མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ ༤༧ བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནེ་ཇི་ར་ཡའི་སློབ་གྲྭའི་ཚོགས་ཁང་དུ་འཇིགས་སྐུལ་དྲག་སྤྱོད་པས་རང་གི་ལུས་ལ་འབར་རྫས་བཏགས་ཏེ་གས་འཐོར་བྱུང་བའི་དོན་རྐྱེན་ཁྲོད་སློབ་ཕྲུག་ ༤༧ བསད་པ་དང་ ༧༩ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ས་གནས་ཆུ་ཚོད་ ༨།༠༠ སྟེང་ནེ་ཇི་ར་ཡ་ (Nigeria) ཡི་བྱང་ཤར་གྲོང་བརྡལ་པོལ་ཊེ་སི་ཁོམ་ (Potiskum)གྱི་འབྲིང་རིམ་ཚན་རིག་སློབ་གྲྭའི་ཚོགས་ཁང་དུ་དགེ་སློབ་ཚོས་ཞོགས་པའི་འདུ་འཛོམས་སྐབས། རང་སྲོག་བློས་གཏོང་མཁན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཞིག་གིས་སློབ་མའི་སྒྲིག་ཆས་གྱོན་ཞིང་རང་གི་ལུས་ལ་འབར་རྫས་བཏགས་ཏེ་སློབ་ཕྲུག་ཚོའི་ཁྲོད་གར་ཐོར་བྱུང་སྟེ་སློབ་ཕྲུག་ ༤༧ བསད་པ་དང་། གཞན་ ༧༩ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ད་ལྟའི་ཆར་ཉེན་རྟོག་པས་སློབ་གྲྭ་གནས་སྐབས་རིང་སྒོ་རྒྱག་བཅུག་སྟེ་འབར་གས་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག

འདིའི་ཐད་སྲིད་འཛིན་ཇོན་ནཱ་ཐན་ (Goodluck Jonathan) ཡིས་འབར་གས་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་ནང་མི་ཚོར་སེམས་གསོའི་དང་འབྲེལ། སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ཚོ་རྩ་མེད་གཏོང་བར་མུ་མཐུད་དུ་ཁ་གཏད་གཅོག་གི་ཡོད་སྟབས། ཐེངས་འདིའི་དོན་རྐྱེན་དང་འབྲེལ་བའི་འཇིགས་སྐུལ་པ་དག་གང་མགྱོགས་འཛིན་བཟུང་བྱས་ཏེ་ཁྲིམས་སྦྱོར་ཚ་ནན་གཏོང་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་དང་། ཡོབ་བྷེ་ (Yobe)མངའ་སྡེའི་སྤྱི་ཁྱབ་གྷེད་ཌེམ་ (Ibrahim Gaidam) ལགས་ཀྱིས་ཀྱང་། པོལ་ཊེ་ཁོམ་ཉེ་འཁོར་གྱི་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། སྲིད་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་ཚོར་རྒོལ་རྡུང་བྱེད་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་འདུག

རྒྱལ་ཡོངས་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ལ་ཨོ་ཇོ་ཁུ་བོ་ (Immanuel OJukwu) ཡིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ད་ལྟའི་ཆར་ཉེན་རྟོག་པས་དོན་རྐྱེན་བྱུང་སའི་ཡུལ་དངོས་རྟོག་ཞིབ་བྱེད་ཀྱིན་ཡོད་ཀྱང་། དོན་རྐྱེན་འདི་ནེ་ཇི་ར་ཡའི་ནང་ཡོད་པའི་བྷོ་ཁོབ་ཧཱ་རེན་ (Boko Haram) ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དང་འབྲེལ་བ་ཡོད་པའི་དོགས་པ་ཡོད་ཅེས་བརྗོད་འདུག

སློབ་ཕྲུག་ཅིག་གིས་བྷེ་བྷེ་སེའི་གསར་འགོད་པར་བརྗོད་དོན། ཚོགས་ཁང་དུ་འབར་གས་དོན་རྐྱེན་བྱུང་རྗེས། སློབ་གྲོགས་མང་པོ་ཞིག་གི་མགོ་རྐང་ལག་གསུམ་གང་སར་འཐོར་བ་མཐོང་སྟབས། ང་རང་འཇིགས་སྐུལ་རིང་ལུགས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་དངོས་གནས་འཇིགས་སྣང་སྐྱེས་བཅུག་སོང་ཞེས་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༡༧ ཉིན་ནེ་ཇི་ར་ཡ་སྲིད་གཞུང་དང་བྷོ་ཁོབ་རེན་འཇིགས་སྐུལ་ཚོགས་པའི་བར་དམག་འཁྲུག་མི་རྒྱག་པའི་གྲོས་མཐུན་བྱུང་ཡོད་སྐོར་བརྗོད་ཀྱང་། གཟའ་འཁོར་གཉིས་རྗེས་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་ཨ་བྷོ་བྷ་ཀར་ (Abubakar Shekau) ཡིས། ཁོ་ཚོས་གཞུང་དང་ཚོགས་པ་སུ་གང་མཉམ་དུ་དམག་འཁྲུག་མཚམས་འཇོག་བྱས་པའི་གྲོས་མོལ་བྱས་མེད་ཅེས་བརྙན་ཐུང་བརྒྱུད་ནས་བསྒྲགས་ཡོད་འདུག

༢༠༠༩ ལོའི་ཕྱི་ཟླ་ ༧ པའི་ནང་ནེ་ཇི་ར་ཡའི་བྱང་ཤར་ཁུལ་དུ་ཁ་ཆེ་རྒྱལ་ཁབ་ཅིག་གསར་འཛུགས་བྱེད་ཆེད་བྷོ་ཁོབ་ཧཱ་རེན་འཇིགས་སྐུལ་ཚོགས་པ་གསར་འཛུགས་བྱས་ཡོད་པ་དང་། དེའི་རྗེས་ཁོ་ཚོས་ནེ་ཇི་ར་ཡའི་སློབ་གྲྭ་ཁག་ཏུ་སློབ་མ་ཚོས་ཁ་ཆེ་ཆོས་ལུགས་སློབ་སྦྱོང་བྱེད་དགོས་པ་ལས་རང་སྐད་ཧོ་སཱ་ (Huasa)ཐོག་ནས་ནུབ་ཕྱོགས་ཀྱི་ཤེས་ཡོན་སློབ་ཁྲིད་བྱེད་པ་སྡིག་བསགས་ཡིན་པའི་སྐྱོན་འཛུགས་འོག སྲིད་གཞུང་ལ་རྒོལ་ལན་བསློགས་ཏེ་ད་ལྟའི་བར་མི་མང་ ༥༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་སློབ་ཕྲུག་བུ་མོ་བཙན་ཁྲིད། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ལ་འཇབ་རྒོལ་བྱས་མཐར། ༢༠༡༣ ལོར་ཨ་རི་གཞུང་གིས་བྷོ་ཁོབ་ཧཱ་རེན་ཚོགས་པ་ནི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞིག་ཡིན་པའི་གསལ་བསྒྲགས་བྱས་ཡོད།

ད་ལྟའི་ཆར་ཁ་ཆེ་འཇིགས་སྐུལ་ཚོགས་པ་འདིས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨི་རག་དང་སེ་རི་ཡའི་ནང་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS) ལ་འབྲེལ་བ་བྱེད་བཞིན་ཡོད་འདུག

 གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༡༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese