མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཚེ་ཧུའུ་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་སྨན་ཁང་ནས་ཁྲིད་དེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཁ་སང་རོ་ཊིར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་དབུས་དྲག་ཆས་ཉེན་རྟོག་པ་བཅུ་གྲངས་ཤིག་གིས། པེ་ཅིན་ ༣༠༡ སྨན་ཁང་དུ་ཡོད་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་སྨན་ཁང་ནས་ཁྲིད་དེ། དམག་དོན་ཐད་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་གལ་ཆེན་ཞིག་གི་ཐོག་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་པ་དང་། ཉིན་དེར་ཁོའི་བཟའ་ཟླ་དང་བུ་མོ། ཁོ་རང་གི་དྲུང་ཡིག་གཅིག་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁོ་བོའི་དྲུང་ཡིག་དང་ཉེན་སྲུང་དམག ཁ་ལོ་བ་སོགས་གསར་དུ་བཞག་སྟེ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་འདུག

༢༠༡༢ ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་ཉེན་རྟོག་ཁང་གི་མགོ་ཁྲིད་ཝང་ལི་ཅིན་ཨ་རིའི་གཞུང་ནང་ཉེན་གཡོལ་དུ་ཕྱིན་རྗེས། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་དང་པའོ་ཞི་ལེ་གཉིས་ཀྱི་གནད་དོན་མང་པོ་ཕྱི་ནང་གི་བརྒྱུད་ལམ་གང་སར་ཐོན་ཡོད་པ་མ་ཟད། ཀྲུའུ་དང་པའོ་གཉིས་ཀྱི་དབང་ཆ་སྒེར་སྤྱོད་དང་ལྐོག་ཟ་རུལ་སུངས། སྲིད་བསྒྱུར་ལྐོག་ཇུས། བུད་མེད་ལ་ལྐོག་འབྲེལ་སོགས་ཀྱི་ནག་ཉེས་ནང་། ཞི་ཚེ་ཧུའུ་མི་སྣ་གཙོ་གྲས་ཤིག་ཡིན་པ་མ་ཟད། སྲིད་འཛིན་ཟུར་པ་ཅང་ཙེ་མེན་གྱི་རྒྱ་ནག་དམག་ཕྱོགས་ཀྱི་ཆེས་བློ་གཏད་དང་ལྟ་སྐྱོང་ཐོབ་པའི་མི་སྣ་ཞིག་ཡིན་འདུག ཡིན་ནའང་། འདས་ལོའི་ལོ་མགོར་ཁོ་བོར་ལྐང་ཕུག་སྐྲན་ནད་ཕོག་ཡོད་ཚུལ་བརྗོད་དེ་པེ་ཅིན་ ༣༠༡ སྨན་ཁང་དུ་བསྡད་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་མང་པོས་ནད་གཞི་དེའི་རྐྱེན་གྱིས་ཁོ་བོའི་ནག་ཉེས་ལ་ཞིབ་བཤེར་མི་བྱེད་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་རེབ་གློ་བུར་དུ་ཁོ་བོ་སྨན་ཁང་ནས་ཁྲིད་དེ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་འདུག

ཞི་ཚེ་ཧུའུ་ ༡༩༤༣ ལོར་རྒྱ་ནག་ལོ་ལིན་ཞིང་ཆེན་དུ་སྐྱེས་ཤིང་། ༡༩༦༣ ལོར་མི་མང་བཅིངས་གྲོལ་དམག་ནང་འཛུལ་ཞུགས་བྱས་ཡོད་པ་དང་། ༡༩༦༨ ལོར་ཧ་ཨར་པེན་དམག་དོན་ཆེད་ལས་སློབ་ཆེན་ནས་མཐར་ཕྱིན། དེ་ནས་སྔ་གཞུག་ཏུ་ཁྲིན་ཡཱང་དང་ཅི་ནན་དམག་ཁུལ་གྱི་རྒྱུན་ལས་བྱས་མྱོང་བ་མ་ཟད། ༢༠༠༤ ལོར་རྒྱ་ནག་དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་དང་། ༢༠༠༧ ལོར་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་སོགས་སུ་བསྐོ་བཞག་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༩ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

༢༠༢༥/༠༧/༠༣
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese