མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་ཡུའུ་ཁུ་རེན་གྱི་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨུ་རུ་སུ་དང་ཡུའུ་ཁུ་རེན་གྱི་གློག་ཤུགས་བློན་ཆེན་རྣམ་གཉིས་ཡུ་རོབ་སྦེལ་ཇམ་དུ་ཐུག་འཕྲད་གྲོས་མོལ་བྱས་ཏེ་རྒྱལ་ཁབ་གཉིས་བར་སོལ་རླངས་གནད་དོན་ཐོག་གྲོས་མོལ་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་ཡུ་རོབ་སྦེལ་ཇམ་གྱི་རྒྱལ་གྱི་རྒྱལ་སར། ཡུ་རོབ་མཐུན་ཚོགས་ཀྱི་གློག་ཤུགས་འགན་གྱི་བར་འདུམ་འོག ཨུ་རུ་སུའི་གློག་ཤུགས་བློན་ཆེན་ནོབ་བཱ་ཁུ་ (Alexander Novak)དང་སོལ་རླངས་བཟོ་གྲྭའི་འགན་འཛིན་མེ་ལེར་ (Alexei Miller)། ཡུའུ་ཁུ་རེན་གྱི་གློག་ཤུགས་བློན་ཆེན་ཡོ་རེ་པུ་རོབ་ཌེན་ (Yuri Prodan) གསུམ་ཐུག་འཕྲད་བྱས་ནས་ཨུ་རུ་སུས་ཡུའུ་ཁུ་རེན་ལ་སོལ་རླངས་གཏོང་དགོས་པའི་སྐོར་ལ་གྲོས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་ཀྱང་།  ཨུ་རུ་སུ་ཕྱོགས་ནས་ཡུའུ་ཁུ་རེན་གྱིས་ཨུ་རུ་སུར་སོལ་རླངས་བུ་ལོན་ཨ་སྒོར་ཐེར་འབུམ་ ༣།༡ ཆད་ཡོད་པ་དེ་ལས་ཨ་སྒོར་ཐེར་འབུམ་ ༡།༦ ཙམ་སྔོན་ལ་སྤྲོད་དགོས་པའི་ཆ་རྐྱེན་བཏོན་པར་བརྟེན། ཨུ་རུ་སུས་ཡུའུ་ཁུ་རེན་ལ་སོལ་རླངས་གཏོང་མཚམས་བཞག་པའི་དཀའ་ངལ་མུ་མཐུད་དུ་ལྷག་ཡོད་འདུག

ཨུ་རུ་སུའི་སོལ་རླངས་བཟོ་གྲྭའི་འགན་འཛིན་མེ་ལེར་ལགས་ཀྱིས་བརྗོད་པར། ཡུ་རོབ་མཐུན་ཚོགས་ཀྱིས་ཡུའུ་ཁུ་རེན་ལ་དཔལ་འབྱོར་རོགས་སྐྱོར་བྱེད་པར་གྲོས་ཆོད་བཞག་པ་ཡིན་ན། ཨུ་རུ་སུས་ཡུའུ་ཁུ་རེན་ལ་སོལ་རླངས་གཏོང་ངེས་ཡིན་ཚུལ་བརྗོད་འདུག དེ་བཞིན། ཨུ་རུ་སུའི་གློག་ཤུགས་བློན་ཆེན་ནོ་བཱ་ཁུ་ཡིས་ཀྱང་། ཐེངས་འདིར་ཡུ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་དངུལ་ཁང་གིས་ཡུའུ་ཁུ་རེན་ལ་སོལ་རླངས་ཨ་སྒོར་ཐེར་འབུམ་ ༤ ལྷག་གི་མ་དངུལ་ཐོག་རོགས་སྐྱོར་ཁག་ཐེག་བྱེད་པའི་ཡིད་ཆེས་བསླེབས་མ་སོང་ལ། ཡུའུ་ཁུ་རེན་ལ་རོགས་དངུལ་ཚེ་ཨུ་རུ་སུ་ལ་སོལ་རླངས་ཡོད། ཅེས་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་ཐེངས་འདིའི་གྲོས་མོལ་སྐོར་ལ། ཨུ་རུ་སུ་དང་ཡུའུ་ཁུ་རེན་གཉིས་གྲོས་མོལ་མགོ་འཛུགས་བྱས་ཟིན་ཡང་། གྲོས་མོལ་ལ་གྲུབ་འབྲས་ཡོང་མིན་དེ་ཡུ་རོབ་མཐུན་ཚོགས་ཀྱིས་ཡུའུ་ཁུ་རེན་ལ་དཔལ་འབྱོར་རོགས་སྐྱོར་བྱེད་མིན་ལ་རག་ལས་ཡོད། ཅེས་བརྗོད་འདུག

ཡུ་རོབ་ཤར་ཕྱོགས་ཁུལ་གྱི་སོལ་རླངས་དབྱེ་ཞིབ་པ་ཀོར་ཆིམ་ཀིན་ (Mikhail Korchemkin) ལགས་ཀྱིས་ཨུ་རུ་སུའི་གཞུང་འབྲེལ་གསར་ཁང་ (RIA)གི་གསར་འགོད་པར།  ད་ལྟའི་ཨུ་རུ་སུ་དང་ཡུའུ་ཁུ་རེན་བར་གྱི་སོལ་རླངས་གཏོང་ལེན་གྱི་དཀའ་ངལ་དེ་སྔོན་མ་རྒྱལ་ཁབ་གཉིས་དམག་འཁྲུག་རྒྱག་སྐབས་ཀྱི་དཀའ་ངལ་ལས་ཀྱང་མགོ་རྙོག་ཚ་བོ་ཆགས་ཡོད་སྟབས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱས་ཏེ་སོལ་རླངས་ཀྱི་དཀའ་ངལ་སེལ་དགོས་ཀྱི་ཡོད་ཅེས་བརྗོད་འདུག

ཡུའུ་ཁུ་རེན་གྱི་དཔལ་འབྱོར་བློན་ཆེན་ཨོ་ལན་ཁུ་སེན་ཌིར་ (Oleksander shlapak) ཀྱིས་ཨུ་རུ་སུ་ཕྱོགས་ནས་སོལ་རླངས་གྲོས་མོལ་ལ་མོས་མཐུན་བྱེད་འདོད་མེད་པ་མངོན་གསལ་ཡིན་པའི་སྐྱོན་བརྗོད་དང་འབྲེལ།  ད་ལྟའི་ཆར་ཡུའུ་ཁུ་རེན་གྱིས་ཡུ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་དངུལ་ཁང་། ཨ་རི་བཅས་ནས་དཔལ་འབྱོར་རོགས་སྐྱོར་རག་ཐབས་ཀྱི་ཡོད་ཚུལ་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་སོལ་རླངས་དཀའ་ངལ་སེལ་འདོད་ཡོད་མེད་སྐོར་ལ། ཨུ་རུ་སུའི་མཐར་ཐུག་གི་ཀུན་སློང་དཔལ་འབྱོར་ཡིན་པ་དང་། ཡང་ན། ཡུའུ་ཁུ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བར་ཨུ་རུ་སུའི་སྲིད་དོན་གྲོས་མོལ་ལ་རྩོད་པ་རྒྱག་བཅུག་ནས་དགུན་དུས་བསླེབ་པར་དུས་ཚོད་འགྱངས་ཐབས་བྱེད་ཀྱིན་ཡོད་ཚུལ་བརྗོད་འདུག  

ཟླ་འདིའི་ཚེས་ ༢༡ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གློག་ཤུགས་འགན་འཛིན་གྱིས་ཨུ་རུ་སུ་དང་ཡུའུ་ཁུ་རེན་གཉིས་བར་འདུམ་སྒྲིག་བྱས་ཏེ། ད་ལོའི་ལོ་མཇུག་བར་ཡུའུ་ཁུ་རེན་གྱིས་ཨུ་རུ་སུར་ཨ་སྒོར་ཐེར་འབུམ་ ༡།༣ ཙམ་གྱི་བུ་ལོན་སྤྲད་དེ། ཨུ་རུ་སུས་ད་ལོ་དགུན་དུས་ནས་བཟུང་ལོ་རྗེས་མའི་ཟླ་ ༣ པའི་བར་ཡུའུ་ཁུ་རེན་ལ་བརྒྱ་ཆ་ ༢༠ ཆག་ཡང་གིས་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ (Cubic metre)ཆིག་སྟོང་རེ་རེར་ཨ་སྒོར་ ༣༨༥ སྤྲོད་རྒྱུར་གྲོས་མོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། ཨུ་རུ་སུས་ཡུའུ་ཁུ་རེན་དང་མཉམ་དུ་གནས་སྐབས་རིང་ཡུའུ་ཁུ་རེན་གྱི་སོལ་རླངས་དཀའ་ངལ་སེལ་ཐུབ་པར་རེ་བ་རྒྱག་གི་ཡོད་ཚུལ་བརྗོད་ཡོད་པ་དང་། ཡུའུ་ཁུ་རེན་གྱི་སྲིད་འཛིན་པོ་རོབ་ཤེན་ཀོ་ (Petro Poroshenko) ལགས་ཀྱིས་ཀྱང་ཨུ་རུ་སུ་དང་མཉམ་དུ་སོལ་རླངས་དཀའ་ངལ་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ཚུལ་བརྗོད་འདུག

ཡུའུ་ཁུ་རེན་གྱིས་ལོ་རེའི་དགུན་དུས་ལ་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གསུམ་ནས་བཞི་བེད་སྤྱོད་གཏོང་གི་ཡོད་པ་དང་། ཡུའུ་ཁུ་རེན་གྱི་སོལ་རླངས་བརྒྱ་ཆ་ ༥༠ ལྷག་ཨུ་རུ་སུར་བརྟེན་དགོས་ཀྱིན་ཡོད་འདུག ༢༠༠༦ དང་ ༢༠༠༩ ལོར་ཨུ་རུ་སུ་དང་ཡུའུ་ཁུ་རེན་བར་སོལ་རླངས་གོང་ཚད་ཐོག་རྩོད་རྙོག་བྱུང་སྟེ། ཡུ་རོབ་རྒྱལ་ཁབ་ཁག་ཅིག་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ལ་མཚོན་ན་སོལ་རླངས་བརྒྱ་ཆ་ ༣༠ ལྷག་ཡུའུ་ཁུ་རེན་བརྒྱུད་ནས་ལེན་དགོས་ཀྱི་ཡོད་འདུག

ད་ལོའི་ཟླ་ ༣ པ་ནས་བཟུང་ཡུའུ་ཁུ་རེན་གྱི་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པ་ཚོར་ཨུ་རུ་སུས་མཚོན་ཆ་དང་དངུལ་སོགས་ཀྱི་རོགས་སྐྱོར་འོག་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་སྡེ་ཁུ་རེ་མཱེ་ཡ་བཙན་བཟུང་བྱས་སྟབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་བཅས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་གསུམ་བཏང་བ་དང་། ཡུའུ་ཁུ་རེན་གྱིས་ཨུ་རུ་སུའི་སོལ་རླངས་བུ་ལོན་སྤྲོད་མ་ཐུབ་པ་བཅས་ལ་བརྟེན་ཏེ། ད་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཨུ་རུ་སུས་ཡུའུ་ཁུ་རེན་ལ་སོལ་རླངས་གཏོང་མཚམས་བཞག་ཡོད་འདུག 

གནད་དོན་དབྱེ་ཞིབ་པ་ཚོས། ཨུ་སུ་རུས་དགུན་དུས་ཀྱི་གོ་སྐབས་བཟུང་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུའུ་རེན་གྱི་སོལ་རླངས་བུ་ལོན་སྤྲོད་ཐབས་བྱས་ཏེ་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་བསྐྱར་གསོ་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད། དེ་མིན་ན་ཡུའུ་ཁུ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ལ་དགུན་དུས་སྐབས་དཀའ་ངལ་ཆེན་པོ་འཕྲད་འཇུག་གི་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese