ཁ་སང་པེ་ཅིན་གྱི་བཅིངས་གྲོལ་དམག་མིའི་སྨན་ཁང་ཞིག་ཏུ་དམར་གསོད་དོན་རྐྱེན་བྱུང་སྟེ་ནད་གཡོག་མ་སོགས་མི་ ༧ གྱི་ཚེ་སྲོག་ཤོར་ཡོད་འདུག
ཁ་སང་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༣།༣༠ ཙམ་ལ། པེ་ཅིན་གྲོང་ཁྱེར་པེ་ཏེ་ཧི་ཁུལ་གྱི་བཅིངས་གྲོལ་དམག་མིའི་སྨན་ཁང་ཨང་ ༢༨༡ པའི་ནད་གཡོག་མའི་སྡོད་ཁང་ཞིག་ཏུ། ལི་ཞོ་ལུང་ཟེར་བའི་སྐྱེས་པ་ཞིག་གློ་བུར་དུ་འཛུལ་ནས་གང་བྱུང་གྲི་ཡིས་བརྒྱབ་སྟེ་ནད་གཡོག་མ་ ༦ དང་། སྨན་ཁང་དོ་དམ་པ་ ༡ བཅས་དམར་གསོད་བཏང་ཡོད་པ་དང་། ནད་གཡོག་མ་ཞིག་ལ་རྨས་སྐྱོན་བཟོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག
ཧུའུ་པེ་ཞིང་ཆེན་ཆིན་ཧང་ཏོ་གྲོང་ཁྱེར་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། དམར་གསོད་དོན་རྐྱེན་བྱུང་རྗེས་ལག་དམར་བ་ལི་ཞོ་ལུང་འཛིན་བཟུང་བྱས་ཡོད་པ་དང་། ཁོ་བོ་སྨན་ཁང་དེའི་ལས་བྱེད་ཅིག་ཡིན་ལ། ད་ལྟ་ལོ་ ༢༧ ཡིན་པ་དང་། ཕ་ཡུལ་ཧུའུ་པེ་ཞིང་ཞིང་ཐང་ཧྲན་གྲོང་ཁྱེར་ལུ་ཐིན་རྫོང་ཡིན་པ་དང་། དེ་སྔོན་སེམས་ཁམས་བདེ་ཐང་མིན་པའི་གནས་ཚུལ་བྱུང་མྱོང་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།
དོ་མཉམ་མིན་པའི་དབང་འཛིན་པའི་སྲིད་བྱུས་འོག་ལ། མི་ཚེ་གང་འདྲ་ཞིག་སྐྱེལ་ཡང་། སྙོམ་ཆུང་མི་སེར་གྱིས་སྡུག་གི་ཁུར་པོ་ལྕི་བས་སེམས་ཁམས་འཁྲུག་པའི་གཞི་མང་དུ་སྐྲུན་བཞིན་ཡོད།
གསར་འགོད་པ་པདྨ་མཚོ་ལགས། ཁྱེད་རང་གི་ནོར་འདུག
དེ་འདྲ་ཡིན་གྱི་མ་རེད་ ཀྲུང་གོ་བཀྲིས་བདེགས་། རྒྱལ་སྤྱི་ཁ་རལ་རྣ་རལ་མ་རེད་པས།