མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རག་རྒྱལ་ཡོངས་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨལ་ཁེལ་ཌ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་སྡིགས་རྭ་སྐུལ་མིན་ལ་མ་ལྟོས་པར། ཨི་རག་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་དངོས་སུ་མགོ་འཛུགས་བྱས་ཡོད་འདུག

དེ་རིང་ཨི་རག་གི་སྔ་དྲོའི་ཆུ་ཚོད་ ༧།༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༦།༠༠ པའི་བར། ཨི་རག་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་གནང་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འཐུས་མི་ ༣༢༨ ཙམ་འོས་འདེམས་བྱེད་བཞིན་ཡོད་པ་དང་། ཐེངས་འདི་ནི་ཨ་རིའི་དམག་མི་ཨི་རག་ནས་ཕྱིར་ལོག་བྱས་རྗེས་ཀྱི་འོས་བསྡུ་ཐོག་མ་དེ་ཆགས་ཡོད་འདུག

ཨི་རག་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༢༩ ལྷག་དང་ཆབ་སྲིད་ཚོགས་པ་འདྲ་མིན་ ༢༧༦། འོས་བསྡུའི་ས་ཚིགས་ ༥༠༠༠༠། འོས་མི་སྐྱེས་པ་ ༥༤༢༥ དང་བུད་མེད་ ༢༦༠༧ བཅས་ཡོད་འདུག་ལ། གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་པའི་མི་ས་ཡ་ ༢༦ ཙམ་ཡོད་པ་ལས། ཐེངས་འདིར་དངོས་སུ་དེབ་སྐྱེལ་བྱས་ཡོད་པ་ས་ཡ་ ༢༢ དང་། དེ་དག་ཁྲོད་བརྒྱ་ཆ་ ༦༥ ཙམ་གཞོན་སྐྱེས་ལོ་ ༡༦ ནས་ ༥༠ བར་ཆགས་ཡོད་འདུག

ཆབ་སྲིད་ཚོགས་པ་ཆེ་ཁག་ནི། སྲིད་བློན་ནཱོ་རེ་ (Nouri al-Maliki) ལགས་ཀྱིས་སྣེ་ཁྲིད་པའི་མཉམ་སྡེབ་ཚོགས་པ་(State of Law )དང་། སྲིད་འཛིན་ཇཱ་ལཱལ་(Jalal Talabani) ལགས་ཀྱིས་སྣེ་ཁྲིད་པའི་ཀར་ཌི་ཤི་དམངས་གཙོ་ཚོགས་པ། ཨི་རག་རྒྱལ་ཡོངས་བློ་མཐུན་ཚོགས་པ། དེ་བཞིན་(Asa’ibAhl al-Haq) ཚོགས་པ་དང་། ཨི་རག་དཀར་སྐྱོང་ཚོགས་པ་(White Iraqiya Bloc) བཅས་ཡིན་འདུག

འདིའི་ཐད་ཨི་རག་འོས་བསྡུ་ལྷན་ཁང་གིས། “ ད་རེབ་ཀྱི་འོས་བསྡུ་འདི་ནི་ལོ་རྒྱུས་ཐོག་གལ་འགངས་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་སྟབས། འཇིགས་སྐུལ་རིང་ལུགས་པས་འོས་བསྡུའི་ས་ཚིགས་ཁག་ཏུ་གཏོར་རྒོལ་མི་ཡོང་ཆེད་སྲུང་དམག་འགྲེམ་འཇོག་ཀྱིས་ལྟ་སྲུང་ནན་མོ་བྱས་ཡོད།” ཅེས་བརྗོད་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་བློན་འོས་མི་གཙོ་གྲས་བདུན་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ཁྲོད་མང་ཚོགས་ཀྱིས་རེ་བ་ཤུགས་ཆེན་བྱེད་ཡུལ་ཁག་ནི། ད་ལྟའི་ཨི་རག་སྲིད་བློན་ནཱོ་རེ་ (Nouri al-Malik) ལགས་དང་། ཨི་རག་ཤི་ཌི་ཁ་ཆེའི་མཐུན་ཚོགས་ཀྱི་མགོ་ཁྲིད་ཨཱ་མར་ (Ammar al-Hakim) ལགས། ཨལ་ཨ་ཧར་ཚོགས་པའི་མགོ་ཁྲིད་མུག་ཌ་ཋ་ (Muqtada al-Sadr) ལགས། ཀར་ཌི་ཤི་དམངས་གཙོ་ཚོགས་པའི་འོས་མི་སྲིད་འཛིན་ཇཱ་ལཱལ་ལགས་བཅས་ཡིན་འདུག

ཨ་རིའི་དམག་དཔུང་གིས་ཨི་རག་སྲིད་དབང་སྒེར་སྤྱོད་པ་སཱ་ཐན་ཧུ་སན་ (Saddam Hussein)ཕམ་ཉེས་བཏང་རྗེས། ཨ་རིའི་རྒྱབ་རོགས་འོག་ཨི་རག་ནང་དམངས་གཙོའི་ལམ་སྲོལ་འཛུགས་ཐུབ་པ་བྱུང་སྟེ་ད་བར་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་ཙམ་བྱས་ཡོད་ཅིང་། ༢༠༡༡ ལོར་ཨ་རིའི་དམག་དཔུང་ཨི་རག་ནས་ཕྱིར་ལོག་བྱས་རྗེས་གཞུང་འཛིན་ཚོགས་པ་དང་ཀར་ཌི་ཤི་མི་རིགས་ (khurdish) བར་འཐབ་རྩོད་དང་། ཤཱཡེ་ ( Shia)དང་སུ་ནེ་ ( Sunni) ཆོས་ལུགས་རྗེས་འབྲང་པའི་འགལ་ཟླ་ཞི་འགྲིག་བྱུང་མེད་སྟབས། ༢༠༡༢ ལོ་ནས་ ༢༠༡༣ ལོའི་བར་ཉེས་མེད་མི་སེར་ ༡༢༦༨༧ ཙམ་དམར་གསོད་ཐེབས་ཡོད་འདུག

ད་ལྟ་ཨི་རག་སྲིད་བློན་འོས་མི་དག་གིས་མ་གྲོས་བསམ་པ་གཅིག་མཐུན་ཐོག ཨི་རག་ནང་གི་ཆོས་ལུགས་རྩོད་རྙོག་དང་། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དག་ལ་རྡུང་རྡེག་གཏོང་རྒྱུ་ཙམ་མ་ཟད། སྤྱི་འབངས་བདེ་ལ་འཁོད་ཐུབ་པའི་དཔལ་འབྱོར་སྲིད་ཇུས་ཤིག་ལག་བསྟར་བྱས་ཏེ། འབྱོར་ཕྱུག་ལྡན་པའི་ཨི་རག་ཅིག་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་རྗོད་བཞིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨི་རག་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་རྒྱལ་ཁ་དེ་སྲིད་བློན་ནཱ་རེ་ལགས་ཀྱིས་སྣེ་ཁྲིད་པའི་མཉམ་སྡེབ་ཚོགས་པར་རྒྱལ་ཁ་ཐོབ་སྲིད་ཀྱང་། གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་གྲོས་ཚོགས་འཐུས་མའི་རྩ་འབོར་གསུམ་ཆ་གཉིས་ལོན་རྒྱུ་ཁག་པོ་ཡིན་སྟབས། ཆབ་སྲིད་ཚོགས་པ་གཞན་དང་མཉམ་འབྲེལ་ཐོག་གཞུང་འཛིན་རྒྱུ་ཡིན་སྐོར་བརྗོད་འདུག

སྲིད་བློན་ནཱོ་རེ་ལགས་ཀྱིས། “ ང་ཚོའི་ཆབ་སྲིད་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྨོས་མེད་ཡིན་ཡང་། རྒྱལ་ཁ་དེ་ཚད་གཞི་ག་འདྲ་ཞིག་ལ་བསླེབ་ཀྱི་ཡོད་མེད་ད་དུང་ཚོད་དཔག་བྱེད་ཐུབ་ཀྱི་མེད།” ཅེས་བརྗོད་འདུག

ཉེ་ཆར་ཨི་རག་ནང་རྒྱལ་ཡོངས་འོས་བསྡུ་ཁྱབ་བསྒྲགས་བྱེད་མགོ་བཙུགས་པ་ནས་བཟུང་། ཨལ་ཁེལ་ཌ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པས་དོན་རྐྱེན་ཐེངས་ ༡༨ ཙམ་བརྩམས་ཏེ་ཉེས་མེད་མི་སེར་ ༡༥༧༨ ཙམ་རྐྱེན་ལམ་དུ་བཏང་ཡོད་ཅིང་། ཚེས་ ༢༨ ཉིན་རྒྱལ་ས་བྷག་ཋ་ཌ་ཡི་བྱང་ཕྱོགས་སུ་འབར་གས་དོན་རྐྱེན་བྱུང་སྟེ་དམག་མི་ ༧ དང་ཡུལ་མི་ ༥༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༣༡ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

ཐེངས་འདིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཨི་རག་ནང་འཕྲད་བཞིན་པའི་དཀའ་རྙོག་གཙོ་བོ་གསུམ་སེལ་དགོས་ཀྱི་ཡོད་པ་ལས། དང་པོ། ཨི་རག་གི་ཆོས་ལུགས་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དང་། གཉིས་པ། མི་རིགས་རིང་ལུགས་ཀྱི་གཞུང་(Ethnic State)གསར་འཛུགས་བྱ་ཐབས། གསུམ་པ། རྒྱལ་སྤྱིའི་རྒྱབ་རོགས་ལ་བརྟེན་ཏེ་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་དང་།  ཨི་རག་ནང་མིང་དོན་མཚུངས་པའི་དམངས་གཙོ་རྒྱུན་འཁྱོངས་བྱས་ཏེ་སྤྱི་འབངས་འཕེལ་རྒྱས་གཏོང་ཐབས་ཀྱི་དཔལ་འབྱོར་སྲིད་ཇུས་འཛིན་ཐབས་བྱ་རྒྱུ་བཅས་ཡིན་འདུག

ཨི་རག་གནད་དོན་ཆེད་མཁས་པ་ཧན་རེག་ཇོན་སོན་ལགས་ཀྱིས། “ ཨི་རག་ནང་དམངས་གཙོའི་ཁྱད་ཆོས་ལྡན་པའི་འོས་བསྡུ་ཞིག་དོན་འཁྱོལ་བྱེད་བཞིན་ཡོད་ཀྱང་། ཆབ་སྲིད་ཚོགས་པ་ཁག་གི་བར་ལྟ་ཕྱོགས་མཐུན་གྱི་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ལྟ་སྟངས་ཡག་པོ་འཛིན་གྱི་མེད་སྟབས། ད་རེབ་འོས་བསྡུ་འདི་བརྒྱུད་ཨི་རག་གི་དཀའ་རྙོག་སེལ་རྒྱུ་ཁག་པོ་ཆགས་ཡོད།” ཅེས་བརྗོད་འདུག

ཐེངས་འདི་ནི་ཨི་རག་རྒྱལ་ཡོངས་འོས་བསྡུ་ཐེངས་གསུམ་པ་དེ་ཡིན་པ་དང་། ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ནང་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese