ང་འདར་སུག་རྒྱགས་ཀྱིན
ལྟོགས་ཞོར ངུ་ཞོར
ཐག་རིང་བའི་ཡུལ་ཞིག་ནས
ཤོར་ཟིན་པ ཕྱིར་ལེན་པའི་ཆེད་དུ
འདུར་གྱིན་ཡོད ཡོང་བཞིན་ཡོད
སྒོ་དྲུང་དུ་ཐོན་ཡོད
སེམས་པ་ཞིག་སྟོན་འདོད་ཡོད་ན
སྐད་ཆ་ཞིག་བཤད་འདོད་ཡོད་ན
གཅིག་བྱས་ན ཕྱིར་དྲན་ཁོ་ནར་གྱུར་བའི་ང་
ཁྱེད་ཀྱི་སྒོ་འགྲམ་དུ་ལུས་འགྲོ་ན་ཐང་
གང་ལྟར དོ་ནུབ་ང་ཁ་རོག་གེར་འདུག
ཟླ་འོད་དཀར་ཞིང་བསིལ་ལ
གྲང་རླུང་ཧུར་ཧུར་ལྡིང་
སྐར་ཚོགས་ལྡེམ་མྱུར་འཁྱུགས
ངས་འདི་འདྲའི་ལྟ་དུས་གྲོགས་པོ་ཁྱེད་དོ་ནུབ་ཡང་ཕེབས་པར་འདྲ། མ་གཞི་ནས་ཁ་སང་སྔོན་མ་ཡང་ཐེངས་ཁ་ཤས་སྒོ་དྲུང་དུ་ཕེབས་འདུག ཡིན་ན་ཡང་མཚན་དེ་ཚོར་ང་ཁོམ་མ་སོང་། རྗེས་སུ་ཕེབས་རྐྱང་བྱོས་དང་ངས་བསྒུག་ནས་སྡོད་ཆོག
ཁྱེད་ཅག་རེ་རེ་བཞིན་ཕེབས་པ་དགའ་ཡོད། བསམ་ཚུལ་ཡང་ཉན་ཡོད། རྗེས་ཀྱང་ཕེབས་རྐྱང་བྱོས།
གྲོགས་པོ། སྒོ་རེ་རེའི་འགྲམ་ལ་སླེབས་དུས། སེམས་ལའང་མི་འདྲ་བ་རེ་རེ་འཆར་སྲིད། དེ་ནི་སྒོ་རེ་རེ་ཕྱེས་སྐབས་ཀྱི་ནང་ལོག་གི་མི་དེའི་ངོ་གདོང་ལ་རག་ལས་པས་སོ།།
ཨ་རོགས སུ་ཚང་ཡིན་མིན་མི་ཤེས་པའི་སྒོ་འགྲམ་དེ་ནས་བརྩམས་ཆོས་མང་པོ་ཞིག་སྤེལ་སོང་ཨ། ད་ནི་སྲང་ལམ་དེ་རུ་ཁྱོད་ཀྱི་བརྩམས་ཆོས་བཏིང་བ་ཡིན་ན་ཕལ་ཆེར་ཁེབས་ཚོད་དུ་ཡོད། ཨ་ལ་མུ་མཐུད་དུ་ཤུགས་སྣོན་དགོས། ང་ཚོ་རྙེད་པ་ནས་གསར་བའི་ཕྱོགས་སུ་བསྐྱོད་རྒྱུ་ཡང་དགོས་མཁོ་ཞིག་ཡིན། དེ་ལྟ་བུའི་དགོས་མཁོ་ལ་རྨང་གཞི་བརྟན་པོ་ཞིག་དགོས་པ་མིན་ནམ།
སྙན་ངག་བཀླགས་པ་ཡིན། ཡིན་ན་ཡང་ཡ་ཁོག་དྲོན་མོའི་ནང་ལ་ཅི་དྲན་འདི་དྲན་མེད་པས་བསམ་ཚུལ་འདྲ་འབྲི་རྒྱུ་མེད་གི