིན་འདུག
གང་ལྟར་རུང་དྲ་ཐོག་ནས་ཚེ་རིང་སྐྱིད་ལ་རྩོད་པ་བྱེད་མྱོང་ཡོད་ལ། གོ་ཞིང་ཐོས་པའི་ལམ་འགྲམ་གྱི་སྐད་ཆ་རྨང་གཞི་བྱེད་ནས་བརྙས་ཀྱང་བཀོལ་མྱོང་ཡོད། ཡིན་ཡང་དྲ་གྲོགས་ཁྱེད་ཀྱིས་བརྗོད་པ་བཞིན་ཨ་མ་བོར་སོང་བ་མ་ཚད་ཨ་ཕ་ཡང་བོར་སོང་རབས་ཀྱི་སྙན་ངག་ཅིག་ཀློག་མྱོང་ཡོད། ད་དུང་ཚེ་རིང་སྐྱིད་ཀྱི་རྩོམ་བཏུས་ཏེ་ལན་བུའི་གསེབས་ཀྱི་མིག་མདངས་དང་ཟླ་བའི་ཚོམས་གཉིས་ཀློག་སྐབས། བུ་མོ་བརྩེ་དུང་ཅན་ཞིག་རེད་བསམ་མྱོང་ཡོད། དེ་རིང་དྲ་གྲོགས་ཁྱེད་ཀྱི་ཟིན་ཐོ་འདི་ཐེངས་གཅིག་ཀློག་རྗེས། ངས་ཀྱང་མཐོང་མྱོང་ཡོད་ཀྱང་འདྲིས་མྱོང་མེད་པའི་ཚེ་རིང་སྐྱིད་དྲན་བྱུང་།
ལོ་ཤས་སྔོན་ལ་སླར་ཡང་རྡ་རམ་ས་ལར་ཤོར་ནས་བུད་ཡོང་ཐ། ཆེད་གོས་ལེགས་པོར་སྤྲས་ཏེ་གངས་སྐྱིད་ཅིག་ལ་ལས་ཀ་ལས་པར་རྒྱུགས་ཀྱིན་འདུག རྗེས་སུ་བུད་མེད་ལྷན་ཚོགས་ཀྱིས་དབུས་རྒྱུན་ལས་ཀྱི་མཉམ་ཞིབ་འགན་འཛིན་ལ་འོས་འདེམས་བྱུང་བ་རེད་ཅེས་གོ་ཐོས་བྱུང་བས། འདྲིས་མྱོང་མེད་པའི་མི་ཁའི་ཁྲོད་ཀྱི་བུ་མོ་དེའི་ཆེད་དུ་སེམས་ནས་དགའ་རྒྱུ་ཞིག་སླེབས་མྱོང་། དེའི་རྗེས་ལྟ་ལོབས་ལ་སོང་བའི་བུ་མོ་དེ་བུད་སོང་བར་གོ་སོང་།
རྗེས་སུ་ངའི་མདུན་གྱི་ཤེལ་སྒོའི་ངོས་ནས་མཐོང་བྱུང་། སྔར་བཞིན་འཛུམ་དམིལ་ལེར་ཨམ་སྐད་ཀྱི་གདངས་འདྲེས་ཤིང་དབུས་སྐད་སོགས་མཉམ་བསྲེེས་ཀྱིས་གསར་འགྱུར་ཞིག་བཤད་བྱུང་། དེ་ནས་ནམ་རྒྱུན་ཤེལ་སྒོའི་མདུན་དུ་འདྲིས་མྱོང་མེད་ཀྱང་གཏམ་དང་མྱི་ཁའི་བར་གྱི་རྒྱུས་ལོན་ཡོད་པའི་བུ་མོ་དེར་སྒུག་རྒྱུ་གོམས་གཤིས་ཤིག་ཏུ་གྱུར་སོང་།
ཨ་མདོ་བུ་མོ་ཚེ་རིང་སྐྱིད་མཐོང་མྱོང་མེད་ཀྱང་ཐོས་མྱོང་ཡོད། ལམ་འགྲོ་ས་སྡོད་ས་ནས་གོ་གོ་པ་ཡོད། ཡིན་ཡང་ཨ་མདོ་བ་མོ་ལ་དགའ་གི་མ་རེད་ལབ་ཀྱིན་གདའ། དེ་རིས་ཨ་མདོ་བས་བུ་མོ་ཡག་མོ་མཐོང་ན་དགའ་སེ་འདུག
བུ་མོ་མོ་ལ་བཀྲ་ཤིས་བདེ་ལེགས་དང་མཚམས་འདྲི་བྱི།
བུ་མོ་ཡག་མོ་ཞིག་གདའ
དྲ་གྲོགས་ཁྱོད་ཡིན་ན་ངས་བཤད་འདོད་པ་དང་བཤད་འདོད་ནས་ཡུན་རིང་འགོར་སོང་བ་ཚང་མ་བཤད་ནས་གཡུག་འདུག ཁྱོད་ངའི་མགྲིན་ཚབ་ཞིག་ལ་རིག་ནོ་འདི་ལ་ལྟོས་ན་འུ་གཉིས་ལ་ཏག་ཏག་ལས་འབྲེལ་ཞིག་ཡོད་ས་རེད།
ཡ་དང་པོ། འུ་གཉིས་ཀས་ཚེ་རིང་སྐྱིད་རྙེད་སྟངས་གཅིག་པ་གཅིག་རྐྱང་རེད་འདུག
གཉིས་པ། ངས་བཤད་དགོས་བསམ་ནས་གློག་ཀླད་ཁ་ཕྱེ་དུས་ཁྱེད་ཀྱིས་བཤད་ནས་བཞག་འདུག
གསུམ་པ། འུ་གཉིས་ཀའི་དམིགས་ཡུལ་ཡང་འདྲ་མཚུངས་རེད་འདུག བོད་མི་ཚོས་མི་གསོ་སྐྱོང་བྱ་ཤེས་དགོས་ཟེར་གྱིན་ཡོད་ལ་རང་མི་རང་གིས་བརྩི་དགོས་ཟེར་གྱིན་ཡོད།
ཡ་་དྲ་གྲོགས། ས་ཀ་ཆོས། དེ་རིང་ཁྱེད་ལ་ཁ་མིན་སེམས་ནས་རྗེས་སུ་ཡི་རངས་ཡོད་ཞུ་རྒྱུ་ཡིན།
དྲ་གྲོགས་ལགས་ཁྱེད་རང་མཛངས་མ་ཚེ་རིང་སྐྱིད་འདི་ལ་དགའ་དྲག་ནས་བཙལ་སྟངས་འདི་མ་དཔེ་བ་ཞིག་བཙལ་འདུག།དེ་མིན་བོད་མོ་གཞན་བཙལ་སྟངས་ཁྱད་མཚར་བ་ཞིག་བཤད་ཡ་ཡོད་དམ།ང་རང་ཉིད་ལ་རྨི་ལམ་འདྲ་བ་ཞིག་མཐོང་སོང་།