ང་ནམ་རྒྱུན་དུ་དྲ་ངོས་དག་ཀློག་རྒྱུར་གོམ་གཤིས་ཤིག་ཆགས་ཡོད་ལ། དེ་དག་གི་ཟ་དང་ཟུར་ལ་བོད་མི་རང་གི་དྲ་ཚིགས་ཤིག་གི་ཁྱད་ཆོས་གང་ཡོད་མེད་སྐོར་ལ་ཡང་བསམ་བློ་མང་བོ་གཏོང་མཁན་ཞིག་ཡིན། ཉིན་རེ་བཞིན་ལས་ཀ་གྲོལ་ནས་ནང་དུ་སླེབས་དུས། བུ་མོ་ལ་མཛའ་མོས་བལྟ་བཞིན་ཡོད་པ་དང་། མཚམས་རེར་ཁོ་མོ་ཁོམ་པ་མེད་དུས་མ་གཏོགས། ངས་ཁ་ལག་ཞིག་ཟས་རྗེས་སུ། དུས་བབ་དང་ཁ་བརྡ། བང་ཆེན། བོད་ནང་གི་དྲ་ཚོགས་གཅིག་གཉིས་ཤིག བཅས་ལ་ཉུལ་འགོ་བརྩམས་ཀྱི་ཡོད།
བོད་ནང་གི་དྲ་ཚིགས་དག་ལ་སྐད་ཆ་མང་བོ་ཞིག་བཤད་ཀྱི་མེད་ལ། ཁོང་ཚོ་བཙན་དབང་འོག་དུ་གནས་བཅའ་བའི་སྒྲིག་ལམ་བཙན་པོ་ཞིག་གི་འོག་དུ་ཡོད་དུས། བོད་ཀྱི་ལོ་དང་བོད་རྒྱལ་ཁབ་ཀྱི་བདག་དབང་སོགས་ལ་སྐད་ཆ་བཤད་པའི་ཐོབ་ཐང་གང་ཡང་མེད་པ་ཡིན་དུས། ངས་བོད་ནང་གི་དྲ་ཚོགས་དག་གི་ཟུར་་དུ་བོད་རྒྱལ་ལོ་ཡོད་མེད་ཀྱི་སྐོར་ལ་བསམ་འཆར་མི་འདོན། ངས་འདི་ནས་བསམ་འཆར་ཞིག་དང་རེ་སྐུལ་ཞིག་ཞུ་འདོད་པ་དེ་ནི། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། ཁ་བརྡ་སོགས་ཀྱི་གཙོ་བའི་བྱེས་སུ་གཉེར་བཞིན་པའི་དྲ་ཚོགས་ཀྱི་བདག་པོ་དང་ལས་བྱེད་དག་ལ་ཞུ་བཞིན་ཡོད།
དྲ་ཚིགས་ཀྱི་ཟུར་ངོས་སུ་ཕྱི་ལོ་ཡོད་པ་ལས་བོད་རྒྱལ་ལོ་བཞག་ཡོད་པ་དྲ་ཚིགས་ཕལ་ཆེ་བར་མཐོང་རྒྱུ་མི་འདུག དེ་ནི་དངོས་ནས་མཐོང་བདེ་བོ་ཞིག་མི་འདུག སྤྱིར་ན་ཕྱི་ལོ་བཞག་པ་དེར་སྐྱོན་བརྗོད་བྱེད་ཀྱི་མེད། རེད་དེ། བོད་རྒྱལ་ལོ་འཇོག་སའི་ས་མིག་ཆུང་ཆུང་ཞིག་ཟུར་དུ་ལོས་ཡོད་ཟེར་ནས་ཞུ་བཞིན་ཡོད་ལ། དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་ཞིག་ཀྱང་མཐོང་སོང་། བོད་ལ་རང་གི་ལོ་ཚིགས་དང་ཟླ་ཚེས་ཡོད་པ་དེ་ཡང་བོད་མི་དག་གིས་ཕལ་ཆེར་དྲན་པ་གསོས་ཀྱི་མེད་ཚོད་རེད། དེ་ཡིན་དུས། འདི་ནས་རེ་སྐུལ་ཆུང་ཆུང་འདི་བྱེས་ཀྱི་དྲ་ཚིགས་ཚང་མའི་གསན་རོགས་ཞུ།
ཕྱི་ལོ་མ་འཇོག་ཟེར་གྱི་མེད། ཕྱི་ལོའི་ཟུར་དེར་བོད་རྒྱལ་ལོ་འཇོག་རོགས་གནོང་ཟེར་ནས་ཞུ་བ་འཐེན་བཞིན་ཡོད། སྔོན་ཆད་དབྱིན་ཡིག་གི་དྲ་ཚིགས་ཕ་ཡུལ་གྱི་སྟེང་དུ་བོད་རྒྱལ་ལོ་ཡོད་ཀྱང་ཕྱིས་སུ་མཐོང་རྒྱུ་མི་འདུག རྒྱུ་མཚན་གང་ཡིན་ཤེས་མ་སོང་།
བདེན་པ་འདི་དང་ལེན་བྱེད་མཁན་གྱི་དྲ་ཚིགས་སུ་ཞིག་བྱུང་ན། ད་གཟོད་སེམས་ཀྱི་འབོད་པ་འདི་ལ་ནུས་པ་ཐོན་པ་རེད་ཅེས་བཤད་ཆོག་པ་རེད། ད་ནི་སྒུག་ནས་ལྟ་ཉན་བྱེད་ཆོག
དངོས་གནས་ཁྱོད་ཀྱི་བཤད་པབདེན་པ་རང་རེད། ངས་ནམ་རྒྱུན་བོད་ལ་དུང་ཞེན་མེད་ན་བོད་པ་ཡང་ཕལ་ཆེར་མ་རེད་ཟེར་ནས་བཤད་ཀྱིན་ཡོད། ཡིན་ན་ཡང་དེ་རིང་ཁྱོད་ཀྱི་སྐད་ཆ་དེས་ང་ཡང་དོགས་མི་བདེ་བ་ཞིག་བཟོས་སོང་། རྒྱི་མཚན་ནི་ངས་ཀྱང་ད་ལོའི་ལོ་འདི་བོད་རྒྱལ་ལོ་ཉིང་སྟོང་གཅིག་བརྒྱ་སུམ་བཅུ་ནང་ལ་ཡོད་དམ་བཞི་བཅུ་ལ་ཟིན་ཚར་ཡོད་མེད་ཀྱང་ཧ་གོ་གི་མི་འདུག
དམིགས་བསལ་གྱིས་ང་ཚོ་རང་བཙན་མེད་པའི་སྐྱབས་བཅོལ་པ་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེན་རེད་བསམ་གྱིན་འདུག
དེ་ནི་བདེན་པ་རེད་ངས་ཀྱང་དེ་སྔོན་ཞིག་ནས་དེ་ལྟར་བསམ་མྱོང་
མི་རིགས་རང་གི་ལོ་ཚིགས་དེ་གཙོ་ཆེན་རེད།