མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་གཞོན་སྐྱེས་ཁྲོད་ནོ་བྷེལ་གཟེངས་རྟཊ་ལེན་མཁན་མང་པོ་ཐོན་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་བོད་རིཊ་མཐོ་རིམ་སློབ་མའི་མགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་གསུམ་པ་དབུ་འཛུགས་གནང་ཡོད་ཅིང་། མ་འོངས་པའི་བདུན་ཕྲག་གཅིག་ལྷག་རིང་ངྷ་རམ་ས་ལ་ཁུལ་གྱི་གནད་ཡོད་མི་སྣ་ ༦༦ ཙམ་གྱིས་སློབ་ཕྲུག་ཚོར་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཙམ་ལ། དྷ་ས་མེག་གྷན་ཧི་མ་ཅལ་སྤྲོ་འཆམ་ཚོགས་ཁང་(Himachal Tourism Club House)དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་རིགས་མཐོ་རིམ་སློབ་མ་ཚོར་༼དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད༽ཅེས་པའི་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༡༣ པ་དབུ་འབྱེད་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས། སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཆོས་སྐྱོང་དབང་ཕྱུག་ལགས་དང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན། རྒྱ་གར་གྱི་ས་གནས་ཁག་ ༡༠ ཙམ་གྱི་བོད་རིགས་མཐོ་རིམ་སློབ་མ་བུ་མོ་ ༢༤ དང་བུ་ ༢༢ བཅས་ཁྱོན་སློབ་ཕྲུག་ ༤༦ ཙམ་མཉམ་ཞུགས་གནང་འདུག

ངེས་སྟོན་པ་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་སྐོར་ལ། ཟབ་སྦྱོང་དེ་མཐོ་རིམ་སློབ་ཕྲུག་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས། རིག་གཞུང་། དེ་བཞིན་རང་ཉིད་སུ་ཡིན་མིན་སོགས་ཤེས་རྟོགས་ཡོང་ཆེད་དང་། སློབ་ཕྲུག་གི་འདུན་པ་དེ་སྐུལ་སློང་ཐུབ་པའི་དམིགས་ཡུལ་བཟུང་སྟེ། ༢༠༠༢ ལོ་ཙམ་ནས་བཟུང་ཟབ་སྦྱོང་གི་ལས་འཆར་དེ་མགོ་འཛུགས་བྱས་ཡོད་ལ། ཐེངས་འདིའི་ཟབ་སྦྱོང་ཁྲོད་གཅིག་ནས་སློབ་ཕྲུག་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་མྱོང་ཚོར་ཐུབ་པའི་གོ་སྐབས་ཡོད་པ་དང་། གཉིས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་འབྲེལ་ཡོད་ལས་སྣེ་བ་ ༦༦ ཙམ་ལ་མཇལ་འཕྲད་བྱེད་པའི་གོ་སྐབས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྲིད་བྱུས་དང་རྩ་དོན། དེ་བཞིན་སྐད་ཡིག་རིག་གཞུང་སོགས་བརྗོད་གཞི་འདྲ་མིན་ཐོག་ལམ་སྟོན་གནང་འཆར་ཡོད་སྟབས།

སློབ་ཕྲུག་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་རྩ་དོན་ཐོག་ཤེས་རྟོགས་གང་ཡོད་པ་དེ་གོང་འཕེལ་གཏོང་རྒྱུ་དང་། མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་ཐུབ་མཁན་ཞིག་ཡོང་བའི་ཕུགས་ཀྱི་རེ་བ་བཅངས་ཡོད་ལ། སྤྱིར་བཏང་བཙན་བྱོལ་བོད་མིའི་གྲངས་འབོར་ཉུང་ཉུང་ཡིན་ནའང་ཕན་ཚུན་མཐུན་པོ་དང་འབྲེལ་ལམ་ཡག་པོ། ཕུགས་ནས་གཅིག་གིས་གཅིག་ལ་བརྟེན་ཐུབ་པ་ཞིག་ཡོང་བའི་རེ་བ་དང་དམིགས་ཡུལ་བཟུང་སྟེ། ད་རེབ་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན། ཞེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གཏམ་བཤད་གནང་དོན། “ བོད་ནང་གི་གནས་སྟངས་དང་བོད་མིའི་བསམ་བློ་གཏོང་སྟངས་ལ་མཚོན་ན། གཞིས་བཞུགས་བོད་མི་མང་ཆེ་བས་མི་རིགས་ཀྱི་རྩ་དོན་དང་མི་སྒེར་གྱི་འཚོ་གནས་གཉིས་ལས་མི་རིགས་ཀྱི་རྩ་དོན་ཆེད། སོ་སོའི་མི་ཚེ་གཅིག་གམ་ཡང་ན་ཉིན་རེའི་ཆུ་ཚོད་ཀྱི་བརྒྱ་ཆ་ ༦༠ བེད་སྤྱོད་གཏོང་གི་ཡོད་པ་དང་། མི་སྒེར་གྱི་འཚོ་གནས་ཆེད་ཆུ་ཚོད་ཀྱི་བརྒྱ་ཆ་ ༤༠ གཏོང་གི་ཡོད་པ་རེད་དྲན་གྱི་འདུག ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མཚོན་པ་ཡིན་ནའང་། མི་ཚེ་གཅིག་གམ་ཡང་ན་ཉིན་རེའི་ཆུ་ཚོད་ཀྱི་བརྒྱ་ཆ་ ༦༠ ཙམ་བོད་མི་རིགས་ཀྱི་ཆེད་དུ་གཏོང་བ་དང་། བརྒྱ་ཆ་ ༤༠ མི་སྒེར་གྱི་འཚོ་གནས་ཆེད་གཏོང་བར་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག ཐིགས་པ་བསགས་པའི་རྒྱ་མཚོ་ཟེར་བ་ལྟར་དེ་འདྲ་ཞིག་བྱུང་བ་ཡིན་ན། ང་ཚོ་བོད་མི་རིགས་ཀྱི་དཀའ་ངལ་སེལ་བའི་དུས་ཚོད་ཅིག་ཤར་ངེས་རེད་དྲན་གྱི་འདུག ཕྱོགས་གཅིག་ནས་རྒྱ་གཞུང་ལ་རག་ལས་ཡོད་ཀྱང་།  རྒྱ་ནག་དམར་ཤོག་གཞུང་དབུ་བརྙེས་པ་ནས་ད་ལྟའི་བར་གྱི་གནས་སྟངས་ལ་བལྟས་པ་ཡིན་ན། འགྱུར་བ་མང་པོ་ཕྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གནས་བབ་ལ་ཁ་ཕྱོགས་ནས་བཟང་ཕྱོགས་ཀྱི་ཐོག་ནས་འགྱུར་བ་མང་པོ་འགྲོ་བཞིན་ཡོད་སྟབས། ནམ་ཞིག་ང་ཚོར་བདེན་པ་ཤར་བའི་དུས་ཚོད་ཅིག་ཡོད་ལ། བདེན་པ་རྩོད་པའི་ནུས་པ་དེའང་ང་ཚོར་གནས་དགོས་པ་གལ་ཆེན་པོ་རེད། ”ཅེས་དང་། བོད་རིགས་གཞོན་སྐྱེས་ཚོའི་ནང་མ་འོངས་པར་རབ་བྱུང་ན་ནོ་བྷེལ་གཟེངས་རྟགས་ལེན་མཁན་མང་པོ་བྱུང་དགོས་པ་དང་། དེ་མ་བྱུང་བ་ཡིན་ནའང་བོད་མི་ས་ཡ་དྲུག་ལ་ཕན་ཐོགས་མཁན་ཞིག་ཡོང་དགོས་སྐོར་གསུངས་སོང་།

ཐེངས་འདིའི་ཉིན་གྲངས་དགུ་ཙམ་རིང་གི་ཟབ་སྦྱོང་སྟེང་། སློབ་ཕྲུག་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱིས་སྤྱི་ཚོགས་ལ་དགེ་ཕན་ཇི་བྱུང་དང་གདོང་ལེན་བྱེད་དགོས་པ་ཇི་ཡོད། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་། དམངས་གཙོའི་ལམ་ལུགས་ནང་རང་དབང་ཅན་གྱི་སྡེ་ཚན་དགོས་གལ་དང་ཕན་ནུས་ཇི་ཡོད། མ་འོངས་བོད་ཀྱི་རྩ་དོན་ལ་འགན་ཁུར་ཕྱོགས། བོད་དང་རྒྱལ་སྤྱིའི་ཁོར་ཡུག་གནས་སྟངས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ངོ་སྤྲོད། དེ་བཞིན། དྲ་རྒྱ་གསར་བཟོ་དང་བོད་དོན་དྲིལ་བསྒྲགས་གནང་ཕྱོགས། གཉེན་ནད་རེག་དུག་གི་ཉེན་ཚབས་རང་བཞིན། བོད་ཀྱི་སྐད་ཡིག་དང་རྩོམ་འབྲིར་ཉམས་ཞིབ་གནང་ཕྱོགས་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་སྤྱི་འཐུས་ཁག་ཅིག་དང་འབྲེལ་ཡོད་ལས་བྱེད་བཅས་གཏམ་བཤད་པ་ ༦༦ ཙམ་ཆེད་དུ་གདན་འདྲེན་ཞུས་ཏེ་ལམ་སྟོན་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་ཕྲུག་ཚོར་བསམ་ཚུལ་རྗེས་རིས་གནང་རྒྱུ་དང་། ཟབ་སྦྱོང་གི་ཉིན་མཐའ་མར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༦ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༨ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 4

  1. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    གཞོན་སྐྱེས་ནང་ནེ་བྷེལ་གཟེངས་རྟགས་རེག་མཁན་མང་པོ་ཐོན་དགོས་ཞེས་ར་བཟི་སྐད་ཆ་འདྲ་བཤད་ཀྱི་འདུག་པ་མ་ཟད། ཚིག་ཟུར་རྣོ་བོ་འདི་དམིགས་ཡུལ་༧གོང་ས་མཆོག་ལ་གཏད་ནས་བཤད་པ་རེད།

    Reply
  2. གཉན་མི། says:
    ལོ་ 12 སྔོན།

    བོད་རིཊ་གཞོན་སྐྱེས་ཁྲོད་ནོ་བྷེལ་གཟེངས་རྟཊ་ལེན་མཁན་མང་པོ་ཐོན་དགོཧཧཧཧ་་ང་ཚོ་ནི་སྐབས་རེ་དམིགས་ཚད་མཐོ་དྲགས་ནས་རྒྱལ་སྤྱིའི་ཚད་རིམ་གྱི་མཐོ་ས་མཐོ་ས་དག་ལ་འཕུར། ལན་རེ་ནི་དམིགས་ཚད་དམའ་དྲག་ནས་སྐྱབས་བཅོལ་ནང་གི་སློབ་གསོའི་དམིགས་ཚད་ཀྱང་རང་ཁ་གསོ་བ་ལ་བཞག

    མ་གཞི་ང་ཚོའི་མཐོ་རིམ་སློབ་མ་རྣམས་ནི་ཁུག་སྟོང་འདྲ་ཞིག་ཡིན་པ་འདྲ། རྡ་ས་ནས་ཁུག་སྟོང་དེ་ཚོའི་ནང་དུ་ཆོས་ལུགས་དང་སྲིད་ལུགས་འདྲེས་མ་མང་པོ་བླུགས་པའི་ཐབས་ཤེས་མང་པོ་བྱེད་ཀྱི་འདུག འོན་ཀྱང་བླུག་མཁན་དག་ཀྱང་ཁུག་སྟོང་མིན་པར་ཤོག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ བོད་ཀྱི་སྐད་ཡིག་དང་རྩོམ་འབྲིར་ཉམས་ཞིབ་གནང་ཕྱོགས་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག ་་་་་་་་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ བོད་ཀྱི་སྐད་ཡིག་དང་རྩོམ་འབྲིར་ཉམས་ཞིབ་གནང་ཕྱོགས་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་སྤྱི་འཐུས་ཁག་ཅིག་དང་འབྲེལ་ཡོད་ལས་བྱེད་བཅས་གཏམ་བཤད་པ་ ༦༦ ཙམ་ཆེད་དུ་གདན་འདྲེན་ཞུས་ཏེ་ལམ་སྟོན་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་ཕྲུག་ཚོར་བསམ་ཚུལ་རྗེས་རིས་གནང་རྒྱུ་དང་། ཟབ་སྦྱོང་གི་ཉིན་མཐའ་མར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese