མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲིན་ལན་ལོག་འཇལ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་བལ་ཡུལ་རྒྱལ་སར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ཚོགས་པའི་སྟེང་། ཚ་གྲང་བར་གྱི་སྨན་པའི་དཀའ་ཟེར་བ་ལྟར། རྒྱ་གར་ནག་བར་གྱི་རྒྱལ་ཁབ་སྐོར་ཞིག་ཅི་བྱ་གཏོལ་མེད་ཆགས། བལ་གཞུང་གིས་ཀྱང་མདུན་ནས་རྒྱ་གར་ལ་ངོ་བསྟོད་བྱེད་བཞིན་རྒྱབ་ནས་རྒྱ་ནག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཤིང་། པ་ཀི་སི་ཐན་གྱིས་ཀྱང་གོ་སྐབས་བཟུང་སྟེ་རྒྱ་གར་ལ་ཁ་གཏད་བཅག་ཅིང་། ཞོར་དུ་རྒྱ་ནག་ལ་དོན་ཕན་ལྡན་པའི་ལས་དོན་སྒྲུབ་རོགས་བྱས། 

ཐེངས་འདིའི་ལྷན་ཚོགས་སྟེང་རྒྱ་གར་དང་བལ་ཡུལ། འབྲུག པ་ཀི་སི་ཐན། ཨབ་གྷན། སིང་ག་ལ། བྷང་གྷ་ལ། མལ་ཌེབ་སི་བཅས་རྒྱལ་ཁབ་བརྒྱད་ཡོད། རྒྱ་ནག་ཚོགས་འདུར་དངོས་སུ་ཞུགས་མེད་ཀྱང་། གྲོས་གཞི་ཐག་གཅོད་བྱེད་སྐབས་རྒྱ་ནག་གི་ཤུགས་རྐྱེན་ཆེ་ཤོས་ཆགས་ཡོད། ལྷག་པར་དུ་ཐེངས་འདིའི་ལྷན་ཚོགས་ཀྱི་མགྲོན་བདག་བལ་གཞུང་ཡིན་ཡང་ཚོགས་བཅར་བར་ཟས་མགྲོན་གྱི་སྦྱིན་བདག་གཏོང་མཁན་རྒྱ་ནག་ཆགས་ཡོད།

རྒྱལ་ཁབ་འདི་དག་ཁྲོད་རྒྱ་གར་ནི་རྒྱལ་ཁབ་ཆེ་ཤོས་དང་སྟོབས་འབྱོར་ཡག་ཤོས་ཡིན་སྟབས། ད་རེབ་ཚོགས་འདུར་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དེ་པ་ཀི་སི་ཐན་གྱིས་སྔོན་མ་ནས་ཚོད་དཔག་ཐུབ་ཏེ། པ་ཀི་སི་ཐན་གྱི་སྲིད་བློན་ཚོགས་བཅར་མ་ཞུས་སྔོན་ལ་གསར་འགོད་པར། མ་འོངས་པར་རྒྱ་གར་དང་པ་ཀི་སི་ཐན་བར་འབྲེལ་ལམ་གང་འདྲ་ཞིག་དགོས་མིན་གྱི་སྤོ་ལོ་དེ་རྒྱ་གར་གྱི་རྩེད་ཐང་དུ་ཡོད་ཅེས་བརྗོད་ཡོད་ལ། ཚོགས་འདུ་དངོས་གཞིའི་སྐབས་རྒྱ་གར་སྲིད་བློན་གྱིས་ཚོགས་མིའི་རྒྱལ་ཁབ་ཁག་བར་གློག་ཤུགས་དང་འགྲིམ་འགྲུལ། ལྕགས་ལམ་བཅས་ཀྱི་གྲོས་འཆར་བཏོན་པ་དེར་དགག་པ་བརྒྱབ་ཡོད།

ད་རེས་ཀྱི་ཚོགས་འདུ་དེ་རྒྱ་གར་དང་རྒྱ་ནག པ་ཀི་སི་ཐན་གསུམ་གྱི་འཐབ་འཛིང་གི་གཡུལ་ས་ཞིག་ཏུ་གྱུར་ཅིང་། གཡུལ་འཁྲུག་གི་ལག་ཆ་གཙོ་བོ་བོད་དང་ཇ་མུ་ཀ་ཤི་མིར་སོགས་ཆགས་ཡོད། ཚོགས་འདུ་དེར་གྲ་སྒྲིག་བྱེད་སྐབས་བལ་ཡུལ་གཞུང་གིས་བོད་མི་ཚོ་བལ་ཡུལ་མཆོད་བརྟེན་ལ་སྐོར་བར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་འདུག འདི་ནི་ཚོགས་འདུའི་སྐབས་བོད་པ་ཚོའི་རྒྱ་ནག་ལ་ངོ་རྒོལ་རིགས་འགོག་ཆེད་ཡིན་མོད། བཀའ་ཁྱབ་འདིས་རྒྱ་ནག་ལ་ངོ་སྲུང་གི་ཡོད་པ་མ་ཟད། རྒྱལ་ཁབ་ནང་དུ་མི་རིགས་དབྱེ་འབྱེད་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཀྱང་ཆགས་ཡོད།

བལ་ཡུལ་ནང་བོད་མི་ཚོས་ཆབ་སྲིད་ལས་འགུལ་སྤེལ་རྒྱུ་ཕར་ཞོག ལོ་གསར་དང་ཞི་བདེའི་གཟེངས་རྟགས་དུས་དྲན་སོགས་ལ་འདུ་འཛོམས་ཀྱང་བྱེད་བཅུག་གི་མེད། བོད་མིར་གཅར་རྡུང་འཛིན་བཟུང་དང་དངུལ་ཆད་བཏང་བ་ཉུང་ཉུང་མིན་ལ། རྒྱལ་མཚམས་བརྒལ་ནས་སྐྱབས་བཅོལ་དུ་ཡོང་མཁན་ཚོ་ཕྱིར་རྒྱ་ལག་ཏུ་སྤྲད་པའང་ཐེངས་གཅིག་གཉིས་མིན། ཟླ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་བློ་བཟང་རྒྱལ་མཚན་བལ་ཡུལ་ནང་སྐོར་སྐྱོད་སྐབས། བོད་མི་ཚོར་སྔར་ལས་དམ་དྲག་བྱ་རྒྱུ་དང་མ་འོངས་པར་བོད་མི་ཚོར་སྐྱབས་བཅོལ་ལམ་ཁ་ཙམ་ཡང་སྤྲོད་རྒྱུ་མིན་པའི་ཁས་ལེན་དམ་བཅའ་བྱས་ཡོད།

བལ་ཡུལ་གྱི་བྱེད་སྟངས་འདི་དག་གིས་བལ་གཞུང་གི་བྱ་སྤྱོད་གཞན་མང་པོ་ཞིག་ཀྱང་དྲན་བསླངས་སོང་། ༡༩༤༩ ལོར་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུར་སྙན་ཞུ་ཕུལ་སྐབས། ༡༨༥༦ ལོར་བོད་དང་བལ་བོའི་བར་ཆིངས་ཡིག་བཞག་པ་དེ་བལ་བོ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་དཔང་རྟགས་སུ་བགྲངས་ཡོད། ང་དགུ་ལོར་བོད་ས་རྒྱ་ལག་ཏུ་ཤོར་བའི་སྔ་རྗེས་ལ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གྲོས་ཆོད་འཇོག་སྐབས། བལ་གཞུང་གིས་བོད་པར་རྒྱབ་སྐྱོར་བྱས་མེད་པར། འདས་པའི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའང་མ་ཤེས་མདོག་མདོག་གིས་བར་གནས་སུ་བསྡད། དྲིན་ལན་ལོག་འཇལ་གྱི་བཤད་སྤྱོད་འདི་དག་གིས་ནམ་ཞིག་རང་གི་འཕོངས་ཤ་ཡང་ཕྱི་རུ་སློག་སྲིད།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༤ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese