རྒྱ་ནག་གཞུང་གིས་ཆབ་མདོ་ཁུལ་ཚ་བ་དཔའ་ཤོད་དགོན་པའི་བླ་མ་དང་དགེ་འདུན་པ་བདུན་གློ་བུར་འཇུ་བཟུང་བྱས་ཏེ་ད་ཆར་གར་ཡོད་མ་ཤེས་པར་ལྷག་འདུག
རྒྱ་གཞུང་གིས་དེ་སྔོན་རྒྱུ་མཚན་ཅི་ཡིན་གསལ་བཤད་ཅི་ཡ་མེད་པར། བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་ཚ་བ་དཔའ་ཤོད་དགོན་བསམ་གྲུབ་བདེ་ཆེན་གླིང་གི་བླ་མ་བཟོད་པ་བློ་བཟང་བསྟན་འཕེལ་ལམ་བླ་མ་བསྟན་འཛིན་ཞུ་བའི་གཟིམ་ཤག་ཏུ་གང་བྱུང་སྔོག་བཤེར་བྱས་ཡོད་པ་མ་ཟད། འདི་ལོའི་བོད་ཟླ་ ༡ ཚེས་ ༢༠ ཡས་མས་སུ་བླ་མ་ཁོང་དང་དགོན་པའི་དགེ་འདུན་པ་ ༧ བཅས་གློ་བུར་འཛིན་བཟུང་བྱས་ཏེ། ད་ཆར་ཁོང་ཚོ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
འདིའི་ཐད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་བརྩད་གཅོད་བྱེད་སྐབས། རྫོང་ཉེན་རྟོག་མི་སྣས་བླ་མ་ཁོང་གིས་འདི་ལོའི་ལོ་བོད་ཟླ་ ༡ ཚེས་ ༡༥ ཉིན་བཙན་བྱོལ་དུ་ཚ་བ་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས་ཞལ་འདེབས་ཕུལ་ཡོད་ལུགས་དང་། ཀུན་བདེ་གླིང་སྟག་ཚག་རིན་པོ་ཆེ་མཆོག་གི་དགེ་བཤེས་ལྷ་རམས་པའི་དམ་འབུལ་ཆེད་ཞལ་འདེབས་བཅས་ཕུལ་ཡོད་པའི་བྱུང་འཛིན་དང་ཡིག་ཆ། བཙན་བྱོལ་ནང་ཡོད་པའི་བོད་མི་དང་འབྲེལ་བ་ཡོད་སྐོར་སོགས་བརྗོད་ཡོད་འདུག
ད་ཆར་རྒྱ་གཞུང་གིས་ཚ་བ་ཁུལ་གྱི་དགོན་གྲོང་གཉིས་ལ་འབྲེལ་བ་བྱེད་རྒྱུར་དམ་དྲག་དང་ལྟ་རྟོག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ