མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ལས་བྱེད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱིས་༧གོང་ས་མཆོག་ལ་དད་གུས་ཞུ་མཁན་གྱི་བོད་རིགས་ལས་བྱེད་ཚོར་ཉེས་ཆད་ལྕི་མོ་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་ ༥ ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་ཁྲིད་ཡེ་ཏུང་སུང་ (Ye Dongsong) གིས་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ངོས་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་བོད་རྒྱ་ནག་ནས་ཁ་བྲལ་གཏོང་མཁན་ལ་རྒོལ་རྡུང་གཏོང་དགོས་སྐོར་བརྗོད་ཡོད་དང་། ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁྲེན་ཆོན་གོ་ཡིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དད་གུས་རྒྱབ་སྐྱོར་ཞུ་མཁན་གྱི་བོད་རིགས་ལས་བྱེད་དག་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་ཁྲིད་ཡེ་ཡུང་སུང་གིས་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ (Global Times) ཐོག་བརྗོད་དོན། “བོད་ནང་གི་ལས་བྱེད་མང་པོ་ཞིག་ལ་ལངས་ཕྱོགས་བརྟན་པོ་མེད་པ་མ་ཟད། གཞི་རིམ་ལས་བྱེད་མང་པོ་ཞིག་གིས་ལྐོག་ཟ་རུལ་སུངས་ཕོན་ཆེན་བྱས་ཡོད་སྟབས། འབྲེལ་ཡོད་མགོ་ཁྲིད་ཀྱིས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་མཁན་ལ་རྡུང་རྡེག་དང་། ལྐོག་ཟ་རུལ་སུངས་རྩ་མེད་བཏང་སྟེ། བོད་ནང་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་དགོས།” ཞེས་བརྗོད་འདུག

ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁྲེན་ཆོན་གོ་ཡིས་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་། “ང་ཚོས་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུར་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་ཙམ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་དང་ཏཱ་ལའི་རུ་ཁག་ལ་རྒྱབ་སྐྱོར་བྱས་ཏེ་བོད་རྒྱ་ནག་ནས་ཁ་བྲལ་ལས་འགུལ་དང་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན།” ཞེས་ལན་འདེབས་བྱས་འདུག

རྒྱ་གཞུང་གི་ལས་བྱེད་མང་པོ་ཞིག་གིས་ཆོས་ལུགས་ལ་དད་ཞེན་ཆེན་པོ་བྱེད་བཞིན་ཡོད་སྟབས། ཉེ་ལམ་རྒྱ་གཞུང་གིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། བོད་དང་ཤིན་ཅང་ཁུལ་དུ་དམ་དྲག་ཆེ་རུ་བཏང་སྟེ། འདི་ལོའི་ཟླ་ ༧ ཚེས་ ༡༣ ཉིན་ནས་བཟུང་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་གིས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་གཏོང་བྱས་ཏེ། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་དང་། རྒྱ་གཞུང་གི་ལས་བྱེད་ནང་ནས་ཆོས་ལུགས་བྱེ་བྲག་པར་དད་མོས་བྱེད་མཁན་ཚོར་སྟངས་འཛིན་བྱེད་ཆེད། བོད་དང་སི་ཁྲོན། ཅང་སུ། ཀྲེ་ཅང་། ཤིན་ཅང་སོགས་ས་ཁུལ་ཁག་ ༡༠ ནང་རྟོག་ཞིབ་ཚོགས་ཆུང་བཏང་ཡོད་པ་མ་ཟད། ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱིས་༧གོང་ས་མཆོག་ལ་དད་གུས་རྒྱབ་སྐྱོར་བྱེད་མཁན་གྱི་བོད་རིགས་ལས་བྱེད་དག་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་བྱས་ཏེ། མ་འོངས་པར་བོད་ནང་ཆོས་དད་རང་དབང་ཐད་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞུང་ཀྲུང་ཤིན་ (Xiong Kunxin) གྱིས། “བོད་ནང་གི་ལས་བྱེད་མི་ཉུང་བ་ཞིག་གིས་ཏཱ་ལའི་བླ་མར་དད་གུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དག་ནི་ཆོས་ལུགས་དབང་གི་ཡིན་སྟབས། གལ་ཏེ་ཁོ་ཚོས་མུ་མཐུད་ཆོས་ལུགས་རྗེས་སུ་འབྲང་ཚེ་ཧན་མི་རིགས་ཚོ་བོད་ནས་ཕྱིར་འཕུད་གཏང་སྲིད་སྟབས། ང་ཚོ་དང་གཞུང་ངོས་ནས་ཏཱ་ལའི་བླ་མར་དད་གུས་བྱེད་མཁན་གྱི་བོད་རིགས་ལས་བྱེད་ཚོར་བཟོད་སྒོམ་བྱ་ཐབས་མེད།” ཅེས་བརྗོད་འདུག

༡༩༥༩ ལོར་རྒྱ་གཞུང་གིས་བོད་ས་ཡོངས་རྗོགས་བཙན་བཟུང་བྱས་རྗེས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་སྟབས། གཞིས་ལུས་རྒྱ་ཆེའི་མི་མང་ཚོ་རྒྱ་གཞུང་འོག་སྡོད་ཐབས་བྲལ་ཏེ། ༡༩༨༧ དང་ ༡༩༨༨ ལོ་དང་། ༢༠༠༨ ལོ་བཅས་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་སྟབས། ༢༠༠༨ ལོའི་རྗེས་རྒྱ་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་བཏང་སྟེ། བོད་མི་ཚོས་ ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད། དགོན་པ་ཁག་ལ་དགེ་བཙུན་གྱི་གྲངས་འབོར་གཏན་འབེབས་དང་། བོད་ནང་བོད་ཡིག་བཀོལ་སྤྱོད་ཀྱི་སྡིངས་ཆ་ཇེ་ཉུང་དུ་བཏང་བ་སོགས་བྱས་ཏེ་བོད་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་སྟབས། ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༣༢ ལྷག་གིས་རང་ལུས་མེར་སྲེག་གནང་སྟེ། རྒྱ་གཞུང་གིས་འཛིན་པའི་བོད་ཐོག་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་དམ་དྲག་ཆེ་རུ་བཏང་སྟེ། བོད་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་བཟོས་པ་མ་ཟད། ད་ལྟ་བོད་རིགས་ལས་བྱེད་ཚོར་ཞིབ་བཤེར་བྱེད་བཞིན་ཡོད་སྟབས། མ་འོངས་པར་བོད་ནང་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཐད་སྔར་ལྷག་དམ་དྲག་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 5

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཡང་རྒྱ་དམར་གྱིས་ཏཱ་ལ་བླར་དད་ཚུལ་ལ་ཁག་ཀྲིས་ཀྱིས་བོད་ནང་གི་བོད་པ་ཁག་ཅིག་་པསྡུག་གསོད་ཀྱི་འཕྲོ་བརླག་་གཏོང་པ་ཐད་ཆོད།
    །

    Reply
  2. གངས་ལྡོམ། says:
    ལོ་ 11 སྔོན།

    བཙན་བྱོལ་བ་མང་པོས་ཞི་ཅིན་ཕིན་ལ་རེ་བ་བརྒྱབ་་་་

    བོད་རེ་བས་ཕོངས་ཟེར་པ་་་་་་བདེན་པ་ལས་ཀྱང་བདེན་ནོ་

    Reply
  3. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    གུང་ཇག་གི་ལས་སྟངས་འདིར་བལྟས་ན་སྦོམ་འདོག་ཤོར་བའི་གནས་ཚུལ་ཞིག་དང་། དམ་ཚིག་ལ་རྒྱ་གཅིག་ཏུ་སྒྲིལ་བའི་ཁ་བ་གངས་ཅན་གྱི་མི་རྣམས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་མནོན་དང་བསླུ་བྲིད་གང་གིས་ཀྱང་བསྒྱུར་བཅོས་མ་ཐེབས་པར་གནས་པ་འདི་ལས་ལྷག་པའི་རྒྱལ་ཁ་ཞིག་གང་ན་ཡོད། ཁྱི་སྨྱོན་ལྟ་བུའི་གུང་ཇག་གིས་གང་སར་རྨུག་ཀྱང་རང་རེའི་བོད་གངས་ཅན་པ་རྣམས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་རེ་འཚེ་མེད་ཞི་བའི་ལྟ་གྲུབ་དང་རྒྱ་བོད་གཉིས་སྨན་དབུ་མའི་ལམ་ལ་ཤར་བསྐྱོད་ཀྱིས་གངས་ཅན་བོད་མིའི་གཅེས་ནོར་ཆོས་རིག་ཡུལ་སྲོལ་ཡུན་གནས་ཡོང་བའི་འབད་བརྩོན་གྱིས་གཞིས་བྱེས་ལྷན་འཛོམས་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་གལ་ཆེ་ཞིང་། དེ་ལྟ་བུའི་གཅེས་ནོར་བདག་གཅེས་བྱེད་པ་ལ་རང་རེའི་སྐད་དང་ཡི་གེ་གཉིས་འབད་འབུངས་བླ་ལྷག་ཏུ་བྱ་དགོས་པའི་དྲན་སྐུལ་དུ་སྨྲས་པ་སྤུན
    ཟླ་ཕོ་མོ་ཚང་མའི་ཐུགས་ལ་འཛིན་རྒྱུ་རེ་བ་ཡིན།

    Reply
  4. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    གུང་ཇག་གི་ལས་སྟངས་འདིར་བལྟས་ན་སྦོམ་འདོག་ཤོར་བའི་གནས་ཚུལ་ཞིག་དང་། དམ་ཚིག་ལ་རྒྱ་གཅིག་ཏུ་སྒྲིལ་བའི་ཁ་བ་གངས་ཅན་གྱི་མི་རྣམས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་མནོན་དང་བསླུ་བྲིད་གང་གིས་ཀྱང་བསྒྱུར་བཅོས་མ་ཐེབས་པར་གནས་པ་འདི་ལས་ལྷག་པའི་རྒྱལ་ཁ་ཞིག་གང་ན་ཡོད། ཁྱི་སྨྱོན་ལྟ་བུའི་གུང་ཇག་གིས་གང་སར་རྨུག་ཀྱང་རང་རེའི་བོད་གངས་ཅན་པ་རྣམས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་རེ་འཚེ་མེད་ཞི་བའི་ལྟ་གྲུབ་དང་རྒྱ་བོད་གཉིས་སྨན་དབུ་མའི་ལམ་ལ་ཤར་བསྐྱོད་ཀྱིས་གངས་ཅན་བོད་མིའི་གཅེས་ནོར་ཆོས་རིག་ཡུལ་སྲོལ་ཡུན་གནས་ཡོང་བའི་འབད་བརྩོན་གྱིས་གཞིས་བྱེས་ལྷན་འཛོམས་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་གལ་ཆེ་ཞིང་། དེ་ལྟ་བུའི་གཅེས་ནོར་བདག་གཅེས་བྱེད་པ་ལ་རང་རེའི་སྐད་དང་ཡི་གེ་གཉིས་འབད་འབུངས་བླ་ལྷག་ཏུ་བྱ་དགོས་པའི་དྲན་སྐུལ་དུ་སྨྲས་པ་སྤུན
    ཟླ་ཕོ་མོ་ཚང་མའི་ཐུགས་ལ་འཛིན་རྒྱུ་རེ་བ་ཡིན།

    Reply
  5. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་པ་ཚོས་ཞིས་ལ་དད་བྱེད་སོང་ཀྱང་ཕན་ཐོག་མེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese