མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་ ༨ ལ་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཡུ་གུར་བ་ ༨ ལ་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་པར་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱིས་སྐྱོན་བརྗོད་བསྒྲགས་གཏམ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ ༤ མཉམ་འབྲེལ་ཐོག འཇིགས་སྐུལ་དྲག་སྤྱོད་ཀྱི་ཉེས་དོན་ ༥ དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཡུ་གུར་བ་ ༨ ལ་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཡོད་པ་མ་ཟད། འཕྲལ་དུ་སྲོག་ཁྲིམས་ལག་བསྟར་བྱ་རྒྱུ་ཡིན་སྐོར་ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ནས་ཕྱིར་བསྒྲགས་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱིས་དབྱིན་ཡིག་དང་འཇར་མན་གྱི་ཡི་གེའི་ཐོག་བསྒྲགས་གཏམ་སྤེལ་ཏེ། རྒྱ་གཞུང་གི་ཁྲིམས་འཛིན་ལམ་ལུགས་ལ་སྐྱོན་བརྗོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་ཡུ་གུར་བ་ཚོའི་ཐོག་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པར་དོ་ཁུར་གནང་དགོས་པའི་འབོད་སྐུལ་བྱས་འདུག

ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཞཱ་ལགས་ཀྱིས་གསར་འགོད་པར་གོང་གི་གནད་དོན་ཐད་བརྗོད་དོན། ས་གནས་ནས་ང་ཚོར་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། སྲོག་ཁྲིམས་བཅད་པའི་ཡུ་གུར་བ་ ༨ དེར་ཁྲིམས་བཤེར་བྱེད་སྐབས། ཁྲིམས་རྩོད་པ་རང་ཉིད་ཀྱིས་འཚོལ་བའི་དབང་ཆ་མ་སྤྲད་པར་གཞུང་གིས་བཀོད་སྒྲིག་བྱས་པ་མ་ཟད། ཁྲིམས་རྩོད་པ་དེ་ཚོས་སྲིད་གཞུང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ལེགས་པར་འགྲུབ་ཆེད། ཉེས་ཅན་ལ་གཞུང་གི་ཐག་གཅོད་དང་ལེན་བྱེད་པར་སྐུལ་འདེད་དང་། ཐ་ན་གནད་དོན་སློང་རྐྱེན་རིགས་ལ་གཡོལ་ཐབས་བྱས་པ་སོགས་ཉེས་ཅན་གྱི་ཐོབ་ཐང་དང་ཁེ་དབང་ལ་རྩ་བ་ནས་སྲུང་སྐྱོབ་དང་འགན་བླངས་མེད་སྟབས། ཁོང་ཚོའི་ཁྲིམས་ཆད་ལ་གཏན་ནས་དྲང་བདེན་བྱུང་མེད་སྐོར་བརྗོད་འདུག

འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱིས་ཤེས་རྟོགས་བྱུང་བའི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༤ པ་ནས་ད་ལྟའི་བར་རྒྱ་གཞུང་གིས་ཡུ་གུར་བ་ཁྱོན་ ༧༣༥ འཛིན་བཟུང་འདྲི་གཅོད་བྱས་ཡོད་པ་མ་ཟད། རྡུག་རྡེག་མནར་གཅོད་འོག་མི་ ༡༤༠ ལྷག་གིས་ཚེ་སྲོག་ཤོར་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ པ་ནས་ད་ལྟའི་བར་མི་ ༢༥ ཙམ་ལ་སྲོག་ཁྲིམས་བཅད་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༤ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese