མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གསང་བའི་ཚོང་དོན་ལ་ལྐོག་ཉན་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚུད་པའི་རྒྱ་རིགས་ཁག་ཅིག་གིས་ཨ་རིའི་གསང་བའི་ཚོང་དོན་ལ་ལྐོག་ཉན་བྱས་ཡོད་སྐོར་ཨ་རིའི་གཞུང་གིས་སྐྱོན་བརྗོད་བྱས་འདུག

དེ་རིང་བྷེ་བྷེ་སི་ (B.B.C) གསར་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་མི་དྲུག་གིས་ལག་འཁྱེར་ཁ་པར་ནང་ཨ་རིའི་གསང་བའི་ཚོང་དོན་ལ་ལྐོག་ཉན་བྱས་པའི་དོགས་གཞིའི་འོག ཁ་སང་ཨ་རི་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པའི་ནང་། རྒྱ་རིགས་དེ་ཚོས་ (རྒྱ་མི་གསུམ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཡིན་འདུག) རྒྱ་ནག་གི་གཙུག་ལག་སློབ་ཆེན་ཁག་དང་ཚོང་གཉེར་ལྟེ་གནས་ཁང་འགའ་ཞིག་གི་ཁེ་བཟང་ལ་དམིགས་ཏེ། ཁྲིམས་འགལ་གྱིས་ (FBAR)ཉན་ཆས་རྫུན་བཟོ་དང་གསང་གནས་ལ་ལྐོག་ཉན་བྱས་འདུག ཅེས་སོགས་བཀོད་འདུག

བྷེ་བྷེ་སི་གསར་ལམ་དུ་མུ་མཐུད་བརྗོད་དོན། གོང་སྨོས་རྒྱ་མི་དྲུག་ལས་གཅིག་ཐེན་ཅིན་གཙུག་ལག་སློབ་ཆེན་ (Tianjin University) གྱི་དགེ་རྒན་ཡིན་ཞིང་། མིང་ལ་ཧོ་ཀྲུང་ (Hao Zhang) ཟེར་བ་དེ་འཇུ་བཟུང་བྱས་ཡོད་ཀྱང་། ཁོང་གི་ལས་རོགས་གཞན་རྣམས་རྒྱ་ནག་ནང་དུ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ (Washington) ནང་དེ་སྔ་དུས་ཡུན་རིང་པོར་རྒྱ་ནག་གི་ཁེ་ལས་གསང་ཉུལ་བ་ཚོས་སེམས་ཁྲལ་བསླངས་ཡོད་སྐོར་དང་། ཨ་རིའི་ཁྲིམས་ཞིབ་ལས་ཁུངས་ནས་སྐྱོན་བརྗོད་ལྟར་ན། རྒྱ་ནག་གི་ཁེ་ལས་གསང་ཉུལ་གྱི་ལས་གཞི་དེ་འདས་པའི་ལོ་ངོ་བཅུའི་སྔོན་ནས་ལག་བསྟར་བྱས་ཡོད་ཚུལ་བསྒྲགས་འདུག

ཁྲིམས་ཞིབ་པ་ཚོས་བརྗོད་དོན། སྐུ་ཞབས་ཀྲུང་ལགས་དང་ཐེན་ཅིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཝེ་པིང་ (Wei Pang) ཟེར་བ་གཉིས་ངན་འབྲེལ་བྱས་ཏེ། ཨ་རིའི་ལས་མི་ཚོའི་ (FBAR)ཉན་ཆས་ལ་ལྐོག་ཉན་བྱས་ཡོད་པ་དང་། ཉན་ཆས་དེ་ནི་ལག་འཁྱེར་ཁ་པར་དང་གློག་ཆས་ཡོ་བྱད་གཞན་དག་ལའང་རང་འགུལ་གྱིས་བརྡ་གཏོང་འབྲེལ་མཐུད་བྱེད་ཐུབ་པ་ཞིག་ཡིན་ཞིང་། དེ་བས། གོང་སྨོས་དགེ་རྒན་དེ་གཉིས་དང་ལས་རོགས་གཞན་པ་ཚོས་ཐེན་ཅིན་གྲོང་ཁྱེར་ནང་ (FBAR)ཉན་ཆས་ཚོང་གཉེར་ལྟེ་གནས་ཁང་བཙུགས་ཏེ། ཡོད་བྱད་རྫུན་བཟོ་དང་གསང་གནས་ལ་ལྐོག་ཉན་བྱེད་ཀྱི་ཡོད་འདུག

ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ལས་མི་ཇོན་ཁར་ལེན་ (John Carlin) ཟེར་བ་ཞིག་གིས་ “རྒྱ་རིགས་དེ་ཚོས་རང་ཉིད་ལ་ཁེ་ལས་རེག་པའི་ཆེད་དུ། ཁྲིམས་འགལ་གྱིས་ཨ་རིའི་ཉན་ཆས་ཡོ་བྱད་སྤྱད་ནས་ཨ་རིའི་གསང་བའི་ཚོང་དོན་སྐོར་རྒྱ་ནག་གཞུང་ལ་སྙན་སེང་ཞུས་ཡོད་པ་རེད”ཅེས་དང་། ཡང“རྒྱ་ནག་གི་ཁེ་ལས་གསང་ཉུལ་ལས་གཞིས་ཨ་རིའི་ཚོང་དོན་ལ་ཚབས་ཆེ་བའི་གྱོང་ཁེལ་དང་འཛམ་གླིང་ཁྲོམ་རར་ཉམ་ཉེས། འཛམ་གླིང་ཡུལ་གྲུ་གང་སའི་ཨ་རིའི་ཁེ་གཉེར་ལས་རིགས་ལ་གནོན་སྐྱོན་བཟོ་བཞིན་ཡོད།”ཟེར།

སྤྱིར་ཁྲིམས་མེད་ལུགས་མེད་ཀྱི་རྒྱ་རིགས་དེ་ཚོར་ཁྲིམས་ཆད་ཕོག་ན་འགྲིག་མོད་ཀྱང་། བྷེ་བྷེ་སི་གསར་ཁང་གི་གསར་འགོད་པ་བྷ་བྷི་ར་ཕི་ལེ་ཊིས་ (Barbara Plett) གནས་ཚུལ་མཁོ་སྤྲོད་ལ་གཞིགས་ན། གོང་སྨོས་རྒྱ་རིགས་དེ་ཚོས་ཇི་ལྟར་ཁེ་ལས་གསང་ཉུལ་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་བོ་ཞིག་རྟོགས་དཀའ་བར་འདུག་ཅེས་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. གངས་ཀྱི་བུ་ཕྲུག says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ལས་གསར་ཁང་གིས་དངོས་གནས་གསར་འགྱུར་ཡག་པོ་་་དོན་དག་ཡོད་པ་་་ཕན་ཐོགས་ཡོད་པ་རྐྱང་གཏོང་གནང་གིན་འདུག ཐུགས་རྗེ་ཆེ།

    གསར་འགྱུར་འདི་དང་འབྲེལ་ནས་རེ་སྐུལ་གཅིག་ཞུ་རྒྱུ་ཡོད། བཙན་བྱོལ་དུ་སླེབས་པ་ནས་བོད་ཡིག་ཤེས་མཁན་གང་འཚམས་བྱུང་ཡོད་ཀྱང་། ཡིག་རྩ་ཡག་པོ་མེད་པར་སྔོན་གྱི་ཐ་སྙད་ཀྱི་གོ་དོན་ཧ་མ་གོ་བར་སྡུད་ཚིག་བཀོལ་རྐྱང་གནང་བའི་ནང་དུ་༼གསང་གནས་༽ལྟ་བུའི་ཚིག་འདིའི་རིགས་གཞུང་ཡིག་ཚུན་དུ་ཐོན་གྱི་ཡོད། བོད་ཡིག་གི་ཕྱག་དཔེའམ་ལྷག་པར་དུ་སྨན་གཞུང་སོགས་སུ་༼ གསང་གནས་༽ ནི་ཕོ་མོའི་མཚན་མ་ལ་གོ་གི་ཡོད། ཕྱིས་ཀྱི་དག་ཡིག་རེ་འགར་གསང་གནས་ལ་གསང་བའི་ས་གནས་ཞེས་འགྲེལ་བ་ཡོད་ཀྱང་དེ་ཡང་མི་དག དེར་བརྟེན་ཐ་སྙད་འདིའི་རིགས་ལ་ཐུགས་གཟབ་གནང་རྒྱུའི་རེ་སྐུལ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese