མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་གི་གཞིས་ཆགས་ཁག་ལ་རོགས་རམ་བྱེད་རྒྱུ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨི་ཊ་ལི་གནས་སྡོད་བོད་མི་ཚོར་བཀའ་སློབ་གནང་སྟེ། བོད་མི་རྒན་གཞོན་ཚང་མས་རིག་པ་སྒྲིམ་ཏེ་བོད་མི་རིགས་ཀྱི་རིན་ཐང་མཚོན་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་བ་དང་ཆབས་ཅིག་རྒྱ་གར་ནང་གི་གཞིས་ཆགས་ཁག་ལ་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག

 ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་༸གོང་ས་མཆོག་ཨི་ཊ་ལིའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་ཡོད་ཅིང་། ཁ་སང་ཚེས་ ༡༥ ཉིན་གྱི་སྔ་དྲོར་བླ་མ་ཙོང་ཁ་པའི་ཆོས་ཚོགས་ཀྱི་གླེང་སྟེགས་ཤིག་ཏུ་དབུ་བཞུགས་གསུང་བཤད་དང་། ཉིན་རྒྱབ་བྱམས་བརྩེ་ལྡན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས། ཨི་ཊ་ལི་དང་དབྱིན་སྐད། ཕ་རན་སི། སི་པེན། ཨུ་རུ་སུ། རྒྱ་སྐད་སོགས་སྐད་རིགས་ཁག་ཏུ་གསུང་བསྒྱུར་གནང་ཡོད་པར་མ་ཟད། གྲོང་ཁྱེར་མི་ལན་གྱི་བཙོན་པ་ ༡༢༠༠ ལྷག་གིས་ཐད་ཀར་གཟིགས་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་འདུག

ཚེས་ ༡༤ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གིས་མོ་ཌེ་གྷི་ལ་ནེ་ཧྥི་རན་ (Modigliani Forum) རྩེད་ཐང་དུ་མི་མང་ལ་ཆོས་འབྲེལ་མ་གནང་གོང་ལེ་ཝོ་ནོར་མངའ་སྡེའི་བློ་ཆེན་ཧྥེ་ལེ་ཕོ་ནོར་གྷེན་ (Filippo Nogarin) མཆོག་གིས། ༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཙོས་པའི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པར་ཆེད་བསྟོད་ཀྱི་གཏམ་བཤད་གནང་ཡོད་པར་མ་ཟད། ལེ་ཝོ་ནོར་མངའ་སྡེའི་ཆེ་བསྟོད་ཀྱི་ལྡེ་མིག་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད་འདུག དགོང་དྲོར་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱིས་གསོལ་འདེབས་ལྟར་མོ་ཌེ་གྷི་ལ་ནེ་ཧྥི་རན་རྩེད་ཐང་དུ་ས་གནས་བོད་མི་ ༣༠༠ བརྒལ་བར་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་གིས་སྤྱིར་བཏང་ང་ཚོ་བཙན་བྱོལ་བའི་རྟེན་གཞི་རྒྱ་གར་ཆགས་ཡོད་པ་ལྟར། ད་ལྟའང་རྒྱ་གར་ནང་བོད་མི་མང་ཤོས་གནས་ཡོད། གལ་ཆེ་ཤོས་ང་ཚོའི་ཆོས་དང་རིག་གཞུང་གི་བསྟི་གནས་སུ་ལྷ་ཁང་ཡོད་པ་ཙམ་གྱིས་ཕན་ཐོགས་མེད་པར། ལོ་སུམ་ཅུ་བཞི་བཅུར་སློབ་སྦྱོང་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་དེ་དཔལ་ནཱ་ལན་ཊའི་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་རེད་མ་གཏོགས། གྲྭ་ཆས་གྱོན་པ་དང་ཆོ་ག་བཏོན་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། ང་ཚོའི་བཤད་གྲྭ་དང་རིས་སུ་མ་ཆད་པའི་སློབ་གཉེར་ཁང་རྣམས་རྒྱ་གར་ནང་གནས་ཡོད། དེ་དག་ཕྱི་རྒྱལ་དུ་ཡོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་སྟབས། རྒྱ་གར་ནང་གི་ང་ཚོའི་གཞིས་ཆགས་ཁག་ཧ་ཅང་གལ་ཆེན་པོ་ཆགས་འདུག བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་ང་ཚོ་མི་རབས་གཅིག་གཉིས་ཤིག་སྒུག་ནས་སྡོད་དགོས་བྱུང་ཡང་། ད་ཡོད་ཀྱི་གཞིས་ཆགས་ཁག་ཡག་པོ་བྱུང་ན་མུ་མཐུད་གནས་ཐུབ་ཀྱི་རེད།

ཐོག་མར་ནེ་རུ་སྐུ་འཚོ་བཞུགས་སྐབས་རྒྱ་གར་གཞུང་ལ་ང་ཚོར་གཞིས་ཆགས་དང་སློབ་གྲྭ་ཟུར་གསལ་ཞིག་དགོས་ཀྱི་འདུག་ཅེས་བསམ་བློ་འདི་ལྟར་བཏང་ནས་འབོད་སྐུལ་ཞུས་ཡོད། ད་ཆ་ལོ་ ༥༥ བརྒལ་བ་འགྲོ་བཞིན་ཡོད། དུས་ཡུན་དེའི་རིང་ང་ཚོ་བཙན་བྱོལ་བ་རྣམས་ཧྲ་ཏག་ཏག་གནས་ཡོད། དེང་སྐབས་རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ནང་རྒན་རྒོན་མ་གཏོགས་གཞོན་སྐྱེས་མང་ཆེ་བ་ཕྱི་རྒྱལ་ལ་འགྲོ་བཞིན་འདུག སྤྱིར་བཏང་གཞིས་ཆགས་གཅིག་ནང་ཚང་མ་སྡུག་མཉམ་མྱོང་བྱས་ནས་སྡོད་རྒྱུ་དེ་བདེ་པོ་གང་ཡང་མེད་སྟབས། སློབ་སྦྱོང་ཕྲན་བུ་ཡོད་མཁན་ཚོ་ལུང་པ་འདྲ་མིན་ནང་བསླེབས་ཏེ་དཔལ་འབྱོར་འདུ་འགོད་ཀྱིས་མཚོན་སོ་སོའི་མི་རིགས་ཀྱི་ལྟ་བ་དང་སྤྱོད་པ་མ་བརླག་པའི་ཐོག་ནས་ཡུལ་ལུང་འདྲ་མིན་ནང་རང་ཉིད་འཚོ་ཐབས་ཀྱི་ལས་ཀ་གང་ཐུབ་ཀྱིས་ཕུགས་བརྟན་བྱེད་ ཐུབ་ན་ཡག་པོ་འདུག ཁ་སྔོན་ངོས་རང་ཨ་རིར་ཡོད་སྐབས་བོད་པ་ཁག་གཅིག་དང་ཐུག་རྒྱུ་བྱུང་། ངོས་ཀྱིས་ཁོང་ཚོར་ (millionaire) ས་ཡའི་བདག་པོ་བྱེད་ཐུབ་ཀྱི་མི་འདུག་གམ། ས་ཡའི་བདག་པོ་ཆེན་པོ་དེ་འདྲ་ལམ་སེང་ཡོང་རྒྱུ་ཁག་པོ་ཡིན་ཡང་ཆུང་ཆུང་ཞིག་ཡོང་དགོས་རྒྱུ་ལྟ་བུ་རེད། དེར་བརྟེན་ཁྱེད་རང་ཚོས་འབད་བརྩོན་བྱས་ཏེ་ས་ཡའི་བདག་པོ་ཆུང་ཆུང་ཞིག་ཡོང་ཐབས་བྱེད་ཐུབ་ན་ཡག་པོ་ཡོད། ཁྱེད་རང་ཚོ་འདི་གར་ཡོད་མཁན་ཚོས་བོད་པའི་སྤྱི་དོན་གྱི་བསམ་བློ་མ་བརླག་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་བོད་མི་རྒན་གཞོན་ཚང་མས་རིག་པ་སྒྲིམ་ཏེ་བོད་མི་རིགས་ཀྱི་རིན་ཐང་མཚོན་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་བཏང་བ་དང་ཆབས་ཅིག་རྒྱ་གར་ནང་གནས་པའི་གཞིས་ཆགས་ཁག་ལ་རང་ཉིད་ཀྱི་འཁོས་དཔག་ལ་གཞིགས་པའི་རོགས་རམ་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་འདུག

ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཨི་ཊ་ལིའི་ཊུ་སི་ཀན་ནི་མངའ་སྡེའི་པོ་མ་ཡ་ (Pomaia) གྲོང་གསེབ་དུ་ཨི་ཊ་ལིའི་གསར་ཤོག་ (Corriere della Sera) གི་དྲི་བར་བཀའ་ལན་གནང་སྐབས། ཁོང་གིས་ཐེངས་འདིར་ཨི་ཊ་ལིར་ཆིབས་བསྒྱུར་གྱི་དམིགས་ཡུལ་དང་སྐུའི་མཛད་འགན་གསུམ། ཁོང་ཉིད་ནས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་བྱས་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་དང་། གསར་འགོད་པ་ཞིག་གིས་རྒྱ་ནག་སྐམ་སར་རྒྱ་རིགས་ནང་པ་མང་དུ་འགྲོ་བཞིན་པའི་སྐོར་ལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་དུ་ནང་པ་མང་ཤོས་རྒྱ་ནག་ནང་ཡོད། རྒྱ་ནག་ནང་དུ་ནང་པ་ས་ཡ་ ༤༠༠ ཡོད་སྐོར་རྗོད་བཞིན་འདུག རྒྱ་ནག་སྐམ་སའི་རྒྱ་རིགས་མང་པོས་ནང་ཆོས་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཁོང་ཚོ་རྒྱ་གར་ནང་ངོས་ཀྱི་སར་གསུང་ཆོས་ཉན་དུ་ཡོང་གི་ཡོད། ཅེས་བཀའ་ལན་གནང་འདུག

ལ་དྭགས་དུས་འཁོར་དབང་ཆེན་གྱི་སྐོར་ལ་༧གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་ལ་བཅར་མཁན་བོད་རིགས་དང་རྒྱ་རིགས་དབར་དབྱེ་བ་འབྱེད་བཞིན་འདུག དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ངོས་ཀྱིས་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གདན་དུ་དབང་གནང་སྐབས། ཆོས་ཞུར་བཅར་མཁན་རྒྱ་རིགས་དང་བོད་རིགས་རྣམས་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གཞུང་གིས་རྒྱ་རིགས་ཆོས་ཞུ་བ་ཚོར་སུན་གཙེར་གང་ཡང་མ་བཟོས་པར་བཞག་ཡོད་ཀྱང་། བོད་རིགས་ཆོས་ཞུ་བ་ཚོར་འདྲི་རྩད་བྱས་པ་མ་ཟད། ཁང་པའི་ནང་བཟང་བཙོན་དུ་བཀག་ཉར་སོགས་བྱས་འདུག འདི་ལོར་ངོས་ཀྱིས་ཕྱི་ཟླ་ ༧ ནང་ལ་དྭགས་སུ་དུས་འཁོར་དབང་གནང་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་ད་ལྟ་ནས་བོད་རིགས་རྣམས་ལ་དམ་དྲག་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ནས་དུས་འཁོར་དབང་ཆེན་ལ་འགྲོ་མཁན་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག ཅེས་བཀའ་ལན་བསྩལ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་གིས།
    ་་་་་་་་་་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གཞུང་གིས་རྒྱ་རིགས་ཆོས་ཞུ་བ་ཚོར་སུན་གཙེར་གང་ཡང་མ་བཟོས་པར་བཞག་ཡོད་ཀྱང་། བོད་རིགས་ཆོས་ཞུ་བ་ཚོར་འདྲི་རྩད་བྱས་པ་མ་ཟད། ཁང་པའི་ནང་བཟང་བཙོན་དུ་བཀག་ཉར་སོགས་བྱས་འདུག
    འདི་ལོར་ངོས་ཀྱིས་ཕྱི་ཟླ་ ༧ ནང་ལ་དྭགས་སུ་དུས་འཁོར་དབང་གནང་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་ད་ལྟ་ནས་བོད་རིགས་རྣམས་ལ་དམ་དྲག་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ནས་དུས་འཁོར་དབང་ཆེན་ལ་འགྲོ་མཁན་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག ་་་་་་་་་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈།།ལོ་ངོ་ཉི་ཤུ་རྩ་གྲང་རིང་རང་ཉིད་སློབ་གཉེར་དང་འཚོ་གནས་བྱེད་ས་ཁང་ཚན་མི་ཚན་ལ་དུས་ཡུན་ལོ་གཅིག་གི་ལས་ཀ་ཁང་ཚན་རྒན་སོགས་ལས་དོན་གང་མི་གྲུབ་པར་མགོ་བདེ་དྲན་འཕྲུལ་ཚ་བའི་ལྷ་རམ་དགེ་བཤེས།།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།སྤྱི་ཚོགས་ནང་གི་དགེ་ལས་སློབ་ཕྲུག་བྱེད་སྟངས་ག་འདྲ་ཡིན་མི་ཤེས་ཀྱང་གྲྭ་ས་ཡི་ནང་གི་གྲྭ་པ་དཔེ་ཆ་ཡག་གྲས་ཚོར་ལ་དགེ་ལུགས་རྒྱུགས་སྤྲོད་སྐབས་གྲྭ་ཚང་དང་ཁང་ཚན་གྱི་དམིགས་གསལ་གང་དྲག་དྲག་བྱས་ན་ཡང་ཁོ་ཚོ་གྲས་མང་པོ་ཞིག་ལ་གྲྭ་ས་གྲྭ་ཚང་ལ་ཤ་ཚ་རྟིང་འབྲུ་ཙམ་མི་འདུག་ཐ་ན་སོ་སོ་མི་ལོ་ཉི་ཤུ་རྩ་གྲང་བར་སློབ་གཉེར་བྱས་ས་ཁང་ཚན་གྱི་རྒན་ཙམ་མི་བྱེད་པར་རང་དོན་ཁོ་ན་བྱེད་བཞིན་འདུག་གོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese