
མེ་ལྕེ་གཅིག མེ་ལྕེ་གཉིས། མེ་ལྕེ་གསུམ།
མཁའ་དབྱངས་དེ་ནས་མེ་ལྕེ་འབར
ས་གཞི་དེ་ནས་མེ་ལྕེ་མཆེད
ཡུལ་གྲུ་དེ་ནས་དམར་པོ་མེ་ཡི་གླུ་ཞིག་བླངས
མེ་ཡི་ཚིག་པའི་གླུ་ཚིག་དེ་ཡིས་སློང་བའི་མི་རིགས་ཤིག
གོམ་སྒྲ་གཅིག་གི་ལམ་དུ་ཆས
དགའ་དུས་སུ་མཉམ་དུ་ཡོད་ལ
སྡུག་དུས་ཀྱང་ལྷན་དུ་འཛོམས་པའི་མི་རིགས་འདི
རེ་བ་ལྟ་བུའི་མེ་ལྕེ་ཞིག མཐོ་སྒང་ནས་འབར་ཞིང་
མི་ཡུལ་གྱི་རྒྱལ་ཁམས་སོ་སོ་ན
སྐྱོབས་རོགས་ཞུ ང་ཚོ་གསོན་དགོས
ང་ཚོ་ཡང་འགྲོ་བ་མི་ཡིན
ང་ཚོ་ལ་ཆ་རྐྱེན་མང་བོ་མེད
མི་ཞིག་བྱེད་དུ་བཅུགས
མི་སྐད་ཅིག་བཤད་དུ་བཅུགས
མི་ཟས་ཤིག་ཟ་རུ་བཅུགས
མི་ས་ནས་བསྡོད་དུ་བཅུགས
དྲང་བདེན་ལ་དགའ་བའི་སྐྱེ་བོ་ཚོ
ང་ཚོས་རྒྱབ་དུ་ལོངས་ཤིག ང་ཚོས་རྒྱབ་དུ་ལོངས་ཤིག
མེ་ལྕེ་གཅིག མེ་ལྕེ་གཉིས མ་ལྕེ་གསུམ
བསྟུད་མར་འབར་བཞིན་པའི་མེ་ལྕེ་མཐོང་ན
མི་ཞིག་བྱེད་པའི་ཐོབ་ཐང་ཙམ་གྱི་ཆེད་དུ
ང་ཚོ་སྐྱོབས་ཤིག ང་ཚོ་སྐྱོབས་ཤིག ང་ཚོ་སྐྱོབས་ཤིག

![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




ཁྱོད་ཀྱི་སེམས་ཁམས་ནི་ང་ཡི་སེམ་ཡིན། དེའི་ཕྱིར་ཁྱོད་ཀྱི་དྲང་བདེན་ཀྱང་ང་ཡི་དམིགས་ཡུལ་ཡིན་