ཟླ་འདིའི་ཕྱི་ཚེས་༢༤ ཉིན་སྡེ་དགེ་འཇོ་མདའ་རུ་ཡོད་པའི་རྒྱ་གཞུང་གི་གཏེར་ལས་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་འདུག
འདི་གར་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་སྡེ་དགེ་འཇོ་མདའ་གཡུ་ལུང་ཐང་དུ་ཡོད་པའི་གཏེར་ལས་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ད་ལྟའི་ཆར་མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་དང་རྒྱུ་དངོས་ཀྱི་གྱོང་གུད་ཅི་ཙམ་ཕོག་ཡོད་མེད་གསལ་བོ་མེད་ཀྱང་། མི་ལ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད།
གནས་ཚུལ་མཁོ་སྤྲོད་པས། བཟོ་གྲྭ་དེ་ག་དུས་བརྒྱབ་པ་ཡིན་གསལ་བོ་ཤེས་ཀྱི་མེད་ཀྱང་། རྒྱ་གཞུང་གིས་བཟོ་གྲྭ་ཆེད་འཛུགས་ཀྱིས་ལོ་ངོ་མང་པོར་གཏེར་རིགས་སྔོག་འདོན་བྱས་རྐྱེན་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་དང་། ས་གནས་དེར་གཡུ་ཡི་གཏེར་ཁ་འབོར་ཆེན་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ནང་ཟངས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་ལུགས་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།
རྒྱ་ རྐུན་གྱི་ང་ཚོའི་ལུང་པ་སྟོང་པ་གད་ཉིག་མ་གཏོགས་མི་ལྷག་པར་བཟོ་བཞིན་པ་རེད་
་་་་་་་་་་ ས་༼སྡེ་དགེ་འཇོ་མདའ་༽གནས་དེར་གཡུ་ཡི་གཏེར་ཁ་འབོར་ཆེན་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ནང་ཟངས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་ལུགས་བརྗོད་སོང་། ་་་་་་་་་་་་་་