སྡེ་ཆེན་པོ་ཞིག་གི་མཐའ་ནས
རི་སྐྱ་བོ་ཞིག་གྲོང་ནས
སྡུག་ཐང་ན་ཡོད་ན་ཐོད་དུ་བླངས
སྐྱིད་རུམ་ན་ཡོད་ན་ས་ལ་གཡུགས་རྗེས་སུ
ད་གཟོད་ངན་པ་རིང་བོ་ཞིག་བཏང་ནས
ཁ་སང་གི་ཕྱི་དྲོ་ནས
དེ་རིང་གི་ཉི་མ་ནུབ་རེག་བར་དུ
ངས་སང་ཉིན་གྱི་ཆེད་དུ་ལས་ཀ་བྱས
མ་འོངས་པའི་རེ་སྨོན་ཁྲི་ཕྲག་མང་བོ་ཞིག
རྒྱ་སྒོར་དུང་ཕྱུར་མང་བོ་ཞིག་བོར་བ་ལྟར
ཉིན་ལྟར་སེམས་ཁྲལ་གྱི་གནས་སུ་བསྐྱལ
ཕྱིར་ཡོང་མེད་པའི་མི་དེ་ང་མིན་ལ
ཕྱིར་ཡོང་ཡོད་པའི་མགྲོན་པོ་དེ་ཡང་ང་ཡིན་མིན་གྱི་བར་ནས
ཕྱིར་འཁོར་མེད་པའི་རྔོན་པ་དེ་ཡི་མདའ་གཞུ་གཉིས་ཀ
ཕྱིར་ལམ་སྙེགས་པའི་ལམ་བར་ཞིག་ནས
ཕྱིར་མིག་མེད་པའི་རོ་གྲོང་དེ་རུ་ལུས་སོང་
གལ་སྲིད ཁྱེད་ཀྱི་ང་ལ་སྐད་ཆ་ཞིག་བཤད་ན
ངས་ཁྱེད་ལ་རྣ་བ་དྲོན་པོ་ཞིག་གི་ཉན་འདོད་ཡོད
རི་རབ་ཀྱི་རྩེ་ནས་རྒྱ་མཚོའི་ཞབས་བར
ང་དང་ཁྱེད་ཀྱི་གཏམ་རྒྱུད་ཅིག་འབྲི་ཐུབ་སོང་ན
ཉིན་མོ་དེ་ནས་ངའི་རུས་པ་གངས་རིའི་དབུ་རྩེར་གཏོར་ངེས
སེམས་པ་དྲོན་མོ་ཞིག
གནམ་གཤིས་འཁྱགས་པ་ཞིག་ལ་སྤྱར་ནས
རྟེན་འབྲེལ་གྱི་རང་བཞིན་ལ་གོམས་པའི་གཤིས་ཀ་ཞིག
བདེ་མོ་བཞག་པའི་སྙིང་ཉེ་བའི་མི་ཚོགས་ཤིག
ངའི་ཡ་ཆུང་གི་རི་མོ་བརྐོས་པའི་བླ་སྲོག་གི་འབོད་སྐུལ་གྱིས
ང་གང་དུ་ལུས་ཀྱང་ རང་ཉིད་ལ་ཕ་ཡུལ་མེད་པ་ཤེས་སོང་
སྐུ་ཉིད་ཕེབས་པ་དགའ་བསུ་ཞུ།
སྙན་ངག་སྙ་མོ་ཞིག་བྲིས་འདུག ཡོང་ནས་ཅིག་བཀླགས་པ་ཡིན་