མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏ་ལི་བྷན་རོ་ལངས་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ཨབ་གྷན་རྒྱལ་སར་ཏ་ལི་བྷན་དྲག་སྤྱོད་པ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་འབར་རྫས་གས་གཏོར་བྱས་ཏེ། ཨབ་གྷན་སྤྱི་ཁྱབ་ཁྲིམས་དོན་ཁང་གི་ལས་བྱེད་པ་ ༣ བསད་པ་མ་ཟད་གཞན་མི་ ༡༨ ལ་རྨས་སྐྱོན་བཏང་ཡོད་འདུག 

ཨབ་གྷན་ནང་སྲིད་བློན་ཆེན་སི་ཌེ་ཁཱེ་ (Sediq Sediqqi) ཡིས་དྷིན་རྡུ་སི་ཐན་དུས་བབ་ཐོག “ལས་མི་དང་ཡུལ་མི་རྣམས་ཉིན་རེའི་ལས་ཀ་ཚར་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ནང་ལ་ལོག་ཡོང་སྐབས། ལུས་ཐོག་ཏུ་འབར་རྫས་བཏགས་ཡོད་པའི་དྲག་སྤྱོད་པ་ཞིག་གིས་རླངས་འཁོར་ནང་ལག་འབོམ་གཡུགས་ཏེ། གཞུང་གི་ལས་བྱེད་དང་མང་ཚོགས་ཁག་གཅིག་བསད་འདུག”ཅེས་དང་། ཨབ་གྷན་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཧཱ་སེབ་སི་ཌེ་ཁཱེ་ (Hasib Sediqi) ཡིས། “ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨབ་གྷན་སྤྱི་ཁྱབ་ཁྲིམས་དོན་ཁང་གི་ཉེ་འཁོར་དུ་འབར་རྫས་དོན་རྐྱེན་བཟོས་ཡོད་པ་མ་ཟད། བྷ་ཌེ་གྷེ་སི་(Badghis) མངའ་སྡེའི་ཇཱ་ཝན་ཌི་རྫོང་ས་གནས་སྲིད་གཞུང་ལ་གཏོར་རྒོལ་བཏང་སྟེ་ལས་བྱེད་པ་ཁག་གཅིག་ལ་རྨས་སྐྱོན་བཏང་ཡོད་སྟབས། གཞུང་གིས་དྲག་སྤྱོད་པར་ཁ་གཏད་གཅག་ནས་རྒྱལ་ཡོངས་ནང་བདེ་འཇགས་ཡོང་བ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

ནེའུ་ཡོག་དུས་བབ་དང་ཡཱ་ཧོ་གསར་ལམ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ཟླ་ ༥ ཚེས་ ༤ ཉིན་གྱི་སྔ་དྲོ་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨབ་གྷན་སྤྱི་ཁྱབ་ཁྲིམས་དོན་ཁང་གི་ཉེ་འཁྲིས་སུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་གཏོར་རྒོལ་བྱས་ཏེ། མི་གཅིག་བསད་ཡོད་པ་དང་། ཁ་སང་གྲོང་ཁྱེར་ཀན་ཌ་ཧར་ (Kandahar) གྱི་གསང་བའི་ལས་ཁུངས་ནང་འཇབ་རྒོལ་བྱས་ཏེ་ལས་བྱེད་པ་བཞི་བསད་ཡོད། དེ་བཞིན་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་འདས་པའི་བཅུ་ཕྲག་གཅིག་ལྷག་རིང་དྲག་སྤྱོད་ཀྱི་བྱ་འགུལ་སྣ་ཚོགས་བརྩམས་ཏེ། ཨབ་གྷན་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་ཡོད་པ་མ་ཟད། ལྷག་པར་དུ་ ༢༠༡༥ ལོའི་ཟླ་ ༤ ཚེས་ ༢༤ ནས་བཟུང་ཨབ་གྷན་གྱི་བྱང་ཤར་གྲོང་ཁྱེར་ཁཱན་ཌ་སེ་ (Kunduz)ནང་དྲག་འཛིང་ལས་འགུལ་ཤུགས་ཆེན་སྤེལ་ཏེ། ད་བར་ཡུལ་མི་འབུམ་གཅིག་ཙམ་ས་ཆ་གཞན་ལ་ཉེན་གཡོལ་འགྲོ་དགོས་ཐུག་ཡོད། ཟླ་འདིའི་ཚེས་ ༨ ཉིན་ཁཱན་ཌ་སེ་མངའ་སྡེའི་སྲིད་སྐྱོང་སཱ་ཧྥེ་(Mohammad Omer Safi) ཡིས་ད་ལྟ་ཨབ་གྷན་གྱི་བརྟན་བརླིང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དེ་ནི། སི་རི་ཡ་དང་ཨི་རག་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) གིས་ཏ་ལི་བྷན་ལ་དཔུང་རོགས་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད་འདུག་ཅེས་སོགས་བཀོད་འདུག

དེ་རིང་པ་ཀི་སི་ཐན་གྱི་སྐྱ་རེངས་ (Dawn) ཐོག་རྩོམ་པ་པོ་ཨབ་ཌོལ་གྷེ་ཧཱ་ཎེ་ཡིས་༼ཏ་ལི་བྷན་དང་ཨབ་གྷན་གྱི་ལས་དབང་།༽ཞེས་པའི་ཆེད་རྩོམ་ཞིག་སྤེལ་བའི་ནང་ཁོང་གིས། ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ནི་འཛམ་གླིང་གི་གྲང་དམག་སྐབས་ཨ་རིས་དམག་སྦྱོང་སྤྲད་ནས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ལ་ཁ་གཏད་གཅོག་ཆེད་བཙུགས་པ་ཞིག་ཡིན་སྟབས། ཇི་སྲིད་ཨ་རིས་ཨབ་གྷན་གཞུང་དང་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ཏེ། ཁོ་ཚོར་འཁོན་ལན་བསློག་རྒྱུ་དང་རྩ་མེད་བཟོ་རྒྱུ་མཚམས་འཇོག་བྱས་ནས་དཀའ་རྙོག་སེལ་ཐབས་མ་བྱས་ཚེ། མ་འོངས་པར་ཏ་ལི་བྷན་གྱི་དྲག་སྤྱོད་ལས་འགུལ་དེ་ཨི་བྷོ་ལ་ནད་ཡམས་ཇི་བཞིན་ས་ཕྱོགས་གང་སར་ཁྱབ་རྒྱུ་རེད་ཅེས་བྲིས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese