མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཡིན་མིན་གང་ནས་ལྟ་དགོས་ཀྱི་ཡོད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

མི་རུ་སྐྱེ་བ་ནས་མི་སྐད་བཤད་ཤེས་པ་དང་། བོད་དུ་སྐྱེ་བ་ནས་བོད་སྐད་བཤད་པ་དེ་ནས་བཟུང་དེ། ང་རང་བོད་མི་རིགས་ཀྱི་འཆི་གསོན་དང་འབྲེལ་བའི་མི་ཞིག་ཆགས་པ་རེད། དེ་ནས་བཟུང་། ངའི་ཕ་མ་གཉིས་ཀྱིས་ང་རང་ལ་བོད་སྐད་བཤད། ངས་ཀྱང་བོད་སྐད་བཤད། དེ་ལ་ཁྲིམས་དང་གནས་ལུགས་སོགས་གང་ཡང་མི་དགོས་པར། བོད་ཀྱི་ནང་མི་ཞིག་གི་འགྲོ་སྟངས་རྒྱུན་ལྡན་ལྟ་བུ་ཞིག་ཆགས་པ་རེད།

ང་རང་འཚར་ལོངས་བྱུང་རྗེས་སུ། ངས་ཀྱང་རང་གི་ཕ་མ་དག་གི་ང་ལ་བོད་སྐད་བཤད་པ་ལྟར། ད་ནི་ངས་ཀྱང་རང་གི་བུ་མོ་ལ་བོད་སྐད་བཤད། འོན་ཀྱང་། ནམ་ཞིག་ངའི་བུ་མོས་ང་ལ་ཁྱེད་ཀྱི་བཤད་བཞིན་པ་དེ་མི་རིགས་སུ་ཞིག་སྐད་ཆ་རེད་ཅེས་འདྲི་སྲིད། དེ་དུས་ངས་གནས་ལུགས་བཤད་དགོས་སམ། ཡང་ན། ཁྲིམས་ཤིག་བཟོ་དགོས། གང་ལྟར། ངས་འདི་ལྟར་མུ་མཐུད་དུ་འདང་རྒྱགས་དགོས་བྱུང་།

ཚུར་ལ་ཅི་ཙམ་བསུས་པའི་སེམས་གཏིང་གི་དྲི་བ་འདི་དག་གིས། ནམ་ཞིག་ཕར་ལ་ལོག་འགྲོ་བའི་གོམ་གཤིས་ཤིག ངའི་བུ་མོའི་འཚར་ལོངས་ཀྱི་རྒྱུད་རིམ་ནང་དུ་བྱུང་ན། ད་གཟོད་ནག་ཉེས་དེ་དང་ནོར་འཁྲུལ་དེ་དག་ང་ཡིས་བཟོས་པ་ཡིན་ནམ། དེ་མིན་ན་ང་རང་གི་ཕ་མ་གཉིས་ཀྱིས་ཆུང་དུས་ནས་ང་རང་ལ་བོད་སྐད་བཤད་པ་དེས་ལན་པ་ཡིན་ནམ། ངས་མུ་མཐུད་དུ་བོད་སྐད་བཤད་པར་བདེན་ན་ཡང་། ངའི་བུ་མོའི་བོད་སྐད་བཤད་མ་ཤེས་པའི་ཉིན་མོ་དེར། ངའི་བུ་མོ་འདི་བོད་པ་ཡིན་ནམ། ཕལ་ཆེར། དེ་དུས་ངས་ཁོ་མོ་ང་རང་གི་བུ་མོ་ཡིན་པར་ཁས་ལེན་བྱས་ན་བོད་པ་གྱུར་འགྲོ་བར་ལོ་རྒྱུས་ཀྱི་ཁས་ལེན་སྲིད་དམ།

གཅིག་བྱས་ན་ང་རང་བོད་པ་ཡིན་དུས། བུ་མོ་ཡང་བོད་པ་ཡིན་སྲིད་པ་རེད། འོན་ཀྱང་། ཨ་མ་བོད་པ་མིན་དུས། བུ་མོ་ཡང་བོད་པ་མ་ཡིན་པར་གྱུར་འགྲོ་བར་ཡང་ཐེ་ཚོམ་མེད་པ་འདྲ། འདི་དག་ལ་གནས་ལུགས་ཇི་ལྟར་བཤད་ན་ད་གཟོད་བོད་མི་རིགས་ཀྱི་རྗེས་རབས་པ་དག་གི་ངོས་ཟིན་བྱེད། མི་རིགས་དང་དང་རྒྱལ་ཁབ་ལ་ཡང་ས་མཚམས་ཤིག་ཡོད་ངེས་པ་ཡིན། དེས་ན་ངའི་བུ་མོའི་རྒྱལ་ཁབ་ད་ལྟ་བོད་ཀྱི་རྒྱལ་ཁབ་ནི་མེད་ལ། ཁོ་མོ་སྐྱེ་ཡུལ་ནི་རྒྱལ་ཁབ་འདི་ཡིན་པས། སྐྱེ་མ་ཐག་ནས་བཟུང་དེ། རྒྱལ་ཁབ་འདིའི་མི་སེར་གྱི་ལག་ཁྱེར་ཐོ་འགོད་བྱས་ཟིན་པ་དང་རྒྱལ་ཁབ་འདིའི་མི་རུ་གྱུར་སོང་།

དེས་ན་མི་རིགས་གང་ཞིག་དུ་ངེས་འཛིན་བྱེད་དགོས་པ་ཡིན། སྐད་ཀྱི་སྟེང་ནས་ངོས་བཟུང་དགོས་པ་ཡིན་ནམ། དེ་ཡང་ད་ལྟ་བཤད་ཚོད་མི་ཐུག སྐྱེ་ནས་ལོ་གཅིག་ལ་ལྷག་རེད། རྗེས་་ཕྱོགས་བོད་སྐད་ཤེས་དུས་སུ། ངའི་བུ་མོ་བོད་ཀྱི་བུ་མོ་ཞིག་ལ་ངོས་འཛིན་བྱས་པ་ཡིན་ན། བོད་རིགས་སྤུན་ཟླ་དག་གིས་ངའི་བུ་མོ་བོད་ཀྱི་བུ་མོ་ཞིག་ལ་ངེས་འཛིན་བྱེད་སྲིད་དམ། བྱས་པ་དེ་ཙམ་གྱིས་བོད་མིར་གྱུར་འགྲོ་བ་ཨེ་ཡིན་ནམ། དེ་མིན་ན་རྒྱལ་་ཁུངས་ཀྱི་དངོས་ནས་ངོས་འཛིན་བྱེད་སྲིད་དམ། ཡང་ན། སྐྱེ་ཁུངས་ནས་ངོས་འཛིན་བྱེད་སྲིད་དམ།

མཐའ་དོན་དྲ་ཐོག་གི་སྤུན་ཟླ་ཚོ། ཁྱེད་རང་ཚོ་ང་དང་འདྲ་བ་ཁ་ཤས་རེ་ཡོད་ན། ཁྱེད་རང་གིས་རང་རང་གི་ཕྲུ་གུ་དེ་མི་རིགས་གང་ཞིག་དང་། རྒྱལ་ཁུངས་གང་ཞིག སྐྱེ་ཁུངས་གང་ལ་ངེས་འཛིན་བྱེད་སྲིད་དམ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༥ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    ཁ་བ་ནག་པོའི་རང་གི་ལྟ་ཚུལ་དང་མཉམ་མྱོང་གླེང་བ་དེར་སྤྲོ་ནས་ཡོད།

    གཅན་བཟོད་རྒྱམ་ལགས། ངས་ཀྱང་རང་གིས་གང་ནུས་ཤིག་ཤུ་རེ་བྱེད་ནི་རེད། དེ་ནས་ཉིད་ནས་ཞོགས་དུང་གི་སྐོར་འདི་རུ་ངོ་སྤྲོད་བྱས་པ་བཀའ་དྲིན་ཆེ།

    སྤུན་མཆེད་ལགས། ཉིད་ནས་གསུངས་པ་དེ་སེམས་སུ་བཟུང་ནས་ཡོད། ཁོམ་དུས་སུ་ངའི་ཁང་ཆུང་འདིར་ཡང་ཡང་ཡོང་གི་བསྡོད། སྒོ་ཕྱེ་ནས་བཞག་ཡོད་ལ། འཚམ་འདྲི་རྟག་དུ་ཡོད་་

    བོན་རྒྱ་རིན་པོ་ཆེ་ཚང་། སྐུ་ཉིད་ཀྱང་ཁོམ་པ་ཞིག་དང་བསྟུན་ནས་ངེད་ཚང་དུ་ཡོང་ནས་བསམ་ཚུལ་གསུངས་པ་དེ་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་བསམ་ཚུལ་མི་མཐུན་ས་རེ་ཡོད་ན་བགྲོ་གླེང་བྱེད་དུ་ཕེབས་ཤོག་དང་། ངས་ཀྱང་དུས་ཚོད་ཅི་ཡོད་ཅིག་གཏོང་ཐབས་བྱེད་ཡ་

    Reply
  2. kangwod says:
    ལོ་ 16 སྔོན།

    བོད་པ་ཡིན་སྟངས་བཤད་མི་ཤེས་ར། བོད་པར་ལྡོག་ཏུ་མེད་པའི་དགའ་བ་དང་སྡང་བ་གཉིས་པོ་གང་སྐྱེ་བ་ལའང་ཚད་མཐོ་ས་ནས་བཤད་ན། བོད་ཀྱི་གོམས་གཤིས་རིག་གནས་བྱེ་བྲག་མང་པོ་ཞིག་ལ་རྒྱུས་མངའ་དགོས་པ་ཏན་ཏན་རེད། བོད་སྐད་ཆུ་བཞུར་བཞུར་དང་བོད་ཡིག་རྟ་རྒྱུག་རྒྱུག་ཀློག་མཁན། ད་དུང་སྙན་ངག་ཟེར་བའང་གྲངས་ཀ་བརྒྱ་ཕྲག་བརྒལ་བ་ལོངས་མཁན་མང་པོ་ཞིག་ད་དུང་བོད་པར་དགའ་སྟངས་དེ་ནི་ཤེས་ཡོན་པའི་གནག་རྫི་མ་ཚོ་དང་དགའ་སྟངས་སམ་དགའ་བའི་རྒྱུ་མཚན་གཅིག་པ་རེད། འདི་དངོས་གནས་ནོར་འཁྲུལ་རེད་ལ་ཉེན་ཁའང་རེད།

    བོད་ཀྱི་ལོ་རྒྱུས་རིག་གནས་སྤྱི་བྱེ་བྲག་དང་བཅས་པ་དོན་དངོས་པོའི་སྟེང་ནས་གོ་བ་ཆེན་པོ་ཞིག་ཆགས་ན་ད་གཟོད་དགའ་ནའང་ལྡོག་ཏུ་མེད་པ་དང་སྡང་ནའང་ཕྱིར་འོང་མེད་པ་ཞིག་སྡང་གི་འདི་ད་ཚད་མཐོ་ཤོས་རེད།

    Reply
  3. chentsasopa says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་བྱས་ནས་རང་ཁྱིམ་དུ་ཕེབས་འདུག་པའི་གནས་ཚུལ་འདུག གནས་ཚུལ་འདི་ན་ཡོད།
    http://www.rangwang.net/?essayId=923

    གནས་ཚུལ་གང་སར་བརྒྱུད་འགོད་བྱེད་རོགས།

    Reply
  4. karmadentse says:
    ལོ་ 16 སྔོན།

    སྤུན་མཆེད་ལགས། ཁྱེད་རང་གི་སེམས་གཏམ་ཆ་ཚང་བཀླགས་པ་ཡིན། ངས་ཡང་ཁོག་ལ་གང་ཤར་གྱི་སེམས་གཏམ་ཐེབས་ཆགས་ཤིག་བྲིས་ཡོད། འུ་གཉིས་ཀྱིས་གཅིག་གཅིག་བྲིས་པའི་རྗེས་ནས་གཉིས་གཉིས་མི་འབྲི་རྒྱུ་བྱེད། འདི་བསམ་ཚུལ་ཙམ་ཡིན།

    Reply
  5. chentsasopa says:
    ལོ་ 16 སྔོན།

    ཞི་མོ་ཐར་མ་འཚོ་ལ་བོད་སྐད་བོད་ཡིག་ཆུ་རྒྱུགས་རྒྱུགས་བཟོས་ཞོགས་ར་བོད་མི་ ཡིན་མིན་ལ་སེམས་འཁྲེལ་མེད།

    གཞན་ང་ལ་མཚོན་ན་བོད་མི་ཡིན་མིན་དེ་འོག་གི་དེའི་ཆེ་ཆུང་དང་ཁ་དོག དེ་ནས་འཁེར་གི་བཅུག་སྟེ་ཤུགས་ཆེ་ཆུང་ལ་བལྟས་ན་བོད་མི་ཡིན་མིན་ཤེས་ཁོ་ཐག་རེད་སྙམ་བསྡད་ཡོད། འདི་ངས་བོད་མི་ཡིན་མིན་གྱི་བརྟག་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན། ཡིད་མི་ཆེས་ན་ཁྱོད་ཀྱིས་བོད་མིན་རྒྱ་མིན་འདྲ་ཞིག་ཁྲིད་ཤོག་དང་ངས་བརྟག་དགོ་ཡ།

    Reply
  6. kawakarpo says:
    ལོ་ 16 སྔོན།

    ང་ལ་བུ་དང་བུ་མོ་གང་ཡང་མེད། ཡིན་ན་ཡང་ང་ལ་ངའི་བུ་མོ་འམ་ཚ་མོ་ལྟ་བུའི་སློབ་ཕྲུག་ཅིག་ཡོད། མོའི་ཕ་ལགས་བོད་པ་དང་ཨ་མ་ལགས་ཨ་རི་བ་རེད། ཨ་རི་བ་སྤྱིར་གཏང་བཞིན་མོའི་ཨ་མའི་ཕྱོགས་ཀྱི་ཉེ་འབྲེལ་དག་མི་ཚེ་གཅིག་གི་རིང་ཐུག་འཕྲད་ལན་རེ་ཡང་བྱེད་དཀའ་བར་གྱུར་འདུག་མོད། མོའི་ཨ་ཕའི་ཕྱོགས་ཀྱི་སྤུན་མཆེད་འགའ་ས་གནས་གཅིག་ཏུ་ཡོད་པས་ནམ་རྒྱུན་འགྲོ་འོང་མང་པོ་ཞིག་བྱེད་བཞིན་འདུག གང་ལྟར་བུ་མོ་འདི་ལ་ཕར་བལྟས་ཚོད་ཀྱིས་བོད་པ་ཞིག་ཡིན་པའམ་ཡང་ན་བོད་པ་ཕྱེད་ཀ་ཞིག་ཡིན་པའི་འདུ་ཤེས་དེ་འདུག ནང་མིའི་ཁྲོད་དུ་ཡང་མོའི་ཚ་བོ་ཚ་མོ་དག་ལ་བརྩེ་བ་ཆེན་པོ་ཞིག་འདུག་ཅིང་། དེ་དག་དང་མཉམ་དུ་རྩེད་མོ་རྩེ་བ་དང་སྐད་ཆ་བཤད་པ་སོགས་ཀྱི་སྐབས་སུ་སྐྱིད་པོ་དཔེ་མེད་ཅིག་ཡོང་གིན་འདུག ངས་མོ་རང་ལོ་ལྔ་ཡིན་དུས་ཏེ་ལོ་བདུན་གྱི་སྔོན་ནས་གཟའ་འཁོར་རེར་ཉི་མ་གཅིག་རེར་བོད་ཡིག་བསླབས་པ་ཡིན་ཞིང་། ད་ལྟ་ས་གནས་འདིའི་བོད་པའི་ཕྲུ་གུ་ཚོའི་ཁྲོད་དུ་བོད་ཡིག་འབྲི་ཀློག་གཉིས་ཀར་ཨང་དང་པོ་རེད། དེ་བཞིན་ཧི་མ་ལ་ཡའི་བོད་ཡིག་གཏགས་ནས་ལས་བྱ་འབྲི་མཁན་ཡང་མོ་རང་གཅིག་པོ་རེད། ངས་བལྟས་ན་བུ་མོ་འདིའི་སེམས་ཁོང་དུ་རང་ཉིད་ཀྱི་ཁྲག་རྩའི་ནང་དུ་བོད་པའི་ཁྲག་ཅིག་རྒྱུ་བཞིན་ཡོད་པ་དང་། ཁྲག་དེའི་རྒྱབ་ལོགས་སུ་བོད་པ་ཞེས་པའི་མིང་ཚིག་ཅིག་ཀྱང་མི་མངོན་པའི་ཚུལ་དུ་ཡོད་པའི་ཡིད་ཆེས་འདུག འདི་ལྟ་བུའི་མ་ཕ་གང་རུང་རེ་བོད་པ་ཡིན་པའི་ཕྲུ་གུ་དག་ལ་ཁྱེད་རང་བོད་པ་རེད་ཅེས་དྲན་སྐུལ་བྱེད་དགོས་ཤིང་། དེའི་སྟེང་དུ་བོད་པའི་ཆོས་སམ་ཡང་ན་དེ་མིན་པའི་སྐད་ཡིག་སོགས་རིག་གཞུང་རེ་བསླབས་ན་བོད་པ་ཡིན་པའི་ཚོར་སྣང་དེ་ཆེ་རུ་འགྲོ་བཞིན་འདུག་པ་ནི་ངའི་ཉམས་མྱོང་ཕྲན་བུ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese