འདི་དང་འགྲོགས་ན་ལས་ཀྱི་དེད་པ་ལྟར།།
གན་དང་ཐུག་ན་བར་ཆད་འཕྲད་པ་ལྟར།།
དེ་ཉིད་མཐོང་དུས་སེམས་ཀྱི་བླ་ཤོར་འདྲ།།
གཤིན་པོའི་རྣམ་ཤེས་བསྡུ་མཁན་དོན་དངོས་སུ།།
འདྲིས་ཤིང་གཤིབ་ན་སྙིང་ཡང་འཁྱེར་འགྲོ་བ།།
བྲལ་བའི་ཚེ་ན་ཚོར་བ་སྟོང་འགྲོ་བ།།
རེག་པའི་སྐབས་སུ་སེམས་རྩ་བཟི་འཇུག་པ།།
ལུས་ཀྱི་ཕྱི་ནང་འཁུར་བའི་གཟུགས་དེ་སུ།།
རྗེས་ན་ཡོད་དུ་ལྟ་བའི་འདུ་ཤེས་ཤིག།
སྔོན་ན་བསུ་མཁན་ཡོད་པའི་སྣང་བ་ཞིག།
བར་ནས་འཕྲོག་པར་འདོད་པའི་དོགས་གནས་ཅན།།
སྣང་བའི་སྨུག་སྤྲིན་འདྲེན་པའི་བང་ཆེན་སུ།།
དུས་ཀྱི་ལང་ཚོ་རྫོགས་པའི་གསར་བརྗེ་བ།།
ནད་ཀྱི་མལ་སར་ལྷུང་བའི་རྙིང་ཞེན་པ།།
མ་འོངས་ཟུང་འབྲེལ་བྱེད་མཁས་བར་དོ་བ།།
སྔ་གཞུག་བར་གསུམ་སྒྱུར་མཁན་བདག་མེད་སུ།།
མཚོ་དམར་པོའི་འགྲམ་དུ་འཁྱམ་ཡུལ་ལ་བསྡོད་པའི་བོད་ཀྱི་བུ་ཞིག་ནས། ཆང་འཐུང་གི་དུར་འབོད་ལ་ཉན། ཉན་སྟངས་དེ་ཡང་ཁྱད་མཚར་ཞིག ཉན་ནས་ཐོས་པ་དེ་ཡང་མི་གཞན་གྱིས་གོ་མིན་སུས་ཤེས། གང་ལྟར། བྲིས་ནི་བྲིས་ཟིན། ད་ནི་སྤུན་ཟླ་ཚོའི་མིག་ངོར་འགྲེམ་ཡ་་ ༢།༩།༡༠
ཀློག་སྤྲོ་བ་ཞིག་བྲིས་འདུག་ ཐེངས་གཅིག་བཀླགས་པ་ཡིན།
ཚོད་མེད་རྒུན་ཆང་ལོངས་སྤྱོད་ཚེ་སྲོག་གཤེད།།
བག་ཡོད་བདུད་རྩིར་རོལ་ན་ལུས་ཀྱི་སྨན།།
མཐའ་མེད་རྒྱ་མཚོའི་མགྲམ་དུ་ཚེ་སྲོག་དེ།།
སྲུང་བའི་བྱ་ར་བྱེད་ཞིག་ཤ་ཁྲག་ལགས།།
མ་གཞིག་པ་ཞེས་བཅོས་རོགས
སེམས་ཀྱི་མཆིན་ཁུང་གཏོར་ལ་ཆེས་མཁས་ཤིང་།།
སྙིང་ཐུབ་རྡོ་རྗེ་བྲག་གིས་མ་ཞིག་པ།།
ཤ་ཁྲག་མཆོད་པའི་རྫས་ལ་རོལ་པ་ཡི།།
བུ་ཁྱོད་རླུང་གི་གཡང་ཁྱིམ་གསར་བར་འབོད།།
འདི་འདྲའི་སྙན་པོ་ཞིག་རེད། ཇི་འདྲའི་བསམ་ཞིབ་ཞིག བསམ་བཞིན་ཕྲིས། འབྲི་བཞིན་སྤེལ་རོགས།
དངོས་གནས་སྙན་མོ་ཞིག་བྲིས་འདུག ཧོར་གཙང་འཇིགས་མེད་ཀྱི་སྙན་ངག་དང་འདྲ་བོ་འདུག
ཚིགས་བཅད་སྙན་ངག་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད།
ཁ་སང་ཡོང་ནས་ངོ་ཤེས་ཁུལ་ཞིག་བྱས་མོལ་ཡ་བྱས་མི་འདུག སྐྱོན་མེད་གི དེ་རིང་ཡང་བསྐྱར་ཡོང་ནས་འཚམས་འདྲི་ཞིག་བྱས་པ་ཡིན།
ཆང་མང་པོ་མ་འཐུང་ཨ་་་་མ་གཏོགས་་་་་མི་གཞན་གྱིས་གོ་ན་ཡག་པོ་མ་རེད་ལབ་ཡོང།
རི་བོང་ཞིག་ཡོང་ནས་ཀློག་པ་དེར་དངོས་ནས་དགའ་བཞིན་སྤྲོ་བཞིན་ཡོད། བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།
ཐེངས་གཅིག་ཀློག་ནས་བུད་སོང་ང།