མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྙོག་གྲ་ཆེ་རུ་མ་གཏོང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཝི་ཇའེ་ནཱ་གྷར་ནས་མོན་རྟ་དབང་བར་གཞུང་ལམ་གསར་རྒྱག་བྱ་འཆར་ཡོད་པའི་གསལ་བསྒྲགས་སྤེལ་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ཡོངས་མངའ་སྡེའི་བདག་སྐྱོང་ནང་སྲིད་བློན་ཆེན་ཀེ་རན་རི་ཇི་ཇུ་ (Kiren Rijiju) ཡིས། རྒྱ་གར་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ཝི་ཇའེ་ནཱ་གྷར་(Vijaynagar)ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་མོན་རྟ་དབང་གི་མཱ་གྷོ་ཐིང་བུ་ (Mago-Thingbu)བར་རིང་ཚད་སྤྱིེ་ལེ་ ༢༠༠༠ ཙམ་ཡོད་པའི་གཞུང་ལམ་གསར་རྒྱག་བྱ་རྒྱུ་ཡིན་སྐོར་བརྗོད་པ་དེར། ཁ་སང་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གིས་རྒྱལ་ཁབ་གཉིས་བར་དཀའ་རྙོག་ཆེ་རུ་མི་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཚུལ་བརྗོད་དེ། གཞུང་ལམ་གསར་རྒྱག་ལས་གཞི་དེར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག  

འདིའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ (Hong Lei) ཡིས། “རྒྱ་དཀར་གྱི་ཤར་ཕྱོགས་མངའ་ཁུལ་དུ་ས་མཚམས་རྩོད་རྙོག་ཡོད་སྟབས། རྒྱ་གར་གཞུང་གིས་གྲོས་མོལ་བརྒྱུད་དཀའ་རྙོག་དེ་དག་སེལ་དགོས་པ་ལས་རྩོད་རྙོག་ཇེ་ཆེར་གཏོང་མི་རུང་། ད་ལྟ་ང་ཚོས་ཐུན་མོང་ཐོག་གྲོས་མོལ་གྱི་སྡིངས་ཆ་ཞིག་བསྐྲུན་ཏེ་ས་མཚམས་ཁུལ་དུ་བརྟན་ལྷིང་ཡོང་བ་བྱ་དགོས།”ཞེས་བརྗོད་འདུག

རྒྱ་གར་ནང་སྲིད་ལྷན་ཁང་གིས། “རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་ཁུལ་བར་གཞུང་ལམ་བཟོས་ཡོད་སྟབས། ང་ཚོས་སོ་སོའི་མངའ་ཁུལ་ནང་གཞུང་ལམ་བཟོ་རྒྱུ་ཐག་གཅོད་བྱས་པར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དོན་མེད།”ཅེས་ལན་འདེབས་བྱས་འདུག

ད་རེབ་ཀྱི་རྙོག་གླེང་དང་འབྲེལ་བའི་ལས་གཞི་དེ་ཐོག་མ་ ༢༠༠༨ ལོར་རྒྱ་གར་ཀོང་རེ་སེ་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་མཐའ་ཁུལ་དུ་སྤྱི་ལེ་ ༢༤༠༠ ཙམ་གྱི་གཞུང་ལམ་གསར་རྒྱག་ལས་གཞི་མགོ་འཛུགས་བྱས་པ་ཞིག་ཡིན་ཡང་། ད་བར་ལས་གཞིའི་དེའི་བརྒྱ་ཆ་ ༡༠ ཙམ་ལས་འགྲུབ་མེད་སྟབས། ཉེ་ལམ་རྒྱ་གར་གཞུང་གསར་པས་ཧིན་སྐོར་ཁྲག་ཁྲིག་བཞི་(Rs 40,000 crore) བཏང་སྟེ། ལས་གཞི་དེར་སྤྱི་ལེ་ ༢༠༠༠ ཙམ་ལྷག་ཡོད་པ་དེ་མཇུག་སྐྱོང་བྱེད་རྒྱུ་ཡིན་པ་བསྒྲགས་ཡོད།

འདིའི་ཐད་རྒྱ་གར་རྒྱལ་ཡོངས་མངའ་སྡེའི་བདག་སྐྱོང་ནང་སྲིད་བློན་ཆེན་ཀེ་རན་རི་ཇི་ཇུ་ (Kiren Rijiju) ཡིས། “ས་གཤིས་གངས་རིས་བཏུམས་ཤིང་གྲང་ངར་ཆེ་བའི་ས་ཁུལ་འདི་འདྲ་ཞིག་གི་ནང་ལ་གཞུང་ལམ་གསར་རྒྱག་བྱ་རྒྱུ་ནི་དཀའ་འཛེགས་ཆེན་པོ་ཡིན་ཡང་། གལ་ཏེ་གཞུང་ལམ་འདི་བསྐྲུན་ཐུབ་ཚེ་རྒྱལ་སྲུང་ལ་ཕན་ཐོགས་ཡོད་པ་མ་ཟད། མཐའ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་ཕན་ཐོགས་ཆེན་པོ་ཡོད། འདི་ནི་རྒྱ་གར་གྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་ལས་གཞི་གཞི་རྒྱ་ཆེ་ཤོས་དེ་ཡང་ཆགས་ཡོད།”ཅེས་བརྗོད་འདུག

༡༩༦༢ ལོར་རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས། ད་བར་རྒྱལ་ཁབ་གཉིས་བར་ས་མཚམས་གནད་དོན་ཐད་གྲོས་མོལ་ཐེངས་ ༡༧ ཙམ་བྱས་ཡོད་ཀྱང་། ད་དུང་མེག་མོ་ཧན་ས་ཐིག་གི་དཀའ་རྙོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཐོན་མེད་སྟབས། ས་མཚམས་ཁུལ་དུ་རྒྱ་གཞུང་གིས་གཞུང་ལམ་གསར་རྒྱག་དང་ཆུ་རགས་རྒྱག་པ་སོགས་མངའ་ཁུལ་བདག་དབང་རྩོད་ལེན་བྱེད་ཀྱིན་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་གར་གཞུང་གིས་ཨ་རུན་ནཱ་ཅལ་མངའ་སྡེའི་ས་མཚམས་ཁུལ་དུ་སྤྱི་ལེ་ ༡༠༠ ཙམ་གྱི་གཞུང་ལམ་དང་། མངའ་སྡེའི་ནང་སྤྱི་ལེ་ ༦༠༠༠ གི་གཞུང་ལམ་གསར་རྒྱག་མགོ་འཛུགས་བྱས་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་སྐབས་འབྲེལ་ལམ་ལ་དོ་ཕོག་མི་ཡོང་ཆེད་ལས་གཞི་དེ་གནས་སྐབས་རིང་མཚམས་བཞག་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོས་མཐའ་སྲུང་དམག་མི་ཡང་ཕྱིར་འཐེན་བྱས་ཡོད་ཀྱང་། ཞི་ཅིན་ཕིན་རྒྱ་ནག་ཏུ་ལོག་མ་ཐག་རྒྱ་དམག་གིས་ལ་དྭགས་ནང་བཙན་འཛུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་སླར་ཡང་མཐའ་མཚམས་ཁུལ་དུ་དམག་དཔུང་ཇེ་མང་དུ་བཏང་བ་དང་། ཕན་ཚུན་ལ་མེ་མདའ་རྒྱག་རེས་སོགས་ཀྱི་གནས་ཚུལ་བྱུང་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་གར་གཞུང་གིས་རྒྱ་གར་ནག་བར་རྩོད་ཉོག་ཡོད་པའི་ས་ཁུལ་སྤྱི་ལེ་ ༤༠༠༠ ལྷག་ཡོད་སྐོར་བརྗོད་དེ་མོན་རྟ་དབང་ཁུལ་དུ་གཞུང་ལམ་གསར་སྐྲུན་དང་། རྒྱ་གཞུང་གིས་རྒྱལ་ཁབ་གཉིས་བར་རྩོད་གཞི་ཅན་གྱི་ས་ཁུལ་སྤྱི་ལེ་ ༢༠༠༠ ཙམ་ལས་མེད་སྐོར་བརྗོད་དེ། ས་མཚམས་ཁུལ་དུ་ཆུ་རགས་རྒྱག་པ་དང་མཐའ་སྲུང་དམག་མི་མང་དུ་གཏོང་གི་ཡོད་པ་དེས། ཕྱོགས་གཉིས་བར་འགལ་བ་ཆེན་པོ་ཞིག་ལྷག་ཡོད་པ་སྟོན་གྱི་ཡོད་སྐོར་བརྗོད།

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྟ་རོ་ཡི་དོན་དུ་ཁྱི་སྤྱང་གཉིས་རྟག་ཏུ་མི་འཆམ་པར་
    ཆོས་ཉིད་རེད།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྟ་རོ་ཡི་དོན་དུ་ཁྱི་སྤྱང་གཉིས་རྟག་ཏུ་མི་འཆམ་པར་
    ཆོས་ཉིད་རེད།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྟ་རོ་ཡི་དོན་དུ་ཁྱི་སྤྱང་གཉིས་རྟག་ཏུ་མི་འཆམ་པར་
    ཆོས་ཉིད་རེད།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྟ་རོ་ཟ་རྒྱུ་ལ་ཁྱི་སྤྱང་གཉིས་མ་འཆམ་པར་སྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese