མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་མིའི་ཐོབ་ཐང་ཚོགས་འདུ་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་གཞུང་གིས་བོད་དང་ཞིན་ཅང་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྙན་ཐོ་ཞིག་བཏོན་སྟབས། རྒྱ་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་ཕྱིར་འཐེན་བྱས་འདུག

དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་སང་ཉིན་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཚོགས་འདུ་ཞིག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ ཚོགས་འཆར་ཡོད་པ་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་སྤེལ་ཏེ། དབྱིན་གཞུང་གིས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་བྱས་ཚུལ་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཚེས་ ༡༡ ཉིན། དབྱིན་གཞུང་གིས་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་སྙན་ཐོ་ཞིག་བཏོན་ཏེ། རྒྱ་གཞུང་གིས་བོད་དང་ཞིན་ཅང་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་གདུག་རྩུབ་ཀྱིས་གཉའ་གནོན་དྲག་པོ་བྱས་དང་བྱེད་བཞིན་ཡོད་སྟབས། རྒྱ་ནག་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་པོ་མེད་པའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་བཞག་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་དཔའ་ཆོན་ཡུན་གྱིས། དབྱིན་གཞུང་གིས་རྒྱ་ནག་གི་སྲིད་དོན་ལ་འགན་འཁུར་མེད་པའི་སྙན་ཐོ་བཏོན་ཏེ་སྒྲོ་འདོག་མང་པོ་བྱེད་ཀྱིན་ཡོད་པ་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་ཤིང་། དེ་མིན་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་ཡར་རྒྱས་ལ་གནོད་སྐྱོན་འགྲོ་ངེས་རེད་ཅེས་བརྗོད་འདུག

གནད་དོན་དེའི་ཐད་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཚོགས་འདུ་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་། འོན་ཀྱང་། ང་ཚོས་ཡང་བསྐྱར་གྲོས་བསྡུར་བརྒྱུད་ཚོགས་འདུ་དེ་ཚོགས་རྒྱུར་དུས་ཚོད་གཏན་འབེབས་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ན་ནིང་ཕྱི་ཟླ་ ༡༢ པའི་ནང་དབྱིན་ཡུལ་གྱི་སྲིད་བློན་ཁེམ་མེ་རོན་ (David Cameron)མཆོག རྒྱ་ནག་ལ་གཞུང་འབྲེལ་གཟིགས་སྐོར་སྐབས། རྒྱལ་ཁབ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཚོགས་འདུ་ཞིག་ཚོགས་རྒྱུའི་གྲོས་ཆོད་བྱུང་བ་ལྟར། ཐེངས་འདིའི་ཚོགས་འདུ་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese