མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། བཅུ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

                                                            བཅུ་གཉིས།

ངས་བདེ་སྐྱིད་འཚོའི་སྐོར་གྱི་སྐད་ཆ་ཆེས་མི་ཉུང་བ་ཞིག་གཟའ་མཇུག་དུ་གྲོགས་པོ་དག་གི་ཁ་ནས་མི་དགོས་ཟེར་ས་མེད་པར་གཅིག་རྗེས་གཉིས་མཐུད་དུ་གོ་བྱུང་། གྲོགས་པོ་དག་ང་ལས་གཅིག་ལ་བལྟས་ན་གཅིག་བདེ་སྐྱིད་འཚོའི་སྐོར་མང་བོ་ཞིག་ཤེས་ཀྱི་འདུག་ལ། ཁོང་ཚོས་གོ་བ་དེ་དག་ནི། བདེ་སྐྱིད་འཚོའི་མི་ཚེ་ནང་གི་ཆེས་སྐྱོ་བའི་སྐབས་ཀྱི་འཚོ་བ་དང་། བུད་མེད་ཅིག་གི་མི་ཚེ་ནང་དུ་འགྲིམ་འདོད་མེད་པའི་གོ་རིམ་ཞིག་ཀྱང་རེད།

ང་ཚོས་གླེང་གཞི་ནི་བདེ་སྐྱིད་འཚོ་ཆགས་སོང་བ་མ་ཟད། ཁོང་ཚོ་ཚང་མས་ང་ལ་ཀུ་རེ་བྱེད་པའི་གཞི་མ་ཡང་བདེ་སྐྱིད་འཚོའི་སྐོར་གྱི་གཏམ་རྒྱུད་ངས་ཕྱོགས་བསྡུས་བྱེད་ཀྱིན་པ་དེ་ལ་ཁོང་ཚོ་ཚང་མ་ཧང་སངས་འདུག བུད་མེད་དེ་འདྲ་ཞིག་གི་ལོ་རྒྱུས་འབྲི་རན་ཡོད་པ་ཞིག་ཡིན་ན། ང་ཚོ་ཚང་མས་ལོ་རྒྱུས་ཀྱང་དངོས་ནས་བྲིས་ན་མ་ཆོག་པ་མེད་པ་རྐྱང་རྐྱང་རེད་འདུག་ཟེར་ནས་ཞོར་དུ་ང་ལ་་ཟུར་ཟ་ཡང་མང་བོ་ཞིག་བྱས། ངས་གྲོགས་པོ་ཚོ་ལ། ཁྱེད་ཅག་ལ་དངོས་ནས་ཧ་ལས་ཤིང་། ཡ་མཚར་བ། ཡང་ན་ཡ་ང་བ། མིན་ན་ཡིད་སྐྱོ་བ། དེ་མིན་བསམ་ཡུལ་ལས་འདས་པའི་མི་ཚེ་ཁྲོད་ཀྱི་བྱུང་རིམ་གང་ཞིག་ཡོད་ཅེས་དྲིས་པ་ཡིན།

ཁོང་ཚོ་དགོད་ཀྱིན་དགོད་ཀྱིན། གྲོགས་པོ་རེ་ཟུང་ཞིག་གིས་སྨད་བཙོང་མ་ཞིག་གི་ལོ་རྒྱུས་ལ་དེ་འདྲའི་རིན་ཐང་ཞིག་ཡོད་ཚེ། ང་ཚོའི་ལོ་རྒྱུས་ལ་་རིན་ཐང་ལོས་ཡིན། ཡུལ་ཕ་མ་རྒྱང་དུ་བཞག ཤ་ཉེ་རིང་རྒྱབ་ལ་སྐྱུར། ཕ་ས་ཕ་ཡུལ་རིང་དུ་བོར་ནས། ས་འདི་འདྲ་ཞིག་སླེབས་དོན་ཞིག་མེད་ཀ དེ་ཡི་ལོ་རྒྱུས་་་་

ངས་ད་ཆོག་གི ཆོག་གི ངས་འབྲི་བཞིན་པ་དེ་དག་ནི་བུད་མེད་ཅིག་གི་མི་ཚེ་ནང་དུ་མི་འདོད་ཀྱང་ལྡོག་དུ་མེད་པའི་ལས་དབང་གི་སྐྱོ་གར་ཞིག་གི་སྐོར་ཡིན་མ་གཏོགས། ཁྱེད་ཚོ་ལྟར་བུ་དབའ་བོ་རང་ཡུལ་སྐྱུར་ནས་བྲོས་བྱོལ་དུ་ཡོང་མཁན་དག་དག་གི་ལོ་རྒྱུས་མིན། ངས་འབྲི་བཞིན་པ་དེ་ནི་བུད་མེད་ཅིག་གི་མི་ཚེ་ནང་དུ་ཅི་ཙམ་བཙལ་ཡང་། ག་ཚོད་སྩོལ་བ་བྱས་ཀྱང་འབྲས་པུ་སྨིན་མ་ཐུབ་པའི་གཏམ་རྒྱུད་ཅིག་གི་མཇུག་འབྲས་ཡིན། ད་དུང་་་་ ད་མི་བཤད། མང་བོ་བཤད་ན། ཁྱེད་ཅག་གི་སེམས་པ་ལྕགས་ཀྱི་བཟོས་ཡོད་ཀྱང་། འགུལ་བསྐྱོད་ཅིག་རྒྱགས་མི་སྲིད་པ་མིན། དེ་ལས་ཁྱེད་ཅག་གི་ཁྲོད་དུ་ཁོ་མོ་དང་འདྲིས་གཤིབ་བྱེད་མྱོང་མཁན་ཡོད་དམ།

ཚང་མ་ཁ་གྲགས་རྒྱུར་མེད་པར། གཅིག་གཅིག་གི་ངོ་ལ་བལྟས་དེ་བསྡད། ཅུང་ཙམ་རྗེས་སུ་རེ་རེ་བཞིན། མེད་ཟེར།

འོ་ན། ཁྱེད་ཅག་གིས་ཁོ་མོའི་སྐོར་གྱི་ལོ་རྒྱུས་དེ་དག་ཇི་ལྟར་ཐོས་པ་ཡིན། དེ་ལ་ཁུངས་ལུང་ཅི་ཡོད་དམ། རེད་རེད། མྱི་ཁ་ནི་བུད་མེད་ཅིག་ལ་མཚོན་ན་དེ་བས་ཀྱང་འཁུར་འདོད་མེད་ཀྱང་བཙན་གྱིས་བཀྱགས་པ་ཞིག་ཡིན་དུས། ཁོ་མོ་དང་འདྲ་བའི་བུད་མེད་རེ་ཟུང་གིས་འཁུར་ནས་འགྲོ་དགོས་པ་དེ་ཡང་བཟོ་མཁན་ཡང་། མྱི་ཁ་གཏོང་ལ་དགའ་མཁན་དང་མྱི་ཁ་སྒྲོགས་ལ་དགའ་བའི་འུ་ཚོའི་རིགས་ཀྱི་བཞག་པ་རེད། དངོས་ནས་ཡ་རེ་ང་་་་་

ང་ཚོས་གཟའ་མཇུག་གི་ཉིན་གཉིས་ཀྱི་སྐད་ཆ་མང་ཤོས་ཤིག་བདེ་སྐྱིད་འཚོའི་སྐོར་ནས་ཡིན་ཡང་། ཐ་མ་དེར་གྲོགས་པོ་དག་གིས་ཀྱང་རང་རང་གི་མྱི་ཁ་ལས་འཐུས་པའི་གཏམ་དེ་དག་གིས་དོན་མེད་དུ་ཁོ་མོ་ནག་ཉེས་བཙུགས་པ་དེར་ངེས་པ་སྐྱེ་ནས་ང་ལ་གདུང་སེམས་མཉམ་བསྐྱེད་དང་བཅས། རྗེས་སུ་ཁྱེད་རང་གིས་ཁོ་མོའི་ལོ་རྒྱུས་ཆ་ཚང་ཡིག་ཐོག་དུ་ཕབ་རྗེས་སུ། ང་ཚོས་ཁྱེད་རང་ལ་དཔར་སྐྲུན་བྱེད་པའི་ཐད་དུ་མ་དངུལ་གྱི་ཞབས་འདེབས་རྒྱགས་ཁོ་ཐག་ཡིན་ཟེར་ནས་ཚང་མ་གཟའ་མཇུག་དུ་འཛོམས་པའི་གྲུབ་འབྲས་ཀྱང་བྱུང་སོང་།

ངས་གཏམ་བཟང་དེ་ཡི་སྐོར་བདེ་སྐྱིད་འཚོ་ལ། ང་རང་ཕྱིར་ནང་དུ་ཡོང་བའི་ལམ་ཁ་ནས་འཕྲིན་ཐུང་ཞིག་སྐུར་བ་ཡིན།

བདེ་སྐྱིད་འཚོ། ཁྱེད་རང་ལ་གཏམ་བཟང་ཞིག་ཡོད། ངའི་གྲོགས་པོ་ཚོས་ཁྱེད་རང་གི་ལོ་རྒྱུས་བྲིས་ཚར་སོང་ན། ཁོང་ཚོས་དཔར་བསྐྲུན་མ་དངུལ་གྱི་ཞབས་འདེབས་རྒྱགས་ཀྱི་ཡིན་ཟེར་གྱི་འདུག

བདེ་སྐྱིད་འཚོས། དེ་མ་ཐག ང་རང་ལ་འཕྲིན་ཐུང་འདི་ལན་དུ་འབྱོར། ཁྱེད་དང་ཁྱེད་ཀྱི་གྲོགས་པོ་ཚོ་ལ། ཁོ་མོའི་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། གཟའ་འཁོར་རྗེས་མ་ཁྱེད་རང་ཁོམ་པ་ཡོད་ན་ང་ཡོད་སར་ཕེབས་རོགས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་ཅག་ཕེབས་པ་དགའ་ཡོད། བསམ་ཚུལ་གསུངས་པ་ཐུགས་རྗེ་ཆེ།

    Reply
  2. Phurbu says:
    ལོ་ 15 སྔོན།

    I have already read it.love sometimes make us crazy but we should face it rationally rather than be a crazy.my computer has not got Tibetan software, that’s why i have to use English.

    Reply
  3. karmadentse says:
    ལོ་ 15 སྔོན།

    བཀླགས་ཡོད་སྐད་ཆ་སྣང་བ་འགྲོ་བོ་ཁ་ཤས་ཤིག་བཤད་འདུག དེ་ཙམ་བྱ།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    རས་པ་ལགས། ཉིད་ནས་བསམ་ཚུལ་གསུངས་པ་དེར་བཀའ་དྲིན་ཆེ་ལགས།

    Reply
  5. མེ་ཆར། says:
    ལོ་ 15 སྔོན།

    རྒན་པོ་ཚོས་འཕྲིན་འབྲི་བ་འདྲ་བ་འདི་དག་ལ་ལེགས་བཅོས་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese