མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་མ་བྱེད་རང་བྱེད་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་ལ་ཨོ་སི་ཊོ་ལི་ཡའི་ནང་བོད་མིའི་གནས་སྟངས་དང་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོཊ་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་ཞུས་ཡོད།

དྲི་བ། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ་གང་ཡིན་དང་ད་བར་ཕྱག་ལས་གཙོ་བོ་གང་དག་བསྒྲུབས་ཡོད་དམ།

ལན། ཨོ་སི་ཊོ་ལི་ཡའི་དོན་གཅོད་ཀྱི་ལས་འགན་གཙོ་ཆེ་ཤོས་དེ་དོན་གཅོད་ཀྱི་ཁྱབ་ཁོངས་ཨོ་སི་ཊི་ལི་ཡ་དང་ནེའུ་ཛེ་ལན་ཌི་གཙོས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་གཞུང་ལ་བོད་དོན་ཞུ་སྐུལ་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུ་རྒྱུ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མ་འོངས་བོད་ཀྱི་གནད་དོན་གཉིས་མོས་དབུ་མའི་ལམ་གྱི་ཐོག་ནས་སེལ་བར་རྒྱབ་སྐྱོར་ཡོང་རྒྱུ་དེ་རེད། དེ་བཞིན་གྲོས་ཚོགས་ནང་བོད་དོན་སྐོར་ལ་གླེང་སློང་དང་གྲོས་བསྡུར། གྲོས་ཆོད་འཇོག་པའི་ཐབས་ཤེས་གཏོང་དགོས་པ་ཆགས་བསྡད་ཡོད། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་ཡོད། ན་ནིང་ཟླ་ ༩ པའི་ནང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གི་འོས་བསྡུ་བྱས་ཚར་རྗེས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་པར་ཐབས་ཤེས་གནང་བར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ནས་འཇོག་ཐུབ་མེད་ཀྱང་། བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་ཡག་པོ་གནང་སོང་། གཞན། རྒྱ་གར་ནས་བོད་པ་ཚོ་ཨོ་སི་ཊོ་ལི་ཡའི་ནང་གཞིས་ཆགས་ཡོང་མཁན་ཚོར་སྣེ་ལེན་སོགས་ཞུ་བའི་འགན་དེ་ང་ཚོས་ལེན་དགོས་ཀྱི་ཡོད་སྟབས། ཁོང་ཚོ་ཚུར་བསླེབས་རྗེས་ང་ཚོས་ས་ཁུལ་ཆ་བགོས་བྱེད་ཀྱི་ཡོད། ཁ་ཤས་སོ་སོའི་དགའ་ཉེ་སྤུན་མཆེད་དེ་འདྲས་ཁོང་ཚོ་སྡོད་གནས་ས་ཁུལ་དེར་འཁྲིད་འགྲོ་ཡི་ཡོད། དེ་མིན་པ་རྣམས་ང་ཚོས་ས་ཁུལ་སོ་སོའི་བོད་རིགས་ཚོགས་པར་འབྲེལ་བ་བྱས་ཏེ་ཁོང་ཚོར་སྣེ་ལེན་ཞུས་པ་དང་ཁང་པ་གོ་སྒྲིག བྱིས་པ་སློབ་གྲྭར་གཏོང་བ་སོགས་ཀྱི་སྐད་བསྒྱུར་རོགས་རམ་ཞུས་དང་ཞུ་བཞིན་ཡོད། སྔོན་མ་བོད་རིགས་ཚོགས་པ་ཚང་མ་ཁ་འཐོར་ཡོད་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་འཛུགས་ཐུབ་ཡོད་པ་མ་རེད། དེ་ནས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་གྱི་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་ཚོགས་པ་ཚང་མའི་ཚོགས་གཙོ་དང་དྲུང་ཆེ་ཚང་མ་འཛོམས་པའི་ཚོགས་འདུ་ཐེངས་གཉིས་ཚོགས་པའི་གྲུབ་འབྲས་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་བཙུཊ་ཐུབ་ཡོད། དེས་བོད་རིགས་ཚོགས་པ་རྣམས་ཆིག་སྒྲིལ་དང་ནུས་སྟོབས་སྲ་བརྟན་ཡོང་བར་ཕན་ཐོགས་བྱུང་བ་རེད་བསམ་གྱི་འདུག

དྲི་བ། ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་ག་ཚོད་ཅིག་ཡོད་པ་དང་ཨོ་སི་ཊོ་ལི་ཡ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་གནས་སྤོར་བྱེད་མཁན་བོད་རིགས་ཚོར་ས་ཁུལ་གཅིག་མ་སྤྲད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། སྤྱིར་འཛམ་གླིང་རྒྱལ་ཁབ་ ༤༠ ལྷག་ནང་ང་ཚོ་བོད་རིགས་གནས་སྡོད་བྱེད་ཀྱི་ཡོད་ཀྱང་། ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་ ༡༠༠༠ ཙམ་ལས་མེད་པ་དང་ཨོ་སི་ཊོ་ལི་ཡ་ལུང་པ་འདི་མངའ་སྡེ་དྲུག་དང་ས་ཁུལ་གཉིས་ལ་བགོས་ཡོད། གྲོང་ཁྱེར་སེ་ཌེ་ནེ་ (Sydney) ནང་བོད་མི་ ༥༠༠ ལྷག་དང་། གྲོང་ཁྱེར་མེལ་བྷོན་ (Melbourne) ནང་བོད་མི་ ༣༠༠ ལྷག་ཡོད། ཁཱན་བྷེ་རྭ་ (Canberra) ནང་བོད་མི་ ༧༠ ཙམ་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནེ་ཨོ་ཀ་སི་ཊིལ་ (Newcastle) སྦིར་ཐི་ (Perth) སོགས་ནང་བོད་མི་གནས་སྡོད་བྱེད་ཀྱི་ཡོད། ཡང་གྲོང་ཁྱེར་ཁ་ཤས་ནང་མི་བཅུ་གྲངས་ལས་མེད་ཀྱང་ཁོང་ཚོས་ས་ཁུལ་དེར་བོད་རིགས་ཚོགས་པ་བཙུགས་ནས་བོད་དོན་དང་བོད་ནང་གི་གནས་སྟངས་སོགས་ཁྱབ་བསྒྲགས་དང་། ངོ་རྒོལ་ཁྲོམ་སྐོར། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བྱིས་པ་ཚོར་བོད་ཡིག་དང་གཞས་སྣ་རོལ་ཆ་སློབ་ཁྲིད་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད། ཨོ་སི་ཊོ་ལི་ཡའི་ནང་ཆབ་སྲིད་བཙོན་པ་དང་འབྲེལ་བའི་བོད་མི་མ་བསླེབས་པའི་སྔོན་ལ་བོད་པ་ཉུང་ཤས་ཡོད། ཁོང་ཚོ་མང་ཆེ་བའི་སྡོད་གནས་སེ་ཌེ་ནེ་ཁུལ་རེད། དེ་འདྲ་ཡིན་དུས་བོད་རིགས་གནས་སྤོར་བྱེད་མཁན་ཚོ་དང་པོ་ཕར་སླེབ་དུས་ཁོང་ཚོས་སྣེ་ལེན་ཞུས་ཡོད། སྔོན་མ་བོད་པ་ཚོ་རྒྱ་གར་ནས་ཚུར་གཞིས་ཆགས་ལ་བསླེབས་དུས་སེ་ཌེ་ནེ་ཁུལ་གྱི་བོད་མི་ཚོས་སྣེ་ལེན་དང་སྐད་བསྒྱུར་རོགས་རམ་བྱས་པར་བརྟེན་ཏེ། སེ་ཌེ་ནེ་ཁུལ་དུ་བོད་པ་མང་པོ་ཆགས་སྟབས། བོད་པ་མང་ཆེ་བས་ཀྱང་སེ་ཌེ་ནེར་འགྲོ་རྒྱུ་ཡིན་ལབ་ཀྱི་ཡོད། བོད་པ་ཚོ་ས་ཁུལ་གཅིག་ལ་གཞིས་མ་བཞག་པ་ཨོ་སི་ཊོ་ལི་ཡའི་སྲིད་བྱུས་ཤིག་མ་རེད། གཙོ་བོ་སོ་སོའི་འདོད་མོས་དང་བོད་པ་ཚོས་སྣེ་ལེན་གང་དུ་མང་བ་ཞུས་པ་དང་། བོད་རིགས་ཚོགས་པ་ཚོས་གང་དུ་རོགས་རམ་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ཨོ་སི་ཊོ་ལི་ཡར་བོད་པའི་ཆོས་ཚོགས་ག་ཚོད་ཅིག་ཡོད་པ་དང་། དེ་དག་གིས་བོད་དོན་ལ་རོགས་སྐྱོར་འདྲ་གནང་གི་ཡོད་དམ།

ལན། ཨོ་སི་ཊོ་ལི་ཡའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གྲུབ་མཐའ་ཚང་མ་ཡོད་པ་རེད། ཆོས་ཚོགས་དེ་ཚོས་ངོས་ནས་བོད་དོན་ངོ་སྤྲོད་བྱེད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་སྤེལ་བྱེད་པར་ཕན་ཐོགས་བྱུང་ཡོད། བོད་བརྒྱུད་ནང་བསྟན་ཚང་མ་ཨོ་སི་ཊོ་ལི་ཡའི་ལུང་པ་ཆ་ཚང་ལ་ཁྱབ་ཡོད་སྟབས། ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་བོ་བྱེད་ཀྱི་ཡོད། སྤྱིར་བོད་ཀྱི་ཆབ་སྲིད་ཐོག་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད། ཁ་ཤས་ཀྱིས་ཆབ་སྲིད་ཐོག་ལ་ཐེ་གཏོགས་མ་བྱས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

དྲི་བ། ཨོ་སི་ཊོ་ལི་ཡའི་ནང་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་དེ་འདྲ་ཡོད་དམ།

ལན། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་ནང་དོལ་རྒྱལ་སྟེན་མཁན་དང་ཚོགས་པ་ཡོད། དེ་ཚོར་ཆོས་ཚོགས་ཟེར་བའི་ཤུགས་ཆེན་པོ་གང་ཡང་མེད་པར་སོ་སོས་ཁང་པ་ཆུང་ཆུང་དང་དཔེ་མཛོད་འདྲ་བོ་ནང་དུ་ཆོས་དང་ཞལ་འདོན་སོགས་སྐྱོར་བསྡད་ཡོད། ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་དོལ་རྒྱལ་སྟེན་མཁན་གཅིག་ཀྱང་མེད་ལ་དོལ་རྒྱལ་སྟེན་མཁན་མང་ཆེ་བ་ཕྱི་རྒྱལ་མི་རིགས་རྐྱང་ཆགས་བསྡད་ཡོད། ལྷག་པར་དུ་ ༢༠༡༣ ལོའི་ཟླ་ ༦ པའི་ནང་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཆིབས་བསྒྱུར་གནང་སྐབས་སེ་ཌེ་ནེའི་ནང་དོལ་རྒྱལ་སྟེན་མཁན་བོད་པ་ཁ་ཤས་ཀྱིས་ངོ་རྒོལ་བྱས་ཡོད། ཁོ་ཚོ་ཚང་མ་ནེའུ་ཡོག་ནས་ཚུར་བསླེབས་པ་རེད། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་ཚོའི་ཁྲོད་དོལ་རྒྱལ་སྟེན་མཁན་མེད་དུས་ཁོ་ཚོ་ཕར་ནས་ཚུར་བསླེབས་དགོས་ཆགས་པ་རེད།

དྲི་བ། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱིས་ཕྱག་ལས་གནང་སྐབས་དཀའ་ངལ་གཙོ་བོ་གང་དག་འཕྲད་སོང་།

ལན། དཀའ་ངལ་གཙོ་བོ་ལས་བྱེད་མ་འདང་བའི་དཀའ་ངལ་རེད། ང་ཚོ་ལས་བྱེད་མང་པོ་ཡོད་ན་ལས་ཀ་མང་པོ་བྱེད་ཐུབ་ལ་མི་མེད་ན་ལས་ཀ་དེ་ཙམ་བྱེད་ཐུབ་ཀྱི་མེད། གཞན། ཨོ་སི་ཊོ་ལི་ཡ་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨོ་སི་ཊོ་ལི་ཡ་གཞུང་གིས་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་ཡོད་པ་རྒྱ་ནག་གིས་ངེས་པར་སེལ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གིས་གནོན་ཤུགས་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་དོན་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་པར་དཀའ་ལས་ཁག་པོ་ཆགས་བསྡད་ཡོད་པ་ང་ཚོའི་དཀའ་ངལ་ཞིག་རེད། དཔེར་ན། ཨོ་སི་ཊོ་ལི་ཡའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ཁག་ནང་རྒྱལ་སྤྱིའི་སློབ་ཕྲུག་མང་ཤོས་རྒྱ་རིགས་སློབ་མ་ཆགས་པ་དང་། ཨོ་སི་ཊོ་ལི་ཡའི་ནང་ལོ་གཅིག་རིང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་འབུམ་ ༣ ནས་ ༥ བར་ཡོང་གི་ཡོད་སྟབས་དཔལ་འབྱོར་གྱི་གནས་ཚུལ་ཞིག་ཀྱང་ཆགས་ཡོད། ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་མཉམ་དུ་བསྟུན་མཁས་མ་བྱེད་རང་བྱེད་ཆགས་བསྡད་ཡོད། དེར་བརྟེན། ཨོ་སི་ཊོ་ལི་ཡ་གཞུང་གིས་ཨ་རི་ནང་བཞིན་མངོན་གསལ་དོད་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག

དྲི་བ། བོད་མིའི་སྒྲིག་འཛུཊ་ཀྱིས་འདི་ལོ་ཨོ་སི་ཊོ་ལི་ཡའི་ནང་གསར་བཙུགས་བྱས་པའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོཊ་ཟེར་བར་ངོས་ལེན་མེད་ཟེར་བའི་རྒྱུ་མཚན་གང་ཡིན་ནམ།

ལན། འཛམ་གླིང་དང་སྤྱི་ཚོགས་གང་ཡིན་ནང་རྙོག་དྲ་བཟོ་མཁན་ཡོད་ཡོད་པ་རེད། ལྷག་པར་དུ་བོད་པའི་སྤྱི་ཚོགས་དང་མཐུན་སྒྲིལ་གཏོར་བཤིག་གཏོང་བར་རྒྱ་གཞུང་གིས་ཕྱོགས་གང་སར་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། དེ་ཡིན་པའི་ཆ་ནས་ང་ཚོ་ཨོ་སི་ཊོ་ལི་ཡའི་ནང་སྡོད་མཁན་མི་ཁ་ཤས་ལ་རྒྱ་གཞུང་གིས་བརྒྱུད་སྐུལ་དང་བེད་སྤྱོད་བཏང་ནས་ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཕྱི་སྡོད་བོད་རིགས་སྤུན་ཟླའི་མཐུན་ཚོགས་པ་ཟེར་བ་ཞིག་བཙུགས་པ་རེད། ཚོགས་པ་དེའི་རྒྱུན་ལས་དང་ཚོགས་མིའི་ནང་བོད་པ་ཉུང་ཉུང་ལས་ཡོད་པ་མ་རེད། དེ་ཚོས་ཨོ་སི་ཊོ་ལི་ཡའི་ནང་སྡོད་མཁན་བོད་རིགས་ཚང་མས་ཚབ་བྱས་ཏེ་བོད་རིགས་ཀྱི་བདེ་སྡུག་ལྟ་རྟོག་དང་ལྷག་པར་དུ་རྒྱ་ནག་གིས་བོད་ནང་ཡར་རྒྱས་ བཏང་བར་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། རང་བཙན་ལ་ངོ་རྒོལ་བྱེད་ཀྱི་ཡོད་མདོག་མདོག་ལབ་ཀྱི་ཡོད། ཚོགས་པ་དེའི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། ཚོགས་པ་དེར་རྒྱབ་སྐྱོར་བྱེད་མཁན་ཕྱི་སྡོད་རྒྱ་མིའི་ཚོགས་པ་མང་པོ་ཡོད་པ་རེད། ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་སོགས་བོད་པ་ཡིན་ཡང་ཚོགས་པའི་སྲིད་འཛིན་ཚོགས་གཙོ་ (Honorary President) ཡི་ནང་རྒྱ་རིགས་ཚོགས་པའི་ཚོགས་གཙོ་དེ་འདྲ་ཡོད་པ་རེད། ཚོགས་པ་དེ་ཚོ་རྒྱ་གཞུང་ལ་ཐད་ཀར་འབྲེལ་བ་ཡོད་པའི་ཚོགས་པ་དང་མི་སྣ་ཆགས་ཡོད། ལྷག་པར་དུ་ ༢༠༠༩ དང་ ༢༠༡༣ ལོར་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཆིབས་བསྒྱུར་གནང་སྐབས་ངོ་རྒོལ་བྱེད་མཁན་གྱི་མི་སྣ་དེ་ཚོ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨོ་སི་ཊོ་ལི་ཡའི་རང་དབང་རྒྱལ་ཁབ་ནང་ཚོགས་པ་སུས་བཙུགས་ན་འགྲིག་གི་རེད། ཡིན་ནའང་། ༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དང་ཚོགས་པ་ཚོ་མཉམ་དུ་ལག་སྦྲེལ་བྱས་ཏེ་བོད་མི་མང་གི་ཚབ་བྱེད་པ་དང་ལས་འགུལ་སྤེལ་ཟེར་བ་ང་ཚོས་ངོས་ལེན་མེད་པ་གསལ་བོ་རེད། ད་ལོའི་ཟླ་ ༢ པའི་ནང་ཕྱི་དྲིལ་བཀའ་བློན་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨོ་སི་ཊོ་ལི་ཡའི་ཕྱི་སྡོད་བོད་རིགས་སྤུན་ཟླ་མཐུན་ཚོགས་ཟེར་བར་ངོས་ལེན་རྩ་བ་ཉིད་ནས་མེད་གསུངས་པ་རེད། ཉེ་ཆར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་ ༦ སྐབས་ཚོགས་པ་དེར་ངོས་ལེན་མེད་པའི་གྲོས་ཆོད་ཅིག་བཞག་པའི་ཐོག་ནས་ཀྱང་གསལ་བོར་བཤད་ཡོད།

དྲི་བ། མ་འོངས་པར་བོད་མིའི་སྒྲིག་འཛུཊ་དང་བོད་མི་ཚོའི་ངོས་ནས་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་ཕན་ཚུན་འབྲེལ་ལམ་གོང་མཐོར་གཏོང་ཐབས་ལ་ཕྱག་ལས་ག་རེ་གནང་དགོས་ཀྱི་འདུག་གམ།

ལན། རྨང་གཞི་ཡོད་ཡོད་པ་རེད། གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་དང་དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ་ཡོད་པ་འདི་ཚོ་ཚགས་ཚུད་བཟོ་རྒྱུ་དང་མེད་པ་ནས་ཡོད་པ་བཟོ་དགོས་པ་དང་ཡོད་པ་ཚགས་ཚུད་གཏོང་དགོས། དེ་བཞིན་ང་ཚོ་བོད་པ་མང་པོ་ཕར་འགྲོ་བཞིན་ཡོད་སྟབས་ཁོང་ཚོར་རོགས་རམ་དང་ཕར་ཕྱོགས་ནས་བོད་ཡིག་དང་གཞས་ཞབས་བྲོ། རོལ་ཆ་སློབ་པ་སོགས་ཡོད་པ་ཚགས་ཚུད་བཏང་ནས་ནུས་པ་ཆེ་རུ་གཏོང་དགོས། ཨོ་སི་ཊོ་ལི་ཡའི་ནང་ཨ་རི་དང་ཁེ་ཎ་ཌ་བཞིན་བོད་མིའི་གྲངས་འབོར་ཉུང་ཉུང་ཡིན་སྟབས། ཕར་ནས་ཤེས་ཡོན་ཅན་གྱི་གཞོན་སྐྱེས་མང་ཙམ་འཚར་ལོངས་བྱུང་བ་ཡིན་ན་རང་བཞིན་གྱི་ཡར་རྒྱས་འགྲོ་དགོས་པ་དང་ད་ལྟ་གང་ཡོད་པ་ཚགས་ཚུད་བཟོ་དགོས་རྒྱུ་གལ་ཆེན་རེད་བསམ་གྱི་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. ཐོ་རེངས། says:
    ལོ་ 12 སྔོན།

    ཨོ་སི་ཊོ་ལི་ཡ་གཞུང་གི་རྒྱ་ནག་གིས་གནོན་ཤུགས་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་དོན་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་ཀྱིན་མེད་པ་དང་། མ་ཟད་ལན་མང་པོར་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་འདི་ནི། ཨོ་སི་ཊི་ལེ་ཡ་རང་གི་ཁེ་ཕན་འབའ་ཞིག་དོན་དུ་གཉེར་བ་ལས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་མེད་པ་གསལ་པོ་རེད། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ལ་མཐོང་ཆེན་བྱས་ནས་དམངས་གཙོ་ལམ་ལུགས་རྩིས་མེད་དུ་གཏོང་བ་ནི་ཆེས་ཐ་ཆད་པའི་ལམ་ལུགས་ཞིག་རེད།
    དེང་སང་ཨོ་སི་ཊོ་ལི་ཡ་གཅིག་པུ་མ་ཡིན་པར་འཛམ་གླིང་ཁྲོམ་ར་མཉམ་འབྲེལ་ཆགས་ཡོད་ན། ཨོ་སུ་ཊི་ལེ་ཡ་གཅིག་པུའི་ནམ་རྒྱུན་རྒྱ་ནག་ལ་ངོ་དགའ་འབའ་ཞིག་བལྟ་དགོས་དོན་ཅི་ཡོད།

    Reply
  2. བློ་བཟང་དོན་ཡོད། says:
    ལོ་ 12 སྔོན།

    ཆབ་སྲིད་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་ཐུབ་མི་འདུག དྭགས་པོ་བསོད་ནམས་ནོར་བུ་ལ་མཚོན་སྣ་མི་སྣ་གནད་འགག་ཅན་རེད། གཞུང་ཞབས་རྙིང་པ་དང་། ལྷག་དོན་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་བོད་གཞུང་གི་མགྲིན་ཚབ་པ་ལོ་མང་རིང་གནང་མྱོང་མཁན་དེ་འདྲ་རེད། གསར་འགོད་པས་ཁོང་ལ་དྲི་བ་གནད་འགག་ཅན་གཏོང་ཐུབ་མི་འདུག་ལ་ལྷག་དོན་དུ་ཆབ་སྲིད་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་ཐུབ་མི་འདུག

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    དགས་པོ་བསོད་ནམས་ལགས། ཁྱོད་ལ་དོན་གཅོད་ཀྱི་མིང་དང་གོ་གནས་ཆེན་པོ་དེ་འདྲ་ཡོད་བཞིན་ཕྱག་ལས་སྣ་གཅིག་བྱས་བ་བཤད་ཡག་མེད་པར། ཕར་ནས་ཤེས་ཡོན་ཅན་གྱི་གཞོན་སྐྱེས་མང་ཙམ་འཚར་ལོངས་བྱུང་བ་ཡིན་ན་ཞེས་ཚིག་སྙན་མོ་རྨ་ི་ལམ་གཏོང་གི་ཡོད་པའི་བཟོ་འདྲ་བཤད་ཀྱི་འདུག ཤེས་ཡོན་ཅན་མང་ཙམ་ཡོང་ཕྱིར་ཁྱོད་དོན་གཅོད་ཀྱིས་ག་རེ་གནང་ཡོད། ཤེས་ཡོན་ཅན་སྨོན་ལམ་བརྒྱབ་པའི་ཡོང་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese