མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཚད་ཧོ་འདས་གྲོངས་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་བསྒྲིལ་བ་དང་བསྟུན་ཏེ་གཞུང་གི་ཞིབ་བཤེར་འོག་ཡོད་པའི་དམག་དོན་འགན་འཛིན་གཞོན་པ་ཟུར་བ་ཞི་ཚད་ཧོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བསྒྲགས།

དེ་རིང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་དབུས་དམག་དོན་ཨུ་ཡོན་འགན་འཛིན་གཞོན་པ་ཟུར་བ་དང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཨུ་ཡོན་ཟུར་བ་ཞི་ཚད་ཧོ་ཡི་སྐྲན་ནད་ཇེ་སྡུག་ཏུ་སོང་སྟེ། སྨན་བཅོས་བྱེད་ཐབས་བྲལ་ཏེ་ཟླ་འདིའི་ཚེས་ ༡༥ ཉིན་སྨན་ཁང་ནས་འདས་གྲོངས་སུ་སོང་ཡོད་པའི་གནས་ཚུལ་སྤེལ་འདུག

དེ་རིང་རྒྱ་ནག་དྲ་བའི་སྟེང་ རྒྱ་ནག་དམག་དོན་ཞིབ་བཤེར་ལྷན་ཁང་གིས་ཞི་ཚད་ཧོ་ཡིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་གཏུག་བཤེར་བྱས་པ་ལྟར། ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༢༧ ཉིན་གྱོད་དོན་དོགས་གཞིའི་འོག་བཀག་ཉར་བྱས་ཏེ། ཁྲིམས་ལུགས་ལྟར་རྩད་ཞིབ་བྱས་སྐབས་ཞི་ཚད་ཧོ་ཡིས་ལྐོག་རྔན་ཟོས་ཡོད་པའི་བདེན་དབང་ར་འཕྲོད་བྱུང་ཡོད་ཀྱང་། ཁོང་ལ་ནད་གཞིའི་འོག་འདས་གྲོངས་སུ་ཕྱིན་ཡོད་སྟབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་དོན་ཚན་ ༡༥ བའི་དགོངས་དོན་ལྟར། དམག་དོན་ཞིབ་བཤེར་ལྷན་ཁང་གིས་ཞི་ཚད་ཧོ་ལ་མུ་མཐུད་གཏུག་བཤེར་བྱ་རྒྱུ་མིན་པ་ཐག་གཅོད་བྱས་ཡོད་སྐོར་འཁོད་འདུག

རོའུ་ཊར་གསར་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་བསྒྲིལ་བ་དང་བསྟུན་ཏེ། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཞི་ཚད་ཧོ་འདས་གྲོང་ཕྱིན་སོང་བའི་གནས་ཚུལ་སྤེལ་པ་དེ་ནི། ཐག་གཅོད་བྱེད་དཀའ་བའི་གྱོད་དོན་དེ་དག་ལ་རྒྱ་ནག་གཞུང་གཡོལ་ཐབས་ཤིག་ཡིན་པ་དང་། ཞི་ཚད་ཧོ་དང་ཀོ་པའོ་ཞོན་གཉིས་ནི་ཅང་ཙི་མིན་ཤོག་ཁག་གི་དམག་དོན་མི་སྣ་ཆགས་ཡོད་པ་མ་ཟད། སྔོན་ཆད་ཞི་ཚད་ཧོ་རྒྱ་ནག་དབུས་དམག་ཁུལ་ ༡༦ པའི་དམག་སྲིད་ཨུ་ཡོན་ཡིན་པ་དང་། ༢༠༠༢ ལོར་རྒྱ་ནག་དབུས་ཆབ་སྲིད་འགན་འཛིན་དུ་བསྐོས་ཡོད། ༢༠༠༤ ལོར་ཅང་ཙེ་མིན་གྱིས་དབང་ཆ་ཡོངས་རྫོགས་རྩིས་སྤྲོད་མི་བྱེད་ཀ་མེད་བྱུང་སྐབས། ཞི་ཚད་ཧོ་དང་ཀོ་པའོ་ཞོན་གཉིས་རྒྱ་ནག་དབུས་དམག་དོན་འགན་འཛིན་གཞོན་པར་བསྐོས་ཏེ་ ༢༠༡༣ ལོའི་ཟླ་ ༣ པའི་བར་འགན་ཁུར་ཡོད་ཅིང་། ཞི་ཚད་ཧོ་ཡིས་མཐོ་རིམ་དཔོན་རིགས་ཚོའི་ལས་གནས་བརྗེ་སྤོར་སོགས་ལ་སྟངས་འཛིན་བྱས་ཡོད་སྟབས་ཧུའུ་ཅིན་ཐོ་ལ་དམག་དོན་གྱི་དབང་ཆ་ཡུན་རིང་ཐོབ་མེད། ཅེས་སོགས་འཁོད་འདུག

ཏཱ་ཅི་ཡོན་དྲ་བའི་སྟེང་། རྒྱ་ནག་གི་ཆབ་སྲིད་དཔྱད་ཞིབ་པ་ཞཱ་ཞའོ་ཆང་ (Xia Xiaoqiang)གིས། ཚོགས་ཐེངས་གཉིས་པའི་སྐབས་རྨ་བྱ་དྲ་བར་དཔྱད་བརྗོད་སྤེལ་བའི་ནང་། རྒྱ་ནག་དབུས་དམག་སྤྱི་གཞོན་པ་ཞིག་གིས་ཧུའུ་ཅིན་ཐོ་རྒྱ་ནག་དབུས་དམག་དོན་འགན་འཛིན་ཡིན་སྐབས། ཞི་ཚད་ཧོ་ཡིས་ཧུའུ་ཅིན་ཐོ་ལ་སྟངས་འཛིན་བྱས་ཚུལ་བརྗོད་པ་དེ། ཀྲུང་ནན་ཧེ་ཡིས་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་ཡི་དབང་ཚད་ཅང་ཙི་མིན་གྱིས་སྟངས་འཛིན་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ཐོག་མ་དེ་ཡིན་པ་དང་། ཧུའུ་ཅིན་ཐོ་རུལ་སུངས་ཤོག་ཁག་ལ་འབྲེལ་པ་མེད་པ་གསལ་བོ་བཟོས་ཏེ། སྟག་རྒན་འཛིན་བཟུང་གི་དམིགས་འབེན་ཧུའུ་ཅིན་ཐོ་ལ་ཁ་གཏད་མེད་པར་བསྟན་པ་དང་། དེ་དང་མཉམ་དུ་ཧུའུ་ཅིན་ཐོ་དང་གོ་གནས་འདྲ་མཉམ་ཡིན་པའི་སྟག་རྒན་ཞིག་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་སྤྲད་ཡོད་ཅིང་། སྟག་རྒན་དེ་ནི་ཅང་ཙི་མིན་རེད། ཅེས་སོགས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། ཞི་ཚད་ཧོ་རྩ་རླུང་ཆོས་འཁོར་སྒོམ་སྒྲུབ་པ་ཚོའི་དབང་བོ་གསོན་ལེན་བྱས་པའི་ནག་ཉེས་དང་འབྲེལ་བ་གཏིང་ཟབ་མོ་ཡོད་པ་དང་། ཅང་ཙི་མིན་ཤོག་ཁག་གི་གསང་བ་མང་པོར་འབྲེལ་བ་ཡོད་སྟབས། ལོ་སྔོན་མར་ཞི་ཅིན་ཕིན་གྱིས་ཞི་ཚད་ཧོ་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས་ཏེ་གྱོད་དོན་མགྱོགས་མྱུང་ངང་བསྒྲུབས་པ་དང་། ད་ལོའི་ཚོགས་ཆེན་གཉིས་མཇུག་བསྒྲིལ་བ་དང་བསྟུན་ཏེ། ཞི་ཚད་ཧོ་འདས་གྲོང་ཕྱིན་པའི་སྐོར་ཁྱབ་བསྒྲགས་བྱས་པའི་ཡ་མཚན་འདི་དག་གིས། ཞི་ཅིན་ཕིན་གྱིས་ཅང་ཙི་མིན་མགྱོགས་མྱུར་ངང་འཛིན་བཟུང་བྱ་རྒྱུའི་འགུལ་སྐྱོད་ཅིག་རེད། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༩ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༩ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese