མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡུམ་ར་གཅིག་གི་མེ་ཏོག་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨོ་བྷ་མས་རྒྱ་གར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བརྗོད་པར་རྒྱ་ནག་གིས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་ནང་གཟིགས་སྐོར་དང་བསྟུན་ཏེ་ཁ་སང་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་ ༦༦ པའི་སྐུ་མགྲོན་གཙོ་བོར་ཕེབས་ཏེ། རིག་གཞུང་འགྲེམས་སྟོན་སོགས་རྔམ་སྟོན་ཁག་གཟིགས་རྗེས་ཉིན་རྒྱབ་རྒྱ་གར་སྲིད་བློན་མཆོག་དང་ལྷན་རྒྱལ་ཁབ་གཉིས་ཀྱི་ཚོང་པའི་ལྷན་ཚོགས་སྟེང་ཞུགས་ཏེ། ཨོ་བྷ་མས་ཚོགས་ཐོག་ཏུ་ད་ལྟ་རྒྱ་གར་དང་ཨ་རིའི་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༠༠ ཙམ་གྱི་ཚོང་འབྲེལ་བྱེད་བཞིན་ཡོད་ཀྱང་། མ་འོངས་པའི་ལོ་ ༡༠ ནང་ལོ་རེར་ཨ་སྒོར་ཐེར་འབུམ་ ༥༠༠ ཡི་ཚོང་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདིའི་ཐད་ཨོ་བྷ་མས་གསར་ལམ་ཁག་ཏུ་བརྗོད་དོན། “ད་ལྟ་ཨ་རྒྱ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་རྒྱལ་ཁབ་གཞན་དང་བསྡུར་ན་ཚད་གཞི་ངེས་ཅན་ཞིག་ཏུ་སླེབ་མེད་པ་མ་ཟད། ཨ་རིས་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཁྲོད་ནས་བརྒྱ་ཆ་ ༢ ཙམ་རྒྱ་གར་ནས་ནང་འདྲེན་དང་། རྒྱ་གར་གྱིས་ཨ་རིའི་ཚོང་ཟོག་བརྒྱ་ཆ་ ༡ ལས་ཉོ་ཐུབ་ཀྱི་མེད་ཀྱང་། ངས་ཨ་རིའི་སྲིད་གཞུང་བཟུང་རྗེས་རྒྱལ་ཁབ་གཉིས་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༠༠ ཙམ་ཚོང་འབྲེལ་བྱས་ཏེ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། ཨ་རི་དང་རྒྱ་ནག་བར་ལ་ལོ་རེར་ཨ་སྒོར་ཐེར་འབུམ་ ༥༦༠ ཡི་ཚོང་འབྲེལ་བྱེད་བཞིན་ཡོད་པ་དང་བསྡུར་ན་ད་དུང་རྗེས་ལུས་ཡིན་སྟབས། ང་ཚོས་མ་འོངས་པར་རྒྱལ་ཁབ་གཉིས་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༥༠༠ ཡི་ཚོང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས” ཞེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། “རྒྱ་གར་ནང་ཨ་རིའི་ཕྱིར་ཚོང་ནང་འདྲེན་དངུལ་ཁང་གིས་ཨ་སྒོར་ཐེར་འབུམ་གཅིག་གི་འགྲོ་གྲོན་བཏང་སྟེ་ཨ་རིའི་ཐོན་རྫས་ཕྱིར་ཚོང་བྱ་རྒྱུ་དང་། ཨ་རིའི་ཕྱི་འཛུགས་ཁེ་ལས་ཁག་གིས་ཨ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་གཡར་ཏེ། རྒྱ་གར་གྲོང་གསེབ་ཁུལ་གྱི་སྒེར་གཉེར་ཁེ་ལས་ཁག་གི་རྨང་གཞི་བརྟན་པོ་ཚུགས་ཐུབ་པ་བྱ་རྒྱུ་ཡིན་ལ། རྒྱ་གར་གྱི་ཡུན་གནས་ཐུབ་པའི་ནུས་ཁུངས་ཁག་ལ་ཨ་སྒོར་ཐེར་འབུམ་ ༢ ཀྱི་མ་འཇོག་བྱ་རྒྱུ་མ་ཟད། ཕྱོགས་གཉིས་ཀྱི་རྡུལ་ཕྲན་གློག་ཤུགས་ཀྱི་གྲོས་མཐུན་ཁག་བསྐྱར་གསོ་དང་། དམག་རྒྱག་གནམ་གྲུ་བཟོ་སྐྲུན་བཅས་ཀྱི་ཐོག་མཉམ་ལས་བྱ་རྒྱུ་ཡིན”ཞེས་བརྗོད་འདུག

ཡང་མགོ་ཁྲིད་རྣམ་གཉིས་ཐུན་མོང་གི་བསྒྲགས་གཏམ་ནང་། “རྒྱལ་ཁབ་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་དཀའ་རྙོག་ཞི་འཇགས་ཡོང་ཐུབ་བྱས་ཏེ་མངའ་ཁུལ་ནང་བརྟན་ལྷིང་ཡོང་བ་དང་། ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་ཁ་གཏད་གཅག་སྟེ།སྡུག་བསྔལ་ནང་ལྷུང་ཡོད་པའི་མང་ཚོགས་སྲུང་སྐྱོབ་བྱ་རྒྱུ་ཡིན”ཞེས་བརྗོད་འདུག

དེ་རིང་སྔ་དྲོར་ཨོ་བྷ་མ་དང་ནཱ་རེན་ཌ་མུ་དྷེ་རྣམ་གཉིས་ཀྱིས་ཟླ་རེའི་རླུང་འཕྲིན་ལེ་ཚན་༼སེམས་ནང་གི་སྐད་ཆ༽ (Mann ki Baat) ཞེས་པའི་རྒྱལ་ཡོངས་ཐད་གཏོང་ལེ་ཚན་ནང་མཉམ་ཞུགས་བྱས་ཏེ། ཨོ་བྷ་མས་ལྡི་ལིར་རྟེན་གཞི་བྱས་པའི་ཤཱི་རི་ཧྥོར་ཌི་ཚོགས་ཁང་ (Siri Fort auditorium) ནང་རྒྱ་གར་གྱི་གཞོན་སྐྱེས་དང་ཆེད་ལས་མཁས་པ་༢༠༠༠ལྷག་ལ་༼ང་ཚོས་ཐུན་མོང་ཐོག་མ་འོངས་པའི་ཨ་རི་དང་རྒྱ་གར་འཛུགས་སྐྲུན་བྱེད་དགོས༽ཞེས་པའི་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། སྐབས་དེར་ཨོ་བྷ་མས་རྒྱ་གར་གྱི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་བཅོས་བསྒྱུར་གཏོང་ཐུབ་པ་མ་ཟད། རྒྱལ་སྤྱི་ཁྱོན་ཡོངས་ལའང་ཤུགས་རྐྱེན་བཟོ་ཐུབ་ཀྱིན་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་ཨ་རི་སྟོབས་ཤུགས་ཆེ་ཤོས་ཆགས་དགོས་དོན་ནི་ང་ཚོས་མི་རབས་གཞོན་པ་ཚོར་འགན་དབང་སྤྲད་པ་ལས་བྱུང་བ་ཞིག་ཡིན། གྷན་དྷི་མཆོག་གིས་འདྲ་མཉམ་ནི་ལྡུམ་ར་གཅིག་གི་མེ་ཏོག་ཡིན་གསུངས་ཡོད་སྟབས། རྒྱ་གར་གཞུང་གིས་ཆོས་ལུགས་འཐེན་འཁྱེར་མ་བྱས་པར་མདུན་སྐྱོད་བྱས་ཚེ་མ་འོངས་པར་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུ་རེད། ཁྱེད་ཚོར་རིགས་རུས་ཞན་པའི་མི་སྣས་བྲིས་པའི་རྩ་ཁྲིམས་ཡོད་པ་མ་ཟད། སྤོ་བོ་མ་བྱན་ཡིན་པའི་སྲིད་འཛིན་དང་། ཇ་ཚོང་མཁན་སྲིད་བློན་དུ་གྱུར་བའི་རྒྱལ་ཁབ་འདིའི་ནང་འཚོ་སྡོད་བྱེད་བཞིན་ཡོད་པ་དེ་སྤོབས་སེམས་སྐྱེ་འོས་པ་ཞིག་རེད། ད་ལྟ་རྒྱ་གར་དང་ཨ་རིའི་བར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ལ་ལྟ་ཕྱོགས་མ་མཐུན་པ་འབྱུང་བཞིན་ཡོད་ཀྱང་། མ་འོངས་བར་དཀའ་རྙོག་དེ་ལས་གྲོལ་བར་ཡིད་ཆེས་ཡོད། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཚོགས་མིའི་ཁོངས་སུ་རྒྱ་གར་འཇུག་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། མ་འོངས་པར་རྒྱལ་ཁབ་གཉིས་བར་རྡུལ་ཕྲན་གློག་ཤུགས་དང་དམག་དོན་གྲོས་མཐུན་སོགས་གང་མང་འཇོག་ཐབས་བྱས་ཏེ། རྒྱ་གར་ཨ་རིའི་མཐུན་གྲོགས་ཡག་ཤོས་ཆགས་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་ཅེས་སོགས་གཏམ་བཤད་སྤེལ་རྗེས།དེ་རིང་ཕྱི་དྲོ་ཨོ་བྷ་མ་རྒྱ་གར་ནས་སོ་ཌི་ཨེ་ར་བྷེ་ཡ་ནང་ཕྱིར་བསྐྱོད་ཀྱིས་ཡུལ་ལུང་དེའི་རྒྱལ་པོ་དང་། ཉེ་ལམ་འདས་གྲོངས་སོང་བའི་སྙན་གྲགས་ཅན་གྱི་རྒྱལ་པོ་ཨབ་དྷོ་ལའི་ (Abdullah) ནང་མི་འཁོར་བཅས་ལ་མཇལ་ཏེ་ཐུགས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན་འདུག

ད་ཐེངས་ཨོ་བྷ་མ་རྒྱ་གར་ནང་རྒྱལ་དོན་སྐོར་སྐྱོད་བྱེད་སྐབས་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་རྒྱ་གར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་སྐོར་བརྗོད་ཡོད་སྟབས། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས་བརྒྱུད་ལམ་ཁག་ཏུ་ཨ་རིས་གནད་དོན་དེ་འདྲ་ཐག་གཅོད་བྱེད་སྐབས་ཚོགས་མིའི་རྒྱལ་ཁབ་ཁག་ལ་བསམ་གཞིགས་བྱེད་དགོས། ང་ཚོས་ཚོགས་མི་གསར་པ་འཇུག་རྒྱུར་ཚོགས་མིའི་རྒྱལ་ཁབ་བར་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱ་དགོས་པར་ངོས་འཛིན་བྱེད་བཞིན་སྟབས། རྒྱ་གར་ངོས་ནས་ཀྱང་གོམ་ཐབས་རྗེས་མ་སྤོ་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་འདུག

དེ་བཞིན། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གིས་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ཐོག་ཆེད་བརྗོད་སྤེལ་བའི་ནང་། ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱ་གར་དང་ཨ་རིའི་བར་གནམ་གཤིས་འགྱུར་ལྡོག་དང་ཞིང་ལས་ཐོན་སྐྱེད། རྡུལ་ཕྲན་གློག་ཤུགས་ཀྱི་གྲོས་མཐུན་བཅས་ལ་ལྟ་ཕྱོགས་མི་མཐུན་པ་འབྱུང་བཞིན་ཡོད་སྟབས།ཕྱི་ཚུལ་ཙམ་ལས་མགོ་ཁྲིད་རྣམ་གཉིས་བར་ཅོག་ཙེ་གཅིག་སྟེང་ལ་གྲོགས་པོ་བསྒྲིག་རྒྱུ་ཁག་པོ་ཡིན་ཞེས་དང་། རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ (The China National Radio) ཁང་གིས། ཨ་རིས་རྒྱ་གར་བེད་སྤྱོད་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་ཨ་རིའི་དམག་དོན་དང་ཚོང་གི་ཁེ་བཟང་ཐོབ་ཆེད་ཨ་རི་དང་མཉམ་འབྲེལ་བྱས་པ་ལས་རྒྱ་ནག་ལ་ཁ་གཏད་གཅོག་གི་མ་རེད། ཅེས་དང་། གོ་ལའི་དུས་བབ་ (Global Times) ཐོག་རྒྱ་གར་དང་རྒྱ་ནག་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གཡོ་བྱུས་འོག་ཚུད་ཀྱི་མ་རེད་ཅེས་སོགས་སྤེལ་ཡོད་འདུག

ཁ་སང་རྒྱ་གར་གྱི་ཐབས་ཇུས་མཁས་པ་ལྦར་མ་ཅཱ་ཎཱ་ལཱ་ཡིས་རྒྱ་གར་དུས་བབ་ཐོག རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་འཕེལ་རྒྱས་འདི་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་གཞན་གྱི་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། མ་འོངས་པར་རྒྱལ་ཁབ་གཉིས་གཅིག་ལ་གཅིག་རྟེན་གྱི་མཐུན་གྲོགས་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་གར་མང་གཙོ་དར་བར་ལྟར། །
    བོད་ནང་མང་གཙོ་དར་བ་རེད། །
    བལ་ཡུལ་མང་གཙོ་དར་འགྱུར་ནས། །
    རྒྱ་ནགའང་མང་གཙོ་དར་བར་ཤོག །

    Reply
  2. ཤིང་ལོ། says:
    ལོ་ 12 སྔོན།

    ཁྱེད་ཚོར་རིགས་རུས་ཞན་པའི་མི་སྣས་བྲིས་པའི་རྩ་ཁྲིམས་ཡོད་པ་མ་ཟད། སྤོ་བོ་མ་བྱན་ཡིན་པའི་སྲིད་འཛིན་དང་། ཇ་ཚོང་མཁན་སྲིད་བློན་དུ་གྱུར་བའི་རྒྱལ་ཁབ་འདིའི་ནང་འཚོ་སྡོད་བྱེད་བཞིན་ཡོད་པ་དེ་སྤོབས་སེམས་སྐྱེ་འོས་པ་ཞིག་རེད། ༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese