མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་མེ་མེའི་རྒྱབ་ལོཊ་ན་ལོའུ་ཡེན་ཧྲན་ཡོད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་ཀོ་མེ་མེ་བཀག་ཉར་འོག་ཡོད་སྐོར་བསྒྲཊ་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ཀོ་མེ་མེ་ཡི་རྒྱབ་ལོཊ་ན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལོའུ་ཡེན་ཧྲན་སོགས་ཡོད་སྐོར་རྗོད་ཀྱིན་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོར་ཝེ་པོ་གནས་འཕྲིན་ཐོག ཀོ་མེ་མེ་ཡིས་ཁོ་མོ་རྒྱ་ནག་རྒྱ་གྲམ་དམར་པོ་ཚོགས་པའི་ཁེ་ལས་སྤྱི་ཁྱབ་པ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ཁོ་མོའི་རྒྱ་སྒོར་ཁྲི་ ༢༤༠ ཡི་མཱ་སི་ར་ཊི་(Maserati)རླངས་འཁོར་དང་ཚོང་རྟགས་གྲགས་ཅན་གྱི་ཁུག་མའི་འདྲ་པར་སོགས་བརྒྱུད་བསྒྲགས་བྱས་རྐྱེན། སྤྱི་ཚོགས་ཐོག་རྒྱ་གྲམ་དམར་པོ་ཚོགས་པར་དོགས་ཡོད་ཀྱི་གླེང་གཞི་སྣ་ཚོགས་བྱུང་སྟེ། ཚོགས་པ་དེའི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད།

ད་དུང་། ཀོ་མེ་མེ་ཡིས་པེ་ཅིན་དུ་རྒྱ་སྒོར་ཁྲི་བརྒྱ་ཡན་གྱི་རྒྱན་ཁང་བཙུགས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ པའི་ནང་ཨའོ་མིན་དུ་ཁོ་མོར་རྒྱ་སྒོར་དུང་ཕྱུར་ ༢ ལྷག་གི་བུ་ལོན་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་ཀྱང་མི་ཞིག་གིས་ཁོ་མོའི་བུ་ལོན་གྱི་ཕྱེད་ཀ་ཙམ་སྤྲད་ཟིན་ཞིང་། མི་དེ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལོའུ་ཡེན་ཧྲན་ཡིན་པའི་གནས་ཚུལ་ཞིག་ཁྱབ་ཡོད་པ་མ་ཟད། ཀོ་མེ་མེ་ལོའུ་ཡེན་ཧྲན་གྱི་བྱི་ཕྲུག་ཡིན་པའི་གནས་ཚུལ་ཡང་ཐོན་ཡོད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཁོ་མོ་དང་འབྲེལ་བའི་གནས་ཚུལ་ཚང་མ་དྲ་ལམ་ནས་ནག་གསུབ་བཏང་ཡོད་འདུག

ཉེ་ལམ་བྷར་ཛིལ་ནང་གི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྐབས། ཀོ་མེ་མེ་ཡིས་རྐང་རྩེད་སྤོ་ལོའི་ཐོག་རྒྱན་བཞག་པའི་ཉེས་མིང་འོག ཟླ་སྔོན་མའི་ཚེས་ ༡༤ ཉིན་པེ་ཅིན་ཉེན་རྟོག་ཁང་གིས་ཁོ་མོའི་གཙོས་རྒྱན་འཛུགས་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། འཆར་གཞི་ལྟར་ན་ཟླ་དེའི་ཕྱི་ཚེས་ ༢༤ ཉིན་གྱི་མཚན་མོའི་ཆུ་ཚོད་ ༨ པའི་ཐོག་ཁོ་མོ་ཀློད་གྲོལ་གཏོང་རྒྱུ་ཡིན་ཡང་། ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གློ་བུར་དུ་ཁོ་མོ་བཀག་ཉར་འོག་ཡོད་པ་མ་ཟད། བཙོན་པའི་ལྭ་བ་གྱོན་ཏེ་མཛེས་བཟོ་སོགས་ཅི་ཡང་བྱས་མེད་པའི་བརྙན་པར་ཞིག་བསྟན་ཡོད་འདུག

གནས་ཚུལ་དེ་ཕྱིར་བསྒྲགས་བྱས་རྗེས། རྒྱ་ནག་ཧང་ཀྲུའུ་ཡི་སྐབས་དོན་དཔྱད་གཞི་འཚོལ་ཞིབ་པ་ཀྲན་ཨེ་ཀྲུང་གིས། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་ཞིན་ཧྭ་གསར་ཁང་དང་མི་དམངས་ཉིན་རེའི་ཚགས་པར། དབུས་བརྙན་འཕྲིན་ཁང་བཅས་སུ་བཀའ་རྒྱ་བཏང་སྟེ། སྐབས་འདིར་ཆེད་དམིགས་ཀྱིས་ཀོ་མེ་མེ་ཡི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཞིག་ཏུ་ ངོས་འཛིན་བྱས་ཡོད་ལ། རྒྱ་ནག་རྒྱ་གྲམ་དམར་པོ་ཚོགས་པའི་དེ་སྔའི་རྙོག་གླེང་མི་མང་གི་ལག་ནས་བཙན་གྱིས་ཞལ་འདེབས་བསྡུ་བ་དང་ལྐོག་ཟ་རུལ་སུངས། འཛིན་སྐྱོང་གི་ནོར་འཁྲུལ་སོགས་ལ་ཐད་ཀར་ངོ་རྒོལ་བྱས་མེད་ཀྱང་། རྒྱ་གཞུང་གིས་སྐབས་འདིར་ཀོ་ཡི་གནས་ཚུལ་གློ་བུར་དུ་ཕྱི་བསྒྲགས་བྱས་པ་དེས། གནད་དོན་དེ་རྒྱ་གྲམ་དམར་པོ་ཚོགས་པ་དང་སྲིད་གཞུང་ལ་འབྲེལ་བ་མེད་པར་ཁོ་མོ་གཅིག་པུའི་གནད་དོན་ཞིག་ཡིན་པའི་རྣམ་པ་སྟོན་ཐབས་དང་། དེ་བཞིན། རྒྱ་ནག་ཁུན་ཧྲན་དུ་འབར་གས་དོན་རྐྱེན་འོག་མི་མང་པོ་ཤི་རྨས་བྱུང་བའི་གནད་དོན་གྱི་མགོ་མཇུག་བར་གསུམ་ས་གནས་སྲིད་གཞུང་དང་ཐད་ཀར་འབྲེལ་བ་ཡོད་ཀྱང་། སྲིད་གཞུང་གིས་གནད་དོན་དེར་རྟོག་ཞིབ་བྱས་མེད་པ་མ་ཟད། རྐྱེན་འདས་ཀྱི་གནས་ཚུལ་ཁ་གསལ་མ་བཟོས་པར་སྐབས་འདིར་ཀོ་མེ་མེ་ཡི་གནས་ཚུལ་ཆེན་པོ་བཟོས་ཡོང་བ་དེ། སྤྱི་ཚོགས་ཀྱི་གླེང་གཞིའི་ཁ་ཕྱོགས་བསྒྱུར་ཐབས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

ཡང་གནད་དོན་དཔྱད་ཞིབ་པ་ཚོས་ཀོ་ཡི་གནད་དོན་དེ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ལོའུ་ཡེན་ཧྲན་སོགས་ལ་འབྲེལ་བ་ཡོད་པའི་སྐོར་ལ། ཀོ་མེ་མེ་ལོའུ་ཡེན་ཧྲན་དང་ལོའུ་ཡི་བུ་ལོའུ་ལི་ཧྥེ་གཉིས་དང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་མང་པོར་ངན་འབྲེལ་ཡོད་སྟབས། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་ཁྲིད་ཝང་ཅི་ཧྲན་གྱིས་སྣེ་ཁྲིད་དེ་རྟོག་ཞིབ་བྱས་པ་བརྒྱུད། མ་འོངས་པར་མཐོ་རིམ་དཔོན་རིགས་དེ་ཚོའི་གསང་བ་བསྔོག་སྲིད་སྐོར་དང་། དེ་སྔོན་ཀོ་མེ་མེ་ཡིས་ཁོ་མོའི་ལག་ཏུ་གསང་བའི་བརྙན་པར་(༡༧ G)ཅན་ཞིག་ཡོད་ལུགས་བརྗོད་ཡོད་པ་དང་། བརྙན་པར་དེའི་ནང་ག་རེ་ཡོད་མེད་དང་སུ་ཞིག་ཡོད་མེད་བཤད་ཚོད་མི་ཐུག་ལ། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཕྱི་ཕྱོགས་ཀྱི་གསར་ཁང་ཞིག་གིས་ཀོ་མེ་མེ་ཡི་གསང་བའི་བརྙན་པར་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། ཁོ་མོ་དང་མཉམ་དུ་གྲོད་ཁོག་ཆེན་པོ་འབུར་དུ་ཐོན་པའི་སྐྱེས་པ་ཞིག་ཡོད་ཀྱང་། སྐྱེས་པ་དེའི་ངོ་གདོང་མཐོང་མི་ཐུབ་པ་དང་། གསར་ཁང་དེས་ད་ལྟ་བརྙན་པར་དེ་ཚོ་ཡོངས་བསྒྲགས་བྱ་རྒྱུ་ཡིན་མིན་ཐད་ཕྱི་ཕྱོགས་ ཀྱི་མི་སྣར་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཀོ་མེ་མེ་ཡིས་དེ་སྔོན་བཅར་འདྲི་ཞིག་གི་སྐབས་སུ། ཁོ་མོའི་མཱ་སི་ར་ཊི་རླངས་འཁོར་དེ་རྒྱ་ནག་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུ་ནོར་དོ་དམ་ཁང་གི་འགན་འཛིན་ཝང་ཅིན་གྱིས་ལེགས་སྐྱེས་སུ་སྤྲད་པ་དང་། ཝང་ཅིན་ནི་ཁོ་མོའི་ཕ་ཚབ་ཡིན་ལུགས་བརྗོད་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ཝང་ཅིན་པེ་ཅིན་ཉེན་རྟོག་ཁང་གིས་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྐབས། ཝང་ཅིན་གྱིས་ ༢༠༡༠ ལོའི་ཟླ་ ༨ པའི་ནང་ངའི་གྲོགས་པོ་ཞིག་གིས། ང་ལ་བུ་མོ་ཞིག་ངོ་སྤྲོད་བྱེད་དགོས་ཟེར་ནས་ཀོ་མེ་མེ་ངོ་སྤྲོད་བྱས་སོང་། ཕྱིས་སུ་ཀོ་མེ་མེ་པེ་ཅིན་ནས་ཧྲིན་ཀྲུའུ་རུ་བསླེབས་པ་དང་། ངས་ཁོ་མོར་མགྲོན་ཁང་སོགས་གོ་སྒྲིག་བྱས་པ་མ་ཟད། ཁོ་མོ་ཧྲིན་ཀྲུའུ་དུ་བསླེབས་པའི་ཕྱི་ཉིན་དེར་ངེད་གཉིས་བར་འབྲེལ་བ་བྱུང་སོང་། སྐབས་དེར་ཁོ་མོའི་བཤད་པ་ལྟར་ངས་རྒྱ་སྒོར་ཁྲི་ ༣ སྤྲད་པ་ཡིན། ཕྱིས་སུ་སྒོར་མོ་མཁོ་སྐབས་ཁོ་མོ་ཧྲིན་ཀྲུའུ་རུ་ཡོང་སྟེ་སྒོར་མོ་དགོས་ཟེར་གྱི་འདུག་སྟབས། ཡོང་ཐེངས་རེར་ངས་ཁོ་མོར་མགྲོན་ཁང་དང་ཟ་མ། ད་རུང་རྒྱ་སྒོར་ཁྲི་ ༥ རེ་གླ་དོད་དུ་སྤྲད་པ་ཡིན། ཕྱི་ལོ་ ༢༠༡༡ ལོའི་ཁོ་མོའི་སྐྱེས་སྐར་སྐབས། སྐྱེས་སྐར་གྱི་ལེགས་སྐྱེས་སུ་མཱ་སི་ར་ཊི་རླངས་འཁོར་ཞིག་ཉོ་དགོས་ཚུལ་བཤད་པ་མ་ཟད། གལ་སྲིད་རླངས་འཁོར་དེ་མ་ཉོས་ཚེ་འབྲེལ་བ་གཅོད་རྒྱུ་ཡིན་ལུགས་ལབ་སོང་བས། ངས་རྒྱ་སྒོར་ཁྲི་ ༢༤༠ སྤྲད་ནས་རླངས་འཁོར་དེ་ཉོ་རུ་བཅུག་པ་ཡིན། ཞེས་བརྗོད་ཡོད་པ་མ་ཟད། སྐབས་དེར་ཀོ་མེ་མེ་ལོ་ན་ ༡༩ ལས་སོན་མེད་པ་དང་ཁོ་བོ་ལོ་ ༤༠ བརྒལ་ཡོད་སྟབས། གསར་ལམ་དུ་ཁོ་མོའི་དགའ་རོགས་ཡིན་ལུགས་བརྗོད་རྒྱུར་ངོ་ཚ་བ་ཡིན་སྐོར་དང་། སྐབས་དེར་ཁོ་བོར་བཟའ་ཟླ་ཡོད་པའང་ཀོ་མེ་མེ་ཡིས་ཤེས་ཀྱི་ཡོད་ལུགས་སོགས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༧ ནང་ཞིན་ཧྭ་གསར་ཁང་གི་དྲ་བའི་ཐོག བྷི་ཧན་ཧྥོང་ཟེར་བ་ཞིག་གིས་ཀོ་མེ་མེ་ཡི་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ཀོ་ཡི་རྒྱབ་ལོགས་ན་གསང་བའི་སྟོབས་ཤུགས་ཤིག་ཡོད་པ་དང་། སྟོབས་ཤུགས་དེ་སུ་ཡིན་མིན་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་བྱེད་རྒྱུ་གལ་ཆེན་ཡིན་སྐོར། ཀྲུའུ་ཡཱོང་ཁང་གི་རྗེས་སུ་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་སུ་ཞིག་ཐེར་འདོན་བྱ་རྒྱུ་ཡིན་ནམ་ཞེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 1

  1. ཚེ་དབང་། says:
    ལོ་ 12 སྔོན།

    གསར་འགྱུར་སྤྲོ་ཉམས་དོད་པོ་ཞིག་བྲིས་འདུག དབྱེ་ཞིབ་རང་བཞིན་གྱི་གསར་འགྱུར་འདི་རིགས་ང་རང་ཀློག་པར་ཧ་ཅང་དགའ་བོ་ཡོད། གསར་འགྱུར་རང་ངོས་ནས་བཤད་ནའང་ཚད་གཞི་མཐོ་བའི་གྲས་རེད། བོད་ཀྱི་དུས་བབ་ནི་རྒྱལ་ཁབ་ཅིག་གི་སྤྱི་ལ་ཁྱབ་པ་དང་ངོས་འཛིན་ཡོད་པའི་གསར་ཁང་ཞིག་ཆགས་ཡོད་པའི་རྒྱུ་མཚན་གྱིས་གསར་འགྱུར་འདི་དང་འདི་ལྟ་བུ་འབྲི་སྤེལ་ཐོག་བཅོས་བསྒྱུར་མདུན་སྐྱོད་བྱེད་ཐུབ་ན་ཧ་ཅང་ཡག་པོར་མཐོང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese