མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རག་གི་གནས་སྟངས་ཛ་དྲག་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་འཁོར་སྔོན་མ་ནས་བཟུང་ཨི་རག་གི་གྲོང་ཁྱེར་དང་ས་གནས་ཁག་ཅིག་འཇིགས་སྐུལ་དྲག་སྤྱོད་པས་བཙན་བཟུང་བྱས་ཡོད་པ་དང་ད་ཆར་གནས་སྟངས་ཧ་ཅང་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་འདུག

དེ་རིང་ཨི་རག་ནང་གི་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་སྣེ་ཁྲིད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS) ཡིས་ཨི་རག་གི་ས་གནས་བྷེལ་ཇེ་ (Baiji) ནང་ཡོད་པའི་རྡོ་སྣུམ་བཟོ་གྲྭ་ཆེ་ཤོས་དང་བྱང་ཕྱོགས་གྲོང་ཁྱེར་ར་མཱ་ཊི་ (Ramadi)ལ་འཇབ་རྒོལ་དང་། དེ་ལ་ཨི་རག་གཞུང་དམག་གིས་ཁ་གཏད་བཅག་སྟེ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་བཟུང་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་ཨི་རག་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མཱོ་སོལ་དང་ཌིར་ཀི་རེ་ཌི་ (Tikrit)། ཌེལ་ཨ་ཧྥར་ (Tal Afar)། ར་མྰ་ཊི་ (Ramadi)། ར་ཁྰ་ (Raqqa) བཅས་བཙན་བཟུང་བྱས་ཏེ་ཁྱོན་མི་ ༡༠༠ ལྷག་བསད་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་གཙོས་ཨ་རི་དང་དབྱིན་ཡུལ། ཨི་རན་སོགས་ཀྱིས་ཨི་རག་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་འཇིགས་སྐུལ་པ་ཚོ་རྩ་མེད་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག

ཨ་རི་གཞུང་གིས་ཨི་རག་ནང་གི་ཨ་རིའི་གཞུང་ཚབ་ཁང་དང་ལས་བྱེད་ཚོ་སྲུང་སྐྱོབ་ཆེད་ཨ་རིའི་དམག་མི་ ༢༧༥ ལྷག་བཏང་ཡོད་པ་མ་ཟད། དཀྱིལ་ཤར་ཨེ་ཤ་ཡའི་མཚོ་ཁུག་ཏུ་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིངས་ཆེན་པོ་གཅིག་དང་མཚོ་དམག་གྲུ་གཟིངས་གཉིས་བཏང་ཡོད་ཅིང་། ཨི་རག་གཞུང་གིས་འཇིགས་སྐུལ་པ་ཚོ་དུས་ཐོག་ཕམ་ཉེས་བྱེད་མ་ཐུབ་ཚེ་ཨ་རིས་བར་སྣང་ནས་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཁ་སང་ཨི་རག་གི་སྲིད་བློན་ནཱོ་རེ་ (Nouri al-Maliki)ཡིས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་ཉེན་རྟོག་པ་འགའ་ཕྱིར་འཕུད་བཏང་སྟེ། ཁོང་གིས་བརྙན་འཕྲིན་བརྒྱུད་ཁ་ཆེ་སུ་ནེ་ (Sunni)དང་ཀོ་ཌེ་ཞི་ (Kurdish) མགོ་ཁྲིད་ཚོས་རྒྱལ་ཁབ་ཆིག་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་དང་སོལ་དྷི་ཨ་རབ་གཞུང་གིས་འཇིགས་སྐུལ་པ་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག

 ཨི་རག་གི་རང་སྐྱོང་མངའ་ཁུལ་ཀོ་ཌེ་ཞི་ (Kurdish) ཡི་སྲིད་བློན་བྷར་རྫ་ནེ་ (Nechirvan Barzani) ལགས་ཀྱིས་བྷེ་བྷེ་སེ་གསར་འགོད་པར། ཁ་ཆེ་ཤཱ་སི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་དབང་བསྒྱུར་བྱེད་བཞིན་པའི་ཨི་རག་གཞུང་གིས་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་པའི་ས་ཁུལ་ལ་སྣང་ཆུང་བྱས་ན་ཨི་རག་ནང་ཆིག་སྒྲིལ་ཡོང་ཐབས་མེད་ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་མཆོག་གིས། ཨི་རག་ནང་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་དྲག་སྤྱོད་ཀྱི་གནས་སྟངས་རྒྱ་ཆེར་འགྲོ་བའི་ཉེན་ཁ་ཡོད་སྟབས། ཨི་རག་གཞུང་གིས་གང་མགྱོགས་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་དགོས་བའི་འབོད་སྐུལ་ཞུས་འདུག

ཨི་རན་གྱི་སྲིད་འཛིན་ཨི་རན་གྱི་སྲིད་འཛིན་ཧཱ་སན་ (Hassan Rouhani) མཆོག་གིས་ “ གལ་སྲིད། ཨི་རག་གཞུང་གིས་དྲག་སྤྱོད་པ་ཚོར་ཁ་གཏོད་གཅོག་པར་ཨི་རན་ལ་འབོད་སྐུལ་བྱས་ཚེ། ཨི་རན་གཞུང་གིས་གང་ཅིའི་ཐད་ནས་རོགས་སྐྱོར་བྱེད་ངེས་ཡིན” ཞེས་བརྗོད་འདུག

 གནད་དོན་དབྱེ་ཞིབ་པ་ཚོས། ཁ་ཆེ་ཤཱ་སི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོའི་སྟངས་འཛིན་འོག་ཡོད་པའི་ཨི་རག་སྲིད་གཞུང་གིས་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོའི་མངོན་འདོད་ལྟར་ཐག་གཅོད་མ་བྱས་ཚེ། ཨི་རག་ནང་མུ་མཐུད་ཟིང་ཆ་ཆེན་པོ་བསླངས་ཏེ། ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་ཨི་རག་རྒྱལ་ཁོངས་ནས་རང་སྲིད་རང་སྐྱོང་ངམ་རང་བཙན་རྩོད་ལེན་བྱེད་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS)ཞེས་པའི་ནང་། ཨི་རག་དང་སེ་རི་ཡའི་དྲག་སྤྱོད་པ་ ༡༠༠༠༠ ཙམ་ཡོད་པ་དང་། ད་ལྟའི་ཆར་སྔོན་མ་སཱ་ཊན་ཧོ་སེན་ (Saddam Hussein) སྐབས་ཀྱི་ལས་བྱེད་དང་དམག་མི་ཟུར་བ། ཨི་རག་གཞུང་ལ་ངོ་རྒོལ་བྱེད་མཁན་ཁ་ཆེ་སུ་ནེ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོའང་འཛུལ་ཞུགས་བྱེད་བཞིན་ཡོད་འདུག

 གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

ཆུ་ཚོད་ ༤ སྔོན་ལ།
ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣  དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
Vladimir Putin, left, and Xi Jinping in 2019.Source: Pool/Getty Images
Mobile App

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

ཆུ་ཚོད་ ༦ སྔོན་ལ།
འཇང་སྒང་དགོན། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༧།༢༣
Mobile App

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

༢༠༢༥/༠༧/༢༢
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese