མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རན་གྱི་རྡུལ་མཚོན་སྔོན་འགོག་གི་གྲོས་མཐུན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་རན་གྱི་སྐུ་ཚབ་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྐུ་ཚབ་བར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་སྔོན་འགོག་བྱ་རྒྱུའི་སྒྲོམ་གཞི་ཞིག་གཏན་འབེབས་བྱས་ཡོད་འདུག

ཁ་སང་སུད་སིའི་གྲོང་ཁྱེར་ལུ་སན་ཎེ་ (Lausanne) རུ་འདས་པའི་ཉིན་བརྒྱད་རིང་ཨི་རན་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། རྒྱ་ནག་དང་ཧྥ་རན་སི། ཨུ་རུ་སུ་དང་འཇར་མན་ཎེ་བཅས་ཀྱི་སྐུ་ཚབ་བར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་སྔོན་འགོག་ཐད་གྲོས་མོལ་བྱས་པ་བརྒྱུད། ཨི་རན་གྱིས་མ་འོངས་པའི་ལོ་ ༡༠ རིང་ད་ཡོད་རྡུལ་ཕྲན་མཚོན་ཆ་བཟོ་ཆེད་ཡུ་རེ་ནི་ཡམ་བཅུད་སྦྱོར་མ་ལག་འཕྲུལ་འཁོར་ ༡༩༠༠༠ ནས་གསུམ་ཆ་གཉིས་དང་། ད་བར་གསོག་འཇོག་བྱས་ཡོད་པའི་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་ཡུ་རེ་ནི་ཡམ་ལས་མ་འོངས་པའི་ལོ་ ༡༥ རིང་ལོ་རེར་ཀི་ལོ་གྷ་རམ་ ༣༠༠ ཉུང་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཨི་རན་གྱི་རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་ (Nuclear reactor) གསར་བཟོ་བྱས་ཏེ་རྡུལ་ཕྲན་ནུས་ཤུགས་མཁོ་རྫས་པུ་ལུ་ཊོ་ནི་ཡམ་ (plutonium) གྱི་ཐོན་སྐྱེད་བྱེད་ཚད་ཚོད་འཛིན་དང་། མ་འོངས་པར་ཨི་རན་གྱི་ཕོར་ཌོ་(Fordow) ས་ཁུལ་ནང་རྟེན་གཞི་བྱས་པའི་ས་འོག་རྡུལ་ཕྲན་མཚོན་ཆ་ཁང་སྨན་བཅོས་དང་ཚན་རིག་ཞིབ་འཇུག་ཁང་དུ་འགྱུར་རྒྱུ་གཙོས། ལོ་ ༢༠ རིང་ཨི་རན་གྱི་རྡུལ་ཕྲན་ཐོན་སྐྱེད་རིགས་ལ་རྒྱལ་སྤྱིའི་རྡུལ་ཕྲན་ཞིབ་དཔྱོད་ཚོགས་པ་ (IAEA) ཡིས་རྟོག་ཞིབ་བྱ་རྒྱུ་དང་། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་དག་གནས་སྐབས་རིང་ཕྱིར་བསྡུ་བྱ་རྒྱུ་བྱས་ཡོད་ཀྱང་། གལ་སྲིད་མ་འོངས་པར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་མུ་མཐུད་བཟོ་སྐྲུན་བྱས་ཚེ། དཔལ་འབྱོར་ཉེས་ཆད་གཅོད་ཕྱོགས་ཀྱི་སྒྲོམ་གཞི་(Framework)ཞིག་གཏན་འབེབས་དང་། འདི་ལོའི་ཟླ་ ༦ ཚེས་ ༣༠ ཉིན་གྲོས་མཐུན་འཇོག་རྒྱུ་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་ཨོ་བྷ་མས་ཨ་རིའི་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་ལྡུམ་རྭ་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཁོང་གིས། “ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་སྔོན་འགོག་བྱ་རྒྱུའི་སྒྲོམ་གཞི་འདི་ནི་ང་ཚོའི་མངོན་འདོད་སྒྲུབ་མཁན་ཞིག་ཡིན་པ་མ་ཟད། འདིས་མ་འོངས་པར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་བཀག་འགོག་དང་འབྲེལ་རྒྱུ་ཆ་གསོག་འཇོག་བྱས་པ་དག་ལ་ཚོད་འཛིན་དམ་དྲག་བྱ་རྒྱུ་ཡིན་སྟབས། ང་ཚོས་རྒྱལ་སྤྱིའི་སྲུང་སྐྱོབ་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་གྲས་ཀྱི་གནད་དོན་ཞིག་ཐག་གཅོད་བྱེད་ཐུབ་ཡོད། གལ་སྲིད་མ་འོངས་པར་ཨི་རན་གྱིས་མགོ་སྐོར་བཏང་ཚེ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཤེས་རྟོགས་ཡོང་གི་རེད”ཅེས་དང་། ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རེ་ཡིས་ཨ་རིའི་སི་ཨན་ཨན་ (CNN) ཐོག “གྲོས་མོལ་འདི་ནི་དཀའ་ཚེགས་ཆེན་པོ་ཅན་ཞིག་ཡིན་པ་མ་ཟད། སེམས་ཚོར་བཤད་ནས་གཞན་གྱི་ཟེར་འགྲོས་ལ་ཁ་གཏད་གཅོག་དགོས་པ་ཞིག་ཀྱང་ཡིན་སྟབས། ཐོག་མར་གྲོས་མོལ་བྱེད་སྐབས་ལས་སླ་པོ་མ་བྱུང་ཡང་། ད་ཐེངས་ལོ་ངོ་ ༣༥ རྗེས་ཨི་རན་གྱི་སྐུ་ཚབ་དང་ལྷན་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་སྔོན་འགོག་བྱ་རྒྱུའི་ཐོག་ཐད་ཀར་འབྲེལ་མོལ་བྱས་ཏེ། སྒྲོམ་གཞི་ཞིག་གཏན་འབེབས་བྱེད་ཐུབ་པ་ནི་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད།”ཅེས་བརྗོད་འདུག

ཨི་རན་ཕྱི་སྲིད་བློན་ཆེན་ཇཱ་ཝ་ཌི་ཛཱ་རེབ་ (Javad Zarif) ཀྱིས་རོའུ་ཌར་གསར་ལམ་ཐོག “ད་ཐེངས་གྲོས་མོལ་འདི་ནི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་ཐབས་ཤིག་ཡིན་པ་ལས། ཨི་རན་དང་ཨ་རིའི་འབྲེལ་ལམ་འཕེལ་རྒྱས་གཏོང་རྒྱུའི་འབྲེལ་མོལ་ཞིག་མིན་སྟབས། སྔོན་འགྲོའི་གྲོས་མཐུན་འདིས་ང་ཚོས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་རྒྱུའི་བྱེད་སྒོ་དང་མཐུན་རྐྱེན་ཁག་མཚམས་འཇོག་བྱེད་ཐུབ་ཀྱི་མ་རེད་ལ། སྤོབས་སེམས་ཅན་གྱི་ཨི་རན་བ་ཚོས་གྲོས་མཐུན་འདིར་ངོས་ལེན་བྱེད་སྲིད་ཀྱི་མ་རེད”ཅེས་བརྗོད་འདུག

དེ་རིང་དབྱིན་ཡུལ་གྱི་ (The Guardian) ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༢༠༠༣ ལོར་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་དང་གྲོས་མོལ་བྱས་ཏེ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་ཆེད་ཡུ་རེ་ནི་ཡམ་བཅུད་སྦྱོར་མ་ལག་འཕྲུལ་ འཁོར་ ༣༠༠༠ ཙམ་ཉུང་དུ་མ་བཏང་ཚེ། དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། ༢༠༠༥ ལོ་བར་ཨི་རན་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། དེའི་རྗེས་སླར་ཡང་བཟོ་མགོ་བཙུགས་ཡོད། ༢༠༠༦ ནས་ ༢༠༡༢ ལོ་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གིས་ཨི་རན་གཞུང་དང་གྲོས་མོལ་བྱས་ཏེ། རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་རྒྱུ་འགོག་ཐབས་བྱས་བར་མཇུག་འབྲས་གང་ཡང་ཐོན་མེད།

ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་ཡོད་སྟབས། ཨི་རན་གྱི་མགོ་ཁྲིད་ཚོས་དེ་ནི་འགྲོ་བ་མིའི་རིགས་ལ་ཉེས་མེད་མནར་གཅོད་བཏང་བ་ཞིག་ཡིན་སྐོར་སྐྱོན་འཛུགས་བྱས་ཡོད། ༢༠༡༣ ལོར་ཨི་རན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཧཱ་སན་(Hassan Rouhani) ལ་ཐོབ་སྟེ། ལོ་དེའི་ཟླ་ ༡༡ ནང་ཨ་རིའི་ཕྲི་སྲིད་དྲུང་ཆེ་ཇོན་ཁེད་རེ་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཝ་ཌི་ཛཱ་རེབ་རྣམ་གཉིས་ཐུག་འཕྲད་ཀྱིས་རྡུལ་ཕྲན་མཆོན་ཆའི་གནད་དོན་སྐོར་ལ་བར་བརྒལ་གྲོས་མཐུན་ཞིག་བཞག་སྟེ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་རྒྱུ་ཆ་ཡུ་རེ་ནི་ཡམ་བརྒྱ་ཆ་ ༢༠ ཉུང་དུ་གཏོང་རྒྱུ་དང་། གལ་སྲིད་ཨི་རན་གྱིས་གསོག་འཇོག་བྱས་པའི་ཡུ་རེ་ནི་ཡམ་དག་རྩ་མེད་བཟོས་ཚེ། ཨ་རི་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཨ་སྒོར་ས་ཡ་ ༧༠༠ ལྷག་གི་གུན་གསབ་སྤྲོད་རྒྱུ་དང་། ༢༠༡༤ ལོའི་ཟླ་ ༧ ནང་གནད་དོན་དེའི་ཐོག་ཁྱབ་རྒྱ་ཆེ་བའི་གྲོས་མཐུན་ཞིག་འཇོག་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། གྲོས་མཐུན་བྱེད་མིས་ཟླ་ ༤ རིང་ཕར་འགྱངས་ཀྱིས་ཝེན་ཎཱ་(Vienna) གྲོང་ཁྱེར་དུ་འདུ་འཛོམས་ཀྱིས་གྲོས་མོལ་བྱས་ཀྱང་ཐག་གཅོད་བྱེད་ཐུབ་མེད།

ཁ་སང་ཨི་ཛ་རལ་གྱི་སྲིད་བློན་བྷན་ཇ་མན་ (Benjamin Netanyahu) གྱིས་ཨོ་བྷ་མར་ཁ་པར་བཏང་སྟེ། གལ་སྲིད་སྟོབས་ཆེན་རྒྱལ་ཁབ་ཁག་གིས་སྒྲོམ་གཞི་འདིར་གཞིགས་ནས་ཨི་རན་དང་གྲོས་མཐུན་འཇོག་རྒྱུ་ཡིན་ཚེ། རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་བཏང་ཡོད་པ་མ་ཟད། ཨི་རན་ལ་རྡུལ་ཕྲན་མཚོན་ཆ་བཟོས་ན་འགྲིག་གི་ཡོད་པའི་ཆོག་མཆན་སྤྲད་པ་ལྟར་ཆགས་ཡོད་སྟབས། མ་འོངས་པར་ཨི་ཛ་རལ་འཚོ་གནས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཇོན་བྷོ་ཎར་ (John Boehner) གྱིས་ཨ་རིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་ཕྱིར་བསྡུ་མ་བྱས་སྔོན་ལ། གྲོས་ཚོགས་ཀྱིས་ཨི་རན་གྱི་གྲོས་མཐུན་དེར་བསྐྱར་ཞིབ་བྱེད་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese