མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲེམས་སྟོན་ཁང་ལ་གཟིགས་མོར་ཕེབས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བོད་ཀྱི་འགྲེམས་སྟོན་ཁང་ནང་གསོག་འཇོག་བྱས་པའི་པར་རིས་ ༤༠༠༠༠ ལྷག་ཡོད་པ་དང་། མ་འོངས་པར་འགྲེམས་སྟོན་ཁང་འདི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འདྲ་པར་གྱི་རྟེན་གནས་ཤིག་བཟོ་འཆར་ཡོད་འདུག

བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་ནང་ལོགས་ཀྱི་གཡོན་གྲུ་རུ་བཞེངས་བསྐྲུན་བྱས་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དེ་ནི། ༡༩༩༨ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་གསར་འཛུགས་གནང་སྟེ། ༢༠༠༠ ལོའི་ཟླ་ ༤ ཚེས་ ༣༠ ཉིན་༧གོང་ས་མཆོག་གིས་དབུ་འབྱེད་མཛད་ཡོད་འདུག འདིའི་ནང་ཚན་པ་ཁག་གསུམ་ཡོད་པ་ནི་གཏན་འཇགས་འགྲེམས་སྟོན་དང་། སྐོར་སྐྱོད་འགྲེམས་སྟོན། འདྲ་པར་གསོག་འཇོག་ཁང་བཅས་ཡིན་ཞིང་། ཚན་པ་འདི་དག་གི་ལས་འགན་གཙོ་བོ་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་ཕྱི་བསྒྲགས་དང་ངོ་སྤྲོད་བྱ་རྒྱུ་དང་། བོད་དོན་དང་འབྲེལ་བའི་པར་རིས་དང་ཡིག་ཚགས་བཅས་གསོག་འཇོག་བྱ་རྒྱུ་ཡིན་འདུག ཉེ་ལམ་ལོ་ཤས་གོང་ནས་བཟུང་འགྲེམས་སྟོན་ཁང་གིས་བོད་དོན་ངོ་སྤྲོད་བྱ་ཆེད་དུ་འགྱུར་བཅོས་བཏང་སྟེ། ཉིན་རེར་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཉིས་རེ་དང་། བདུན་ཕྲག་གཉིས་རེའི་ནང་བོད་དོན་ཆེད་མཁས་པ་གདན་དྲངས་ནས་གཏམ་བཤད་གནང་བཅུག་པ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ཟླ་སྔོན་མའི་ནང་འགྲེམས་སྟོན་ཁང་བཙུགས་ནས་ལོ་ ༡༥ འཁོར་བའི་དུས་དྲན་ཞིག་ཀྱང་སྲུང་བརྩི་ཞུས་ཡོད། 

དེ་རིང་གསར་འགོད་པས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སུ་རྒྱལ་ཁབ་གཞན་གྱི་འགྲེམས་སྟོན་ཁང་ཡིན་ན་རྒྱལ་ཁབ་སོ་སོའི་རྩ་ཆེའི་ཁྱད་ནོར་དང་ལོ་རྒྱུས་ཀྱི་ཡིག་ཚགས་སོགས་འཇོག་གི་ཡོད་པས། བོད་ཀྱི་འགྲེམས་སྟོན་ཁང་ནང་བོད་ཀྱི་ལོ་རྒྱུས་ལ་མཁོ་བའི་རྒྱུ་ཆ་གལ་ཆེན་གང་དག་ཡོད་དྲིས་པར་ཁོང་གིས། བཙན་བྱོལ་ནང་ནོར་བུ་གླིང་ཁ་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཁང་ཡོད་པ་མ་ཟད། དེ་སྔ་དབྱིན་ཇིའི་མིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་བྱ་ཆེད་ཨ་རི་དང་སུད་སི། ཀོ་རི་ཡ་སོགས་ནང་བོད་ཀྱི་འགྲེམས་སྟོན་ཁང་གི་མིང་བཏགས་ནས་བཙུགས་བཞག་པ་དེ་འདྲ་འདུག ང་ཚོ་བོད་ཀྱི་འགྲེམས་སྟོན་ཁང་ནི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། རྒྱའི་བཙན་འོག་ཏུ་རྐྱེན་འདས་སུ་གྱུར་བའི་བོད་མི་རྣམས་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་རྒྱུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཕྱི་ནང་ཡུལ་གྲུ་ཁག་ལ་ཁྱབ་སྤེལ་གཏོང་རྒྱུ། དེ་བཞིན། བོད་པའི་མི་རབས་གསར་པར་བོད་མིའི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་བརྒྱུད་སྤྲོད་བྱ་རྒྱུ་བཅས་དམིགས་ཡུལ་བཞི་བཟུང་ནས་ཆེད་བཙུགས་ཞུས་པ་ཞིག་ཡིན་སྟབས། ད་ལྟ་འགྲེམས་སྟོན་ཁང་འདི་འཛམ་གླིང་ཐོག་བོད་ཀྱི་དངོས་ཡོད་གནས་ཚུལ་དག་ཁྲ་ལམ་ལམ་གསལ་སྟོན་བྱེད་མཁན་གཙོ་བོ་དེ་ཆགས་ཡོད། འདིའི་ནང་ང་ཚོ་རང་བཙན་ཡོད་སྐབས་ཀྱི་ཌམ་ཀ་དང་དངུལ་ལོར། སྦྲགས་ཐམ། དེ་བཞིན་རྒྱལ་སྤྱིའི་ཚགས་ཤོག་ཁག་ཏུ་ཐོན་པའི་༧གོང་ས་མཆོག་དང་བོད་ཀྱི་གནས་ཚུལ། ཞྭ་སྒབ་པའི་ཐོངས་མཆན་ལག་འཁྱེར་སོགས་དང་། ༡༩༨༧ དང་༡༩༨༨། ༡༩༨༩ བཅས་ལོ་རང་བཀག་སོ་སོའི་ནང་ལྷ་སར་ཞི་རྒོལ་ཆེན་མོ་བྱུང་རྗེས། བོད་མི་མང་པོ་ཞིག་བཙན་ཁྲིད་བཙོན་འཇུག་བྱས་ཡོད་སྟབས། རྒྱ་མིས་བཙོན་ཁང་ནང་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་གཏོང་སྐབས་ཀྱི་ལག་ ཆ་བཅས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་ལ་གསར་འགོད་པས་བོད་རང་བཙན་མ་ཤོར་གོང་བོད་ནང་འགྲེམས་སྟོན་ཁང་དེ་འདྲ་ཡོད་མེད་དྲིས་པར་ཁོང་གིས། བོད་རང་བཙན་ཡོད་སྐབས་དགོན་པའི་ནང་སྐུ་འདྲ་དང་ཆོས་བརྒྱུད་ཁག་གི་ཕྱག་དཔེ་འདྲ་མིན་ཡོད་པ་མ་ཟད། བླ་མ་ཚོའི་སྐུ་འདྲ་དང་སྐུ་པར་སོགས་མཇལ་རྒྱུ་མང་པོ་ཡོད་ཀྱང་། ངས་ད་ལྟའི་བོད་ཀྱི་འགྲེམས་སྟོན་ཁང་ལྟར་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུར་དམིགས་ནས་གསར་འཛུགས་གནང་བའི་འགྲེམས་སྟོན་ཁང་དེ་འདྲ་ཡོད་པ་གོ་མ་སོང་། ཕྱིས་སུ་རྒྱ་མིས་བོད་བཙན་བཟུང་བྱས་རྗེས་བོད་ཀྱི་ལོ་རྒྱུས་དང་གནས་སྟངས་འཁྱོག་བཤད་བྱ་རྒྱུར་དམིགས་ནས་འགྲེམས་སྟོན་ཁང་དེ་འདྲ་བཙུགས་པ་མང་པོ་བྱུང་ཡོད་ས་རེད། དཔེར་ན། ལྷ་སར་བོད་ཀྱི་འགྲེམས་སྟོན་ཁང་དང་དེ་སྔ་དགེ་འདུན་ཆོས་འཕེལ་གྱི་འགྲེམས་སྟོན་ཁང་སོགས་མང་པོ་ཞིག་ཡོད་པ་རེད། དེ་ཚོ་བཙུགས་དགོས་དོན་ནི་བོད་ནང་ཕྱི་རྒྱལ་ཡུལ་སྐོར་བ་ཕེབས་མཁན་དང་། བོད་ནང་གི་མི་རབས་གསར་པ་ཚོར་བོད་ཀྱི་ལོ་རྒྱུས་ལ་གོ་བ་ལོག་པ་དང་འཁྱོག་བཤད་བྱ་རྒྱུ་སོགས་རྒྱ་ནག་གཞུང་གི་མངོན་འདོད་གྲུབ་ཆེད་བཙུགས་པ་ཞིག་ཆགས་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་བཀྲ་ཤིས་ཕུན་ཚོགས་ལགས་སུ་མ་འོངས་པར་འགྲེམས་སྟོན་ཁང་ངོས་ནས་ལས་དོན་གསར་པ་དེ་འདྲ་གང་སྤེལ་འཆར་ཡོད་མེད་དྲིས་པར་ཁོང་གིས། བོད་པའི་གནས་སྟངས་ཁྱོན་ནས་རྒྱུས་མངའ་མེད་སའི་རྒྱ་གར་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་བསྐྱོད་ནས་བོད་དོན་གནས་ཚུལ་ངོ་སྤྲོད་དང་། བོད་དོན་གནས་ཚུལ་ཁྱབ་རྒྱ་ཆེ་རུ་གཏོང་ཆེད་ཕྱི་རྒྱལ་ཁག་ཏུ་བཅར་རྒྱུའི་གོ་སྐབས་དང་ཐབས་འཚོལ་ཞུ་བཞིན་ཡོད། དེ་བཞིན་འདྲ་པར་གསོག་འཇོག་ཁང་ལྟ་བུ་ཡིན་ན་འདྲ་པར་རྙིང་པ་ཚང་མ་གློག་ཀླད་ནང་བཅུག་སྟེ། རྗེས་སུ་རེའུ་མིག་བང་མཛོད་ཅིག་བཟོས་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་ལྟ་ཐུབ་པ་དང་མངག་ཉོ་གནང་ཐུབ་རྒྱུའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་མ་ཟད། ང་ཚོས་ལོ་གཅིག་གོང་ནས་བོད་པའི་གནད་ཡོད་མི་སྣ་དང་རྒན་རབས་པ་ཚོའི་སར་བཅར་ཏེ། ད་ཡོད་གསོག་འཇོག་བྱས་པའི་འདྲ་པར་ ༤༠༠༠༠ ལྷག་ཡོད་པའི་སྒང་ལ་འདྲ་པར་ ༤༠༠༠ ལྷག་མཁོ་སྒྲུབ་བྱས་ཏེ། མ་འོངས་པར་བོད་ཀྱི་འགྲེམས་སྟོན་ཁང་འདི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འདྲ་པར་གྱི་ལྟེ་གནས་ཤིག་བཟོ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། དེ་བཞིན་ང་ཚོས་འགྲེམས་སྟོན་ཁང་གི་ལས་དོན་རྒྱ་སྐྱེད་ཡོང་ཆེད་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་དང་། དྲ་རྒྱ་དང་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་བོད་དོན་གནས་ཚུལ་གང་མང་ཁྱབ་སྤེལ་གཏོང་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༤ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese