མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་གནམ་གྲུར་རྗེས་འདེད་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གཉིས་གོང་ཨུ་རུ་སུའི་གསང་བའི་གནམ་གྲུ་ཞིག་ཨེ་སི་ཌོབ་ནི་ཡའི་བར་སྣང་བརྒལ་ནས་འཕུར་སྐྱོད་བྱས་པར་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་གི་གནམ་དམག་གིས་རྗེས་འདེད་བཏང་ཡོད་འདུག

དེ་རིང་ཡུ་རོབ་ཤར་ཕྱོགས་ནང་རྟེན་གཞི་བྱས་པའི་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ (NATO) གིས། ཟླ་འདིའི་ཚེས་ ༢༡ ཉིན་ཨུ་སུ་རུའི་གསང་བའི་གནམ་གྲུ་(Ilyushin IL-20)ཞིག་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་གི་འཐུས་མིའི་རྒྱལ་ཁབ་ཨེ་སི་ཌོབ་ནེ་ཡ་ (Estonia)ཡི་བར་སྣང་ནང་ནས་ཚུར་སྨི་ ༦༠༠ ལྷག་བརྒལ་ནས་འཕུར་སྐྱོད་བྱེད་སྐབས། ཌེན་མག་གི་འཐབ་འཁྲུག་གནམ་གྲུ་ (F-16) ཡིས་མཁའ་ལམ་བཀག་འགོག་གིས་རྗེས་འདེད་བྱས་ཏེ་ཡུ་རོབ་བྱང་ཕྱོགས་སུ་འཕུར་ཡོད་ཅིང་། དེ་ནས་སི་ཝེ་ཌིན་ (Sweden) གྱི་མཁའ་དམག་གིས་ཀྱང་རྗེས་འདེད་བཏང་སྟེ། ཆུ་ཚོད་བཞིའི་རྗེས་གསང་བའི་གནམ་གྲུ་དེ་ཡང་བསྐྱར་ཨེ་སི་ཌོབ་ནེ་ཡའི་བར་སྣང་ནས་ཚུར་ལོག་སྐབས་ཕོར་ཇུ་གྷལ་གནམ་གྲུས་རྗེས་འདེད་བཏང་སྟེ་ཕྱིར་སྐྲོད་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་ཨེ་སི་ཌོབ་ནེ་ཡའི་གཞུང་གིས་ཨེ་སི་ཌོབ་ནེ་ཡའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་སྐད་བཏང་སྟེ་གནད་དོན་དེའི་སྐོར་གླེང་སློང་བྱས་ཡོད་ཀྱང་། ཨུ་རུ་སུའི་ཕྱོགས་ནས་གནམ་གྲུ་དེ་གསང་བའི་གནམ་གྲུ་ཡིན་པར་ཁས་ལེན་བྱས་མེད་པ་མ་ཟད། ཨུ་རུ་སུའི་མཁའ་དམག་གིས་གནམ་གྲུ་འཕུར་སྐྱོད་ཀྱི་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དེ་དག་གིས་ཨེ་སི་ཌོབ་ནེ་ཡའི་བར་སྣང་བརྒལ་མེད་ཚུལ་བརྗོད་ཡོད་འདུག

ཨུ་རུ་སུའི་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨུ་རུ་སུའི་གཞུང་འབྲེལ་མ་ཡིན་པའི་གསར་ཁང་ (Interfax News) གི་གསར་འགོད་པར། ཨུ་སུ་རུའི་གནམ་གྲུ་དེ་ (Ilyushin) ཨུ་རུ་སུའི་བྷེལ་ཌེ་ཁུ་ (Baltic) མཚོ་ཁུལ་གྱི་ཁཱ་ར་བུ་རོབ་བོ་ (Khrabrovo)གནམ་ཐང་ནས་འཕུར་ཏེ། རྒྱལ་ཁབ་སུ་ལའང་བདག་མེད་པའི་བྷེལ་ཌེ་ཁུ་མཚོ་ངོས་ཀྱི་བར་སྣང་ནས་འཕུར་སྐྱོད་བྱས་ཡོད་པས་རྒྱལ་སྤྱིའི་བར་སྣང་དབྱེ་མཚམས་ལས་བརྒལ་མེད་ཅེས་བརྗོད་ཡོད་འདུག

ཉེ་བའི་ཟླ་བདུན་རིང་ཡུའུ་ཁུ་རེན་ནང་དཀའ་རྙོག་བྱུང་བ་ནས་བཟུང་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་སྡེ་ཁུ་རེ་མཱ་བཙན་བཟུང་བྱས་པ་དང་། སྣང་མེད་ཀྱི་རྣམ་པའི་ཐོག་ནས་ཡུའུ་ཁུ་རེན་གྱི་ས་མཚམས་ནང་ཡང་ཡང་བརྒལ་ཡོད་པ་དང་། ཐེངས་འདིའི་གནས་ཚུལ་དེར་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱས་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས། ཨི་རག་དང་སེ་རི་ཡའི་ནང་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་རྩ་མེད་གཏོང་བར་ཨུ་རུ་སུ་དང་ཨ་རི་གཉིས་ཀྱིས་མཉམ་འབྲེལ་བྱེད་པར་མོས་མཐུན་བྱུང་ཡོད་སྟབས། ཐེངས་འདིར་སྐྱོན་བརྗོད་མ་བྱས་པ་ཡིན་པར་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. ཕུན་ཚོགས ། says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་གནས་ཚུལ་འགོད་སྟངས་འདི་རིགས་ཤིན་ཏུ་གལ་ཆེ་གི དེ་མིན་བོད་པའི་སྤྱི་ཚོགས་ནང་བོད་ཡིག་མ་གཏོགས་མི་ཤེས་མཁན་ཚོས། རྒྱལ་སྤྱིའི་གནས་ཚུལ་མཁྱེན་རྟོགས་མེད་ལ། དེ་ལས་ཀྱང་ཆབ་སྲིད་གནས་བབ་སོགས་ལ་གོ་རྟོགས་ཅུང་མེད་པས། གནས་དོན་འདིས་བོད་པའི་སྤྱི་ཚོགས་ཀྱི་གོ་རྟོགས་དང་གནད་དོན་དག་ལ་ཐད་གར་ཤུགས་རྐྱེན་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese