རང་ཡུལ་ཟེར་ནས་ཡུན་རིང་བོ་ཞིག་ལ་བསམ་བློ་བཏང་
རང་ས་ཟེར་ནས་ཡུན་རིང་བོ་ཞིག་འདང་བརྒྱབས
རང་དོན་ཟེར་ནས་ལས་ཀ་མང་བོ་མང་བོ་ཞིག་བྱས
མཐའ་མཇུག་དེར
ང་ལ་རང་དོན་ལས་ལྷག་པ་གང་ཡང་མེད་པར་གྱུར་སོང་ན
རང་ས་སླེབས་སམ
རང་ཡུལ་དབང་ངམ
རང་དོན་གྱི་བྱ་དངོས་ཡོད་ཚད་ཚེགས་མེད་ཡིན་ནམ
དཀའ་དུས་སུ་འདྲ་མིན་མང་བོ་དྲན་ཡང་
སྡུག་དུས་སུ་མིག་ཆུ་མང་བོ་བཏང་ཡང་
སྐྱིད་དུས་ཤིག་ལ་ངས་དགད་མོ་རྐྱང་རྐྱང་དགོད་དགོས་སམ
དུས་བཞི་རིམ་བཞིན་དུ་འགྱུར
ལོ་ཟླ་ཡང་ག་ལེར་འདས
གང་ལྟར མཐའ་མཇུག་གི་སྒོ་དྲུང་དུ
ངས་སུ་ལ་འཐམ་ནས་སྙིང་གི་རུས་པ་གཏོར་ཐུབ
སེམས་ཀྱི་གསང་བ་ཞུ་ཐུབ
རིགས་ཀྱི་ཞེན་ཁོག་སྤེལ་སྲིད
རེད་རེད། དངོས་ནས་བཟང་གི སྐུ་ཉིད་ཕེབས་པ་དགའ་ནས་ཡོད།
ང་ཞེས་པའི་ཡིག་འབྲུ་དེའི་ཆེད་དུ་བྱ་ངན་མང་དག་ཞིག་རང་བཞིན་གྱི་འབྱུང་། སྤྱི་ཞེས་པའི་རླབས་ཆེན་གྱི་ཡིག་འབྲུ་དེ་ལ་བརྟེན་ནས། སྒེར་གྱི་འཚོ་བ་ཚོན་པོ་ཞིག་སྤྱོད་པར་ངེས། འདི་ནི་མིའི་རང་གཤིས་སམ་མིའི་གཡོ་རྒྱུ་ཞིག