མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་གྱིས་དྲག་སྤྱོད་པར་མཉམ་འབྲེལ་མ་བྱེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་ནང་གི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་ཅིག་གིས་ཀཱ་ཤི་མིར་ནང་རྒྱ་གར་གཞུང་གིས་དམ་དྲག་བྱེད་ཀྱིན་པར་ངོ་རྒོལ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༤ དང་ ༥ ཉིན་གཉིས་རིང་པ་ཀི་སི་ཐན་གྱི་གྲོང་ཁྱེར་ལཱ་ཧོར་ནང་པ་ཀི་སི་ཐན་གྱི་དྲག་སྤྱོད་ཤོག་ཁག་ཇམ་མཱ་ཌེ་ (Jammat-ud-Dawa) ཞེས་པས་ཚོགས་འདུ་ཞིག་བསྐོངས་ཏེ། ཚོགས་ཐོག་ཏུ་ཚོགས་པའི་མགོ་གཙོ་དང་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་མོམ་བྷེ་གྲོང་ཁྱེར་ནང་དྲག་སྤྱོད་ལས་འགུལ་སྤེལ་མཁན་གྱི་བྱེད་གཏེ་གཙོ་བོ་ཧཱ་ཧྥེ་ཛི་ (Hafiz Saeed) ཡིས་ཆུ་ཚོད་བཞི་ལྷག་གི་གཏམ་བཤད་ཅིག་སྤེལ་ཏེ། པ་ཀི་སི་ཐན་གཞུང་གིས་རྒྱ་གར་གཞུང་གིས་ཀཱ་ཤི་མིར་ནང་མཁྲེགས་འཛིན་སྲིད་བྱུས་བཟུང་སྟེ་ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། ཡུལ་མིར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པ་དེར་འཁོན་ལན་སློག་དགོས་པ་དང་། པ་ཀི་སི་ཐན་རྒྱལ་ཡོངས་ནང་ཁ་ཆེའི་ཆོས་ལུགས་ཀྱི་རྩ་འཛིན་ཁྲིམས་སྒྲིག་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱས་པའི་ཁ་ཆེའི་མངའ་ཁོངས་དག་བཅིངས་གྲོལ་གཏོང་དགོས་པ་མ་ཟད། ཁ་ཆེའི་དགྲ་བོ་དག་ལ་ཆོས་ལུགས་ཀྱི་དམག་དྲངས་ཏེ་ཚར་གཅོད་གཏོང་དགོས་སྐོར་བརྗོད་འདུག 

འདིའི་ཐད་ཧཱ་ཧྥེ་ཛི་ཡིས་པ་ཀི་སི་ཐན་གྱི་སྐྱ་རེངས་ (Dawn) ཞེས་པའི་ཐོག་བརྗོད་དོན། གལ་ཏེ་རྒྱ་གར་གཞུང་གིས་ ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཀཱ་ཤི་མིར་མི་རིགས་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་གྲོས་ཆོད་ལ་ཁས་ལེན་མ་བྱས་ཚེ། པ་ཀི་སི་ཐན་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་ལངས་ཕྱོགས་བརྟན་པོ་བཟུང་སྟེ། རྒྱ་གར་ལས་ལོགས་སུ་རང་བཙན་རྩོད་ལེན་བྱེད་མཁན་གྱི་ཀཱ་ཤི་མིར་གྱི་མགོ་ཁྲིད་ཚོར་རོགས་རམ་བྱས་ནས་ཁོ་ཚོའི་མངོན་འདོད་འགྲུབ་ཐུབ་བྱ་དགོས། ཞེས་བརྗོད་འདུག

ཁོས་ཀཱ་ཤི་མིར་གྱི་འོས་བསྡུ་དང་འབྲེལ་བའི་ཐོག་བརྗོད་དོན། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཀཱ་ཤི་མིར་ནང་ཐེངས་མང་ཡོང་སྟེ། མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་ཐོབ་ཐབས་བྱས་ཏེ་རྒྱལ་སྤྱིའི་ཐོག་ཀཱ་ཤི་མིར་ནི་རྩོད་ཉོག་ཅན་གྱི་ས་ཁུལ་ཞིག་མིན་པ་ར་སྤྲོད་བྱེད་རྩིས་བྱེད་བཞིན་ཡོད་ཀྱང་། པ་ཀི་སི་ཐན་དང་ཀཱ་ཤི་མིར་ནི་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད་སྟབས། ང་ཚོས་ད་ལྟའི་རྒྱ་གར་བྷེ་ཇི་པི་ཚོགས་པའི་དམིགས་ཡུལ་དེ་བསྒྲུབ་བཅུག་རྒྱུ་མིན། ཞེས་བརྗོད་འདུག

རྒྱ་གར་གྱི་བྱ་སྤྱོད་དང་འབྲེལ་བའི་ཐོག་ཁོས་མུ་མཐུད་དུ་བརྗོད་དོན། ད་ལྟ་རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆ་བཀག་འགོག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་ཁ་ཆེའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ང་ཚོའི་འཐབ་རྩོད་དེ་སུས་ཀྱང་ཚོད་འཛིན་བྱེད་ཐུབ་ཀྱི་མ་རེད། གལ་ཏེ་རྒྱ་གར་གཞུང་གིས་ཨབ་གྷན་ནང་ཨ་རིར་དམག་རོགས་གཏང་ཚེ། ཁ་ཆེའི་དྲག་སྤྱོད་པ་དག་ཀྱང་ཀཱ་ཤི་མིར་གྱི་སྤུན་ཟླ་ཚོར་རོགས་པར་འགྲོ་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། ཅེས་སོགས་བརྗོད་འདུག

ཁ་སང་རྒྱ་གར་ཧིན་དྷུ་སི་ཐན་དུས་བབ་ཐོག་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སཱ་ཡི་ཌེ་ (Syed Akbaruddin) ཡིས་བརྗོད་དོན། པ་ཀི་སི་ཐན་གཞུང་གིས་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར། ཨོ་སི་ཌོ་ལི་ཡ། ཨ་རི་དང་དབྱིན་ཡུལ་བཅས་ཀྱིས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་པའི་ཧཱ་ཧྥེ་ཛི་སད་ཌི་ལ་རོགས་པ་བྱས་ཏེ། ཚོགས་འདུ་དེ་འདྲ་ཞིག་ཚོགས་བཅུག་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་མ་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། པ་ཀི་སི་ཐན་ནི་འཇིགས་སྐུལ་རིང་ལུགས་པ་གསོ་སྐྱོང་བྱེད་ཡུལ་ཞིག་ཡིན་པ་གསལ་སྟོན་བྱས་པ་རེད། ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཉེ་ཆར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་མཐའ་མཚམས་ཁུལ་དུ་དམག་འཐབ་ཡང་ཡང་བྱེད་བཞིན་ཡོད་སྟབས། པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པས་གོ་སྐབས་བཟུང་སྟེ་རྒྱ་གར་ལ་དྲག་སྤྱོད་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༤ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese