མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ ༢༠༠༠ ལྷག་གི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་སྒེར་གཉེར་སློབ་གྲྭ་ཁག་གི་དགེ་རྒན་ ༢༠༠༠ ལྷག་གིས་ལས་མཚམས་བཞག་སྟེ་ངག་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཁ་སང་རྒྱ་ནག་ཧུའུ་ནན་ཞིང་ཆེན་སྲིད་གཞུང་གི་སྒོ་འགྲམ་དུ། ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༤ ཡི་སྒེར་གཉེར་སློབ་གྲྭ་ཁག་གི་དགེ་རྒན་ ༢༠༠༠ ལྷག་གིས། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་རྒན་ཕོགས་འཕར་སྣོན་དང་ལྟ་སྐྱོང་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་ངག་བཅད་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། སྲིད་གཞུང་གི་འབྲེལ་ཡོད་མི་སྣ་གཅིག་གིས་ཀྱང་ཐུག་འཕྲད་བྱས་མེད་པ་མ་ཟད། གློ་བུར་དུ་ཉེན་རྟོག་པ་མང་པོ་བསླེབས་ཏེ་འབོད་སྐུལ་གྱི་འཕྲེད་དར་བཙན་འཕྲོག་བྱས་ཡོད་པ་མ་ཟད། མི་གཅིག་ལ་རྨས་སྐྱོན་དང་མི་ ༥ འཛིན་བཟུང་བྱས་ཡོད་འདུག

ངོ་རྒོལ་ནང་ཞུགས་པའི་དགེ་རྒན་ཞིག་གིས། ཐེངས་འདིའི་ངོ་རྒོལ་ནང་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༤ ཡི་སྒེར་གཉེར་སློབ་གྲྭའི་དགེ་རྒན་ ༢༠༠༠ ནས་ ༣༠༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། རེས་གཟའ་ཟླ་བ་ནས་སྤེན་པ་བར་སྲིད་གཞུང་གི་སྒོ་འགྲམ་དུ་ངག་བཅད་ངོ་རྒོལ་བྱེད་འཆར་ཡོད། ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་དགེ་རྒན་ཚོའི་སྐུ་ཚབ་ཞིང་ཆེན་སློབ་གསོ་ཁང་དུ་ཆེད་བཅར་གྱིས། ཕྱི་ལོ་ ༡༩༩༧ ལོར་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཡིག་ཆ་ཨང་ ༣༢ པ་དང་། ཕྱི་ལོ་ ༢༠༡༡ ལོའི་ཡིག་ཆ་ཨང་ ༨ པ་ངེས་པར་དུ་ལག་བསྟར་དོན་འཁྱོལ་ཡོང་བ་དགོས་པའི་རེ་སྐུལ་བྱེད་སྐབས། སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཕྱི་ཟླ་ ༦ པའི་ནང་སྲིད་གཞུང་གི་ཚོགས་འདུ་བསྡུ་སྐབས་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ད་ལྟའི་བར་བརྡ་ལན་ཅི་ཡང་སྤྲོད་མཁན་མེད་སྟབས། ཉེ་སྔོན་ཡང་བསྐྱར་ཞིང་ཆེན་སློབ་གསོ་ཁང་དུ་བཅར་ནས་སྐད་ཆ་འདྲི་སྐབས། སྲིད་གཞུང་གི་ཚོགས་འདུ་བསྡུ་རྒྱུ་མིན་ལུགས་བརྗོད་འདུག་པས། སྒེར་གཉེར་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་དགེ་རྒན་ ༩༠ ལྷག་ཞིང་ཆེན་སྲིད་གཞུང་གི་སྒོ་ཁར་འཛོམས་ཏེ་ངག་བཅད་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་མི་ཁ་ཤས་འཛིན་བཟུང་བཀག་ཉར་བྱས་ཡོད་ལུགས་སོགས་བརྗོད་འདུག

ཡང་ལས་འགུལ་ནང་ཞུགས་པའི་དགེ་རྒན་གཞན་ཞིག་གིས། རྒྱ་ནག་གི་གྲོང་ཁྱེར་ ༤༠ ལྷག་གི་སྒེར་གཉེར་སློབ་གྲྭའི་དགེ་རྒན་གྱི་རྒན་ཕོགས་འཕར་སྣོན་གྱི་གནད་དོན་ཐག་གཅོད་བྱས་ཟིན་ཡང་། ཧུའུ་ནན་ཞིང་ཆེན་ནང་ལག་བསྟར་མ་བྱས་པར་ལོ་ངོ་ ༡༠ གྲངས་འགྲོ་བཞིན་ཡོད་པས། སྲིད་གཞུང་གིས་དགེ་རྒན་ཚོར་སྒོར་མོ་ཧ་ཅང་མང་པོ་ཆད་ཡོད། ང་ཚོའི་ནང་ལོ་ན་ཆུང་ཤོས་ལོ་ ༦༠ ཡིན་པ་དང་། མང་ཆེ་བ་ལོ་ ༧༠ ནས་ ༨༠ རེད། སྲིད་གཞུང་གི་ལྟ་སྐྱོང་ཕྱིར་འགྱངས་བྱས་པའི་ཁྲོད་དགེ་རྒན་མང་པོ་ཞིག་འདས་གྲོངས་སུ་གྱུར་བ་དང་། ད་ལྟའི་བར་སྲིད་གཞུང་གི་ལྟ་སྐྱོང་ལ་རེ་སྒུག་བྱས་ནས་འདས་གྲོངས་སུ་གྱུར་བ་བརྒྱ་ཆ་ ༡༠ ནས་ ༡༥ ཟིན་གྱི་འདུག ང་ཚོས་ཟླ་རེའི་འཚོ་སྣོན་རྒྱ་སྒོར་ ༦༠༠ དེ་སྤྲོད་དགོས་པའི་རེ་སྐུལ་བྱས་ཀྱང་དེའང་སྤྲོད་ཀྱི་མི་འདུག སྤྱིར་བཏང་རྒན་ཡོལ་དགེ་རྒན་ཞིག་ལ་ཟླ་རེར་རྒྱ་སྒོར་ ༢༥༠༠ ནས་ ༢༦༠༠ ཡོད་པ་རེད། སྲིད་གཞུང་གིས་བརྗོད་ན། གནད་དོན་འདི་ཐག་གཅོད་མི་བྱེད་པའི་རྒྱུ་རྐྱེན་ནི་དེ་སྔོན་རྒྱལ་ཡོངས་ནང་སྒེར་གཉེར་སློབ་གྲྭའི་དགེ་རྒན་གྱི་གྲངས་འབོར་རྩིས་བཤེར་བྱེད་སྐབས་ཁྲི་ ༡༢ ཙམ་ལས་བྱུང་མེད་ཀྱང་། འདས་ལོར་བསྐྱར་དུ་ཞིབ་རྩིས་བྱེད་སྐབས་ཁྲི་ ༥༨ ལྷག་ཡོད་པ་ཤེས་རྟོགས་བྱུང་སྐབས་སྲིད་གཞུང་གི་མགོ་ཁྲིད་ཚོ་སྐྲག་ཏུ་བཅུག་སོང་ཟེར་གྱི་འདུག་ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཀྲེ་ཅང་ཞིང་ཆེན་གྱི་དགེ་རྒན་སྟོང་ཕྲག་བརྒལ་བས་ཞིང་ཆེན་སློབ་གསོ་ཁང་གི་སྒོ་འགྲམ་དུ་ངོ་རྒོལ་བྱས་ཏེ། ཉེན་རྟོག་པས་དགེ་རྒན་གཉིས་འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ནང་ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ ༣༠ ལྷག་གི་དགེ་རྒན་སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༨ ཉིན་ཧི་ནན་ཞིང་ཆེན་ལོ་ཧི་གྲོང་ཁྱེར་གྱི་རྫོང་ཁག་གཉིས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ ༥༠༠༠ ལྷག་གིས། ཟླ་ཕྱེད་ཙམ་གྱི་རིང་ལས་མཚམས་བཞག་སྟེ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ལས་འགུལ་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་འོག་དགེ་རྒན་མང་པོ་འཛིན་བཟུང་བྱས་པ་སོགས་རྒྱ་ནག་ནང་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་དང་། ལྷག་པར་དུ་སྒེར་གཉེར་སློབ་གྲྭ་ཁག་གི་དགེ་རྒན་སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་རིམ་པར་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese