མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གྲུ་གས་ཐོར་དེ་ཨུ་རུ་སུ་དང་འབྲེལ་བ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཡུག་རེན་གྱེན་ལོག་ཤོག་ཁག་གིས་མཱ་ལེ་ཞི་ཡའི་སྐུ་ཚབ་ཚོགས་པར་ཉེ་ལམ་གས་ཐོར་ཕྱིན་པའི་གནམ་གྲུའི་སྒམ་ཆུང་ནག་པོ་གཉིས་སྤྲད་ཡོད་འདུག

ཁ་སང་མཱ་ལེ་ཞི་ཡ་གཞུང་གི་སྐུ་ཚབ་ཚོགས་ཆུང་དང་ཡུག་རེན་གྱེན་ལོག་ཤོག་ཁག་གི་ཤར་ཕྱོགས་རྒྱལ་ཁབ་ (Donetsk People’s Republic) ཞེས་པའི་གཞུང་བར། ཟླ་འདིའི་ཚེས་ ༡༧ ཉིན་ནེ་ཌར་ལན་ཌི་ནས་མཱ་ལེ་ཞི་ཡར་སྐྱོད་བཞིན་པའི་གནམ་གྲུ་ཞིག་ཡུག་རེན་ཤར་ཕྱོགས་གྷོར་བྷོ་ཝ་ (Grobovo)ཞེས་པར་ལྷུང་བའི་གནད་དོན་ཐོག་གྲོས་མོལ་བྱས་ཏེ། དེ་རིང་གྱེན་ལོག་ཤོག་ཁག་གིས་གནམ་གྲུ་ཆག་རོའི་ནང་གི་སྒམ་ཆུང་ནག་པོ་ ( Two Black box)གཉིས་ཕྱིར་སྤྲོད་བྱས་ཡོད་པ་དང་། གནམ་གྲུའི་གོད་ཆག་ཁྲོད་རྐྱེན་འདས་ཕྱིན་པའི་ཕུང་པོ་དག་ནེ་ཌར་ལན་ཌིའི་ནང་སྐྱེལ་འདྲེན། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་གནམ་གྲུ་གས་གཏོར་གྱི་གནད་དོན་ལ་རྟོག་ཞིབ་ཏུ་གཏོང་རྒྱུ་སོགས་ཀྱི་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་མཱ་ལེ་ཞི་ཡའི་སྲིད་བློན་ཌོན་ར་ཛག་ (Mohd Najib Tun Razak)གིས། ང་ཚོ་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་གནམ་གྲུ་གཏོར་རྒོལ་གཏོང་སར་ཆེད་གཏོང་དང་། རྐྱེན་འདས་སོང་བའི་ཕུང་པོ་དག་ནེ་ཌར་ལན་ཌིའི་གཞུང་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ད་དུང་ལས་དོན་དེ་དག་ལམ་ལྷོང་ཡོང་བར་ལམ་ཁ་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། €ཅེས་དང་། མཱ་ལེ་ཞི་ཡའི་སྐུ་ཚབ་ཚོགས་ཆུང་གིས། ང་ཚོར་ཡུག་རེན་ཤར་ཕྱོགས་རྒྱལ་ཁབ་ (Donetsk People’s Republic) ཀྱིས་རྒྱབ་སྐྱོར་བྱས་ཏེ། ཉེ་ལམ་གཏོར་རྒོལ་བྱུང་བའི་གནམ་གྲུའི་སྒམ་ཆུང་ནག་པོ་ཕྱིར་སྤྲོད་དང་། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་གཏོང་རྒྱུར་མོས་མཐུན་བྱས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། €ཅེས་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་ནེ་ཌར་ལན་ཌིའི་རྒྱལ་ས་ཨེམ་སི་ཌམ་(Amsterdam) ནས་མཱ་ལེ་ཞུ་ཡའི་རྒྱལ་སར་འཕུར་སྐྱོད་བྱེད་བཞིན་པའི་མཱ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ (MH17 ) རྟགས་ཅན་དེ་ཡུག་རེན་ཤར་ཕྱོགས་ས་ཁུལ་གྷོར་བྷོ་ཝ་ཞེས་པར་འབྱོར་སྐབས་གློ་བུར་གས་ཐོར་གྱིས་སར་ལྷུང་སྟེ། དེའི་ནང་ཡོད་པའི་ནེ་ཌར་ལན་ཌའི་མི་ ༡༥༤ དང་མཱ་ལེ་ཞི་ཡ་ནས་ ༤༣། ཨོ་སི་ཊོ་ལི་ཡ་ནས་ ༢༧། ཧིན་རྡུ་ནི་ཞེ་ཡ་ནས་ ༡༢ ། དེ་མིན་རྒྱལ་ཁབ་གཞན་གྱི་འགྲུལ་བ་ཁག་ཅིག གནམ་གྲུའི་ནང་གི་ལས་བྱེད་དང་ཁ་ལོ་བ་བཅས་ཁྱོན་མི་ ༢༩༨ འདས་གྲོངས་ཕྱིན་ཡོད་འདུག

ཡུག་རེན་གཞུང་གིས་དོན་རྐྱེན་དེ་ཨུ་རུ་སུར་དགའ་ཞེན་བྱེད་མཁན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་བཟོས་པ་ཡིན་ཚུལ་བརྗོད་ཡོད་པ་དང་། ཡུག་རེན་གྱེན་ལོག་ཤོག་ཁག་གིས་གནམ་གྲུ་གཏོར་རྒོལ་གཏོང་མཁན་ནི་ཡུག་རེན་གཞུང་གི་དམག་དཔུང་ཡིན་སྐོར་བརྗོད་དེ་ཕྱོགས་གཉིས་ཀས་ངོས་ལེན་བྱས་མེད་ཀྱང་། ཨ་རི་དང་དབྱིན་ཡུལ། འཇར་མན། ཡུ་རོབ་མཐུན་ཚོགས། ཨོ་སི་ཌོ་ལི་ཡ་སོགས་ཀྱིས་ཡུག་རེན་གྱེན་ལོག་ཤོག་ཁག་གི་བྱ་སྤྱོད་ཡིན་པ་དང་། ཁོ་ཚོས་ཨུ་རུ་སུས་མཁོ་སྤྲོད་བྱས་པའི་གློག་རྡུལ་རྒྱུད་གཏོང་གི་མེ་ཤུགས་འཕུར་མདེལ་འཕངས་ཏེ་གཏོར་རྒོལ་བཏང་ཚུལ། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་གསལ་འགྲེལ་བརྗོད་བྱ་དགོས་སྐོར་སོགས་བརྗོད་ཡོད།

ཉེ་ལམ་གནས་ཚུལ་དེ་བྱུང་རྗེས་ཨ་རིའི་སྲིད་འཛིན་དང་ཡུག་རེན་སྲིད་འཛིན་རྣམ་གཉིས་ཀྱིས་དོན་རྐྱེན་དེ་ཨུ་རུ་སུར་འབྲེལ་བ་ཡོད་སྐོར་བརྗོད་ཡོད་ཀྱང་ཨུ་རུ་སུས་ཁས་ལེན་བྱས་མེད་སྟབས། ཁ་སང་ཚེས་ ༢༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མའི་རྒྱལ་ཁབ་ ༡༥ ཡི་གནད་དོན་དེའི་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་པ་དང་། དེ་རིང་ཨུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་དག་བྷེལ་ཇེམ་རྒྱལ་ས་བྷར་སལ་ནང་ཚོགས་ཏེ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སཱ་མན་ཐཱ་ (Samantha Power) ལགས་ཀྱིས།€œ དཀའ་རྙོག་དེ་སེལ་འདོད་ཡོད་མེད་ཨུ་རུ་སུར་འབྲེལ་བ་ཡོད་ཅིང་། ཨུ་རུ་སུའི་ཕྱོགས་ནས་བསམ་བློ་མ་བཏང་ཚེ་དཀའ་རྙོག་དེ་མུ་མཐུད་ལྷག་ངེས་རེད། €ཅེས་དང་། དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཧེར་མན་གྱིས། གནམ་གྲུ་དེར་ཡུག་རེན་གྱེན་ལོག་པ་ཚོ་སྡོད་ས་ནས་མེ་ཤུགས་འཕུར་མདའ་འཕངས་ཡོད་པ་དང་། མེ་ཤུགས་འཕུར་མདའ་དེ་ཨུ་རུ་སུས་མཁོ་སྤྲོད་བྱས་པ་ཞིག་ཡིན་སྟབས། དེ་ནི་ཨུ་རུ་སུ་དང་ཐད་ཀར་འབྲེལ་བ་ཡོད་པར་མཐའ་བསྡོམས་བརྒྱབ་ན་འགྲིག་གི་རེད། €ཅེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་གནད་དོན་དེ་ཨུ་རུ་སུར་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ཡོད་པ་མ་ཟད། €œང་ཚོས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་གི་བདེ་འཇགས་ལ་འགན་སྲུང་དང་འབྲེལ་ཁོ་ཚོའི་ལས་ཀ་ཚགས་ཚུད་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

གནམ་གྲུ་གཏོར་རྒོལ་བྱུང་སྟེ་རྐྱེན་འདས་ཕྱིན་པ་དག་ད་ལྟ་མེ་འཁོར་བརྒྱུད་ནེ་ཌར་ལན་ཌི་ནང་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། རྐྱེན་འདས་ཕྱིན་པའི་ནང་མི་ཚོར་མཱ་ལེ་ཞི་ཡ་གཞུང་གིས་ཨ་སྒོར་ ༥༠༠༠ རེ་ཡི་གུན་གསབ་སྤྲད་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། གལ་ཏེ་ཨུ་རུ་སུས་ངན་རོགས་བྱས་ཏེ་མཱ་ལེ་ཞི་ཡའི་གནམ་གྲུ་དེ་གཏོར་རྒོལ་བཏང་ཡོད་ཚེ་ཨུ་རུ་སུར་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་ཉེས་ཆད་ལྕི་མོ་གཏོང་སྲིད་སྐོར་བརྗོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

ཆུ་ཚོད་ ༢ སྔོན་ལ།
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༣ སྔོན་ལ།
བོད་པ་ཚོས་རིག་གཞུང་གི་དོན་སྙིང་ལྡན་པར་འདོད་པའི་རེས་གཟའ་ལྷག་པར་འཁྲབ་པའི་ལྷག་དཀར་སྒོར་གཞས། རྒྱ་གར་རྡ་རམ་ས་ལར་༧རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་བདུན་སྔོན་མར་བླངས་བའི་པར།
Mobile App

བོད་ཀྱི་སྐྱབས་བཅོལ་མི་རིགས་འཚོ་གནས་བྱེད་སའི་རི་ངོགས་ཆུང་ཆུང་གི་མང་གཙོ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀློད་གྲོལ་བཏང་།

ཆུ་ཚོད་ ༨ སྔོན་ལ།
Mobile App

༸རྒྱལ་བའི་གོ་སྟོན་དང་། ཞི་ཅིན་ཕིང་གིས་རྒྱ་གཞུང་པཎ་ཆེན་གྱི་མཇལ་ཞུ་དང་ལེན།

༢༠༢༥/༠༧/༢༡
Mobile App

༩༠

༢༠༢༥/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese