མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏུག་བཤེར་རྩ་འཛིན་དང་དཔང་རྟཊ་རྩ་འཛིན་ཡར་རྒྱས་གཏོང་ཨེ་ཐུབ་ལྟོས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁྲིམས་འཛིན་ལྷན་ཚོགས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོག་མཁན་མང་པོ་ཡོད་སྟབས། ང་ཚོས་དྲང་པོ་དང་བདེན་པ་བྱེད་ཀྱི་མེད་པ་དང་། བོད་མི་ཚོས་སྔོན་མའི་ལམ་ལུགས་རྒྱུན་འཁྱོངས་བྱེད་ཀྱི་འདུག་ཟེར་མཁན་ཚོར་ལག་ཆ་རུ་མ་སོང་བ་ཞིག་དགོས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ནས་བཟུང་ཉིན་གཉིས་རིང་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ཁྲིམས་འཛིན་ལྷན་ཚོགས་ཐེངས་བཞི་པ་མགོ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་གཉིས། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། ས་གནས་ཁག་ ༨ ནས་ཕེབས་པའི་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་ཁྱོན་ཚོགས་བཞུགས་པ་ ༡༦ འདུ་འཛོམས་གནང་སོང་།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཆོག་ནས་སྣང་གསལ་ཞལ་འབྱེད་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསར་བཟོ་གནང་བའི་ཁྲིམས་འཛིན་དྲ་རྒྱ་དབུ་འབྱེད་གནང་རྗེས། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ཚོགས་འདུ་ངོ་སྤྲོད་གནང་དོན། €œ ༢༠༠༩ ཟླ་ ༡༠ པར་རྒྱ་བལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་དང་པོའི་ཁོངས་ནས་བོད་མིའི་ཁྲིམས་རྩོད་པའི་ལག་ཁྱེར་ཡོད་མཁན་མི་གྲངས་ ༨ མ་གཏོགས་མེད་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་ལོ་ངོ་ ༥ རིང་བོད་མིའི་ཁྲིམས་རྩོད་པར་སྦྱོང་བརྡར་ཐེངས་ ༦ གོ་སྒྲིག་ཞུས་ཏེ། ད་ཆ་བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཁྱོན་ ༡༥༦ ཡོད། འདས་པའི་ཉམས་མྱོང་གི་ཆ་ནས་ས་གནས་མགོ་འཛིན་རྣམ་པར་ས་གནས་ཁྲིམས་ཞིབ་པའི་ལས་འགན་གཅིག་ལྕོགས་བསྐུར་བ་དེ་ས་གནས་སོ་སོར་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་འོག་མའི་དགོས་དམིགས་ཕན་ཐོགས་ཡོད་པ་ཞིག་བསྒྲུབ་ཐུབ་ཀྱི་མེད་པ་གསལ་པོ་ཡིན་སྟབས། རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཡོངས་རྫོགས་ཕྱིར་བསྡུ་བྱེད་ཐུབ་པ་བྱུང་ཡོད་ཀྱང་། བལ་ཡུལ་ཁུལ་དུ་ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་བཀའ་ཤག་གི་དགོངས་འཆར་ལྟར་གནས་སྐབས་རིང་ད་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ མུ་མཐུད་བཞག་དགོས་བྱུང་བ་དང་། བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཁག་གི་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་བཀོད་སྒྲིག་གི་རྩ་འཛིན་ལམ་སྟོན་གནང་ཡོད། ས་གནས་ཁྲིམས་ཞིབ་ཁང་ཁོངས་ནས་ཁ་མཆུ་ཞུ་གཏུག་བྱ་མཁན་མང་ཤོས་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་ཆགས་ཡོད། ད་བར་ཁ་མཆུ་གྲངས་ ༨ ཙམ་བྱུང་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་ཁྲིམས་ཁང་སོ་སོར་ཁ་མཆུ་ཞུ་གཏུག་གི་བྱ་རིམ་མྱུར་ཚད་ཟླ་བ་ ༣ ཙམ་དང་། མང་མཐར་ཟླ་བ་ ༦ ནང་ཐག་གཅོད་ཐུབ་པའི་འབད་བརྩོན་ཞུ་དགོས་པའི་ལམ་སྟོན་བྱས་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐད་ཁོང་གིས། ཉེ་བའི་ཆར་ས་གནས་ཁྲིམས་ཞིབ་པ་རྣམ་པ་སྒྲིག་མཐུན་ཡིག་རྒྱུགས་ཀྱི་ལམ་ནས་ཤེས་ཡོན་ལྡན་པ་བསྐོ་གཞག་ཐུབ་པ་བྱུང་ཡོད་པ་མ་ཟད། དེའི་ཁོངས་ནས་ཁྲིམས་ལུགས་རིག་པ་བ་གཉིས་བསྐོ་གཞག་བྱས་ཡོད། ཕྱོགས་མཚུངས་སྲི་ཞུ་བ་དྲུང་གཞོན་གྱི་ཤེས་ཚད་ལྡན་པའི་ས་གནས་ཁྲིམས་དྲུང་ ༤ སྒྲིག་མཐུན་ཡིག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་བྱས་ཡོད། ཁྲིམས་འཛིན་དྲ་རྒྱ་གསར་དུ་དབུ་འབྱེད་ཀྱིས་བོད་མིའི་ཁྲིམས་ལུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཡུལ་ཁྲིམས་སྙིང་བསྡུས་རིམ་བཞིན་འདོན་སྤེལ་ཞུ་འཆར་དང་། རྗེས་ལོ་ནས་བཟུང་ལོ་རེའི་ནང་ཁྲིམས་ལུགས་དུས་དེབ་འདོན་ཐེངས་གསུམ་མམ་བཞི་དཔར་སྐྲུན་འདོན་སྤེལ་ཞུ་འཆར་ཡོད། ད་ལྟ་འགྲོ་བཞིན་པའི་རྒྱ་གར་གྱི་རྩ་ཁྲིམས་བོད་སྒྱུར་གྱི་ལས་གཞི་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཏམ་བཤད་གནང་དོན། བོད་ས་མ་ཤོར་བའི་གོང་དུ་༧གོང་ས་མཆོག་གིས་དགོངས་པ་ཆེ་བཞེས་གནང་སྟེ། ལེགས་བཅོས་ཚོགས་ཆུང་དང་འབྲེལ་གཏུགས་ཚོགས་ཆུང་གསར་འཛུགས་ཀྱིས་སྔོན་མའི་བོད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་རྣམ་དཔྱོད་ཀྱི་ས་བོན་སྐབས་དེ་དུས་ནས་བསྐྲུན་ཡོད་ཀྱང་། རྗེས་སུ་རྒྱ་ནག་གི་བཙན་འཛུལ་འོག་གོ་སྐབས་དེ་བྱུང་མེད་ཀྱང་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་བསླར་ཡང་༧གོང་ས་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ཁྲིམས་ཞིབ་ཁང་འཛུགས་ཐུབ་ཡོད་པ་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་། མ་འོངས་བོད་ཀྱི་བདེན་མཐའ་གསལ་བའི་སྐབས་སུའང་བོད་མི་རིགས་དང་། ལྷག་པར་དུ་འཛིན་སྐྱོང་ལ་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་སོང་།

ཁྲིམས་ཞིབ་ཁང་གི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ། གནའ་དུས་ཁྲིམས་ཆད་གཅོད་དུས་དབང་པོ་གཅོད་བཏུབ་བྱེད་པའི་ལམ་ལུགས་རྙིང་པ་དེ་འདྲ་བོད་ཙམ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་པོ་ནང་དེ་འདྲ་ལག་བསྟར་བྱས་ཡོད་པ་གསལ་པོ་ཡིན་ཡང་། དེང་རབས་མིའི་རྣམ་དཔྱོད་དང་ཤེས་ཡོན་གྱི་ཚད་གཞི་མཐོ་རུ་ཕྱིན་ཡོད་སྟབས། ཉེས་ཆད་གཏོང་རྒྱུ་དེ་ཡང་མི་སྒེར་སོ་སོ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ཁེ་དབང་དང་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ལམ་ལུགས་དེ་ཡག་པོ་ཞེ་དྲག་རེད་བསམ་གྱི་འདུག དེར་བརྟེན། དེ་ཚོ་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ལྟ་རྒྱལ་ཁབ་མང་པོ་ཞིག་ཏུ་སྲོག་ཁྲིམས་གཅོད་རྒྱུ་དེ་གང་ལ་གང་འཚམ་ཤུགས་ཆེན་པོ་རེད། དེ་ལ་འགག་པ་རྒྱག་མཁན་དང་དེ་དགོས་ཀྱི་འདུག་ཟེར་མཁན་གཉིས་ཀ་ཡོད་ཀྱང་། སྤྱི་ཡོངས་ནས་མིའི་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུའི་སྡིངས་ཆ་མང་པོ་ཡོད་སྟབས། ང་ཚོས་སྲོག་ཁྲིམས་གཅོད་མི་དགོས་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུའི་སྡིངས་ཆ་ཞིག་ཡོད་མེད་ཐད་ཉམས་ཞིབ་བྱེད་ཐུབ་པའི་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་བཙན་བྱོལ་བོད་མིའི་རྩ་འཛིན་ཁྲིམས་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་ལ། ད་ལྟ་ང་ཚོས་ལག་བསྟར་གནང་བཞིན་པའི་རྩ་འཛིན་ཁྲིམས་ཡིག་གསུམ་གྱི་ཡ་གྱལ་གཏུག་བཤེར་རྩ་འཛིན་དང་དཔང་རྟགས་རྩ་འཛིན་བཅས་ལ་བསྐྱར་བཅོས་གང་འདྲ་བྱེད་དགོས་མིན་ཐོག་ཚང་མས་བསམ་ཚུལ་སྤུངས་ཐུབ་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག རྩ་བའི་ཁྲིམས་དཔོན་རྣམ་པ་མཁྱེན་རྒྱ་ཆེན་པོ་ཡིན་ཡང་། ད་རེབ་ཚོགས་ཐོག་ཏུ་སྤུངས་ཐུབ་པ་ཡིན་ན། རིམ་པས་རྣམ་པ་ཚོ་ས་གནས་ཁྲིམས་ཞིབ་གནང་སྐབས་ཕྱག་ལས་གནང་བདེ་བ་དང་། ཕྱག་ལས་དེ་ཚོ་ཡང་སོ་སོའི་ངོས་ནས་དྲང་བདེན་དང་བློ་བདེ་པོ་ཡོང་གི་རེད། དེ་བཞིན། མི་མང་ཚོས་ཀྱང་བཙན་བྱོལ་སྒྲིག་འཛུགས་དང་སོ་སོས་ཡིད་ཆེས་ཐོབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་བོད་མི་ཚོས་ཡིད་ཆེས་མ་ཐོབ་པ་དང་། སོ་སོའི་ལས་ཀ་དེ་ཡང་མཐའ་མ་འཁྱོལ་བ་ཞིག་ཆགས་ན། ༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་འགྲོ་སོང་ཆུད་ཟོས་རེད། ང་ཚོར་ཁ་གཏད་གཅོག་མཁན་མང་པོ་ཡོད་ལ། དེ་དག་ནུས་པ་ཆེན་པོ་ཤ་སྟག་ཡིན་སྟབས། ང་ཚོས་དྲང་པོ་དང་བདེན་པ་བྱེད་ཀྱི་མེད་པ་དང་། སྔོན་མའི་ལམ་ལུགས་རྒྱུན་འཁྱོང་བྱེད་ཀྱི་འདུག་ཟེར་མཁན་ཚོར་ལག་ཆར་མ་སོང་བ་ཞིག་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་རྗེས། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེའི་གཏམ་བཤད་གནང་སོང་།

ཐེངས་འདིར་གྲོས་གཞི་ཁག་ ༤ ཡོད་པ་དག་ནི། དང་པོ། ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཇི་དགོས་དང་། གཉིས་པ། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་དོན་དང་འཛིན་སྐྱོང་བྱེད་སྒོ་གོང་མཐོར་གཏོང་ཕྱོགས། གསུམ་པ། ཁྲིམས་རྩོད་པ་སྐྱེད་སྲིང་དང་ནུས་རྩལ་མཐོར་འདེགས་བྱེད་ཕྱོགས། བཞི་པ། ཁྲིམས་ལུགས་གོ་རྟོགས་སྤེལ་བའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་བཅས་ལ་གོ་བསྡུར་སོགས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 3

  1. དིང་རི་བ། says:
    ལོ་ 12 སྔོན།

    ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ཁྲིམས་གཏུག་བྱ་འཆར་གྱི་སྐོར་ཁོང་གི་དེབ་དེའི་ནང་བཀོད་འདུག་ཟེར། ད་འོ་ན། མགྱོགས་པོར་གཏུག་བཤེར་བྱས་དང། གང་ཟག་ལ་མི་རྟོན་ཆོས་ལ་ཕལ་ཆེར་རྟོན་མདོག་ཁ་པོ་ཅིག་འདུག་ག

    Reply
  2. ཐུབ་བསྟན། says:
    ལོ་ 12 སྔོན།

    སྤྱི་འཐུས་ཚོགས་གཞོན་མཆོག་གི་དགོངས་པ་ཧ་ཅང་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད་འདུག བཙན་བྱོལ་བོད་གཞུང་གི་ཁྲིམས་ཁང་གིས་ཁྲིམས་བཅོད་བཙོན་འཇུག་སོགས་ཀྱི་ནུས་པ་ཆ་ཚང་བ་ཞིག་མེད་པ་སོང་ཙང་། འཛམ་གླིང་ཐོག་སྲོག་ཁྲིམས་གཅོད་བཞིན་པ་དག་འགོག་ཐབས་ལ་ལས་འགུལ་ཞིག་སྤེལ་ཐུབ་ན་དེ་ཧ་ཅང་རླབས་ཆེན་དང་། གནས་སྟངས་གསར་པ་ཞིག་ཆགས་ཡོད་པ་རེད། དེ་མ་གཏོགས་ཁྲིམས་ཁང་གཞན་དང་འདྲ་བར་ལས་ཀ་མང་པོ་དང་ཡོད་པ་མ་རེད། དབང་ཚད་ཀྱང་ཚད་དང་ལྡན་པ་ཞིག་ཡོད་པ་མ་རེད། ཐབས་ལམ་དང་ལས་འགུལ་འདི་དག་ཐོག་དགོངས་པ་ཆེ་བཞེས་གནང་སྟེ་ལས་རིམ་བསྒྲིགས་ནས་ལས་འགུལ་ཞིག་སྤེལ་ན་ཧ་ཅང་ཁ་ཡོད་ལག་ཡོད་དང་། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་དང་དགོངས་པ་ལག་ལེན་རྩེ་མཐུན་ཡོང་གི་ཡོད་པ་རེད།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ད་ཐེངས་གངས་སྐྱིད་ཀྱི་ལྐོག་ཟ་མཁན་འགའ་ལྷང་ལ་ཐོན་པའི་རེ་བ་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese