མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ནོལ་ཌིན་ལ་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ནོར་ཝེ་རྒྱལ་ཁབ་ཀྱི་རྩོམ་རིག་དང་སྨྲ་བརྗོད་རང་དབང་འཕེལ་རྒྱས་ཁང་གིས་འདི་ལོའི་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་དེ་ཨ་རིའི་གསང་བ་ཁྱབ་བསྒྲགས་བྱེད་མཁན་སི་ནོལ་ཌིན་ལ་སྤྲོད་གཏན་ཁེལ་ཡོད་འདུག

ཁ་སང་ནོར་ཝེ་རྩོམ་རིག་དང་སྨྲ་བརྗོད་རང་དབང་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོར་ཝེ་གཞུང་གི་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཚུལ་མིན་གསང་བའི་བྱ་སྤྱོད་ཐེར་འདོན་བྱེད་མཁན་སྐུ་ཞབས་སི་ནོལ་ཌིན་ལགས་སུ་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། དེ་དང་མཉམ་དུ་ཟླ་ ༩ པའི་ཚེས་ ༥ ཉིན་ཁོང་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་རུ་གཟེངས་རྟགས་དང་བྱ་དགའི་མ་དངུལ་ཡུ་སྒོར་ ༡༡༥༠༠ བཞེས་པར་ཡོང་དགོས་པའི་མགྲོན་ཤོག་བསྐུར་ཡོད་འདུག

ནོར་ཝེ་རྩོམ་རིག་དང་སྨྲ་བརྗོད་རང་དབང་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་གིས་སི་ནོལ་ཌིན་ལ་གཟེངས་རྟགས་སྤྲོད་དགོས་དོན་ཐད་བརྗོད་དོན། “ང་ཚོས་ནོར་ཝེ་རྩོམ་རིག་གཟེངས་རྟགས་བཞེས་མཁན་གྱི་ནོར་ཝེ་བ་སྐུ་ཞབས་བི་ཇོན་སན་ (Bjørnstjerne Bjørnson) མཆོག་གི་མིང་ཐོག་གི་གཟེངས་རྟགས་འདི་སྐུ་ཞབས་སི་ནོལ་ཌིན་ལགས་ཀྱིས་རང་གི་ཚེ་སྲོག་གི་ཉེན་ཁར་མ་ལྟོས་པར། རྒྱལ་སྤྱིའི་མང་ཚོགས་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇའ་ཤེལ་ (Prism)ལས་གཞིའི་འོག ཁ་པར་དང་དྲ་རྒྱའི་ཡིག་ཚགས་ས་ཡ་ ༦༠༠ ལྷག་ལ་ལྐོག་ཉན་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་སྟབས། ང་ཚོས་ཁོང་གི་འཇིགས་ཞུམ་བྲལ་བའི་བློ་སྟོབས་ལ་ཡིད་རངས་ཞུ་ཆེད། འདི་ལོའི་གཟེངས་རྟགས་དེ་ཁོང་ལ་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན།”ཞེས་བརྗོད་འདུག

༢༠༡༣ ལོའི་ཟླ་ ༥ པའི་ཚེས་ ༢༠ ཉིན་ཧོང་ཀོང་དུ་ཨ་རིའི་གསང་བའི་ལས་ཁུངས་གློག་ཀླད་སྡེ་ཚན་གྱི་ཆོད་གན་ལས་བྱེད་སི་ནོལ་ཌིན་ལགས་ཀྱིས་གློག་བརྙན་བཟོ་སྐྲུན་པ་དང་གསར་འགོད་པ་ལྕམ་ལོ་ར་ ( Laura Poitra)ལགས་སུ། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་འཇའ་ཤེལ་ (Prism)ལས་གཞི་དེས། འཛམ་གླིང་ཐོག་བེད་སྤྱོད་ཤུགས་ཆེན་གཏོང་བཞིན་པའི་དྲ་གནས་གྷོ་གྷལ་ ( Google)དང་ངོ་དེབ་ ( Facebook)། ཌོའུ་ཌར་ ( twitter )། སི་ཁཡེ་ཕུ་ ( Skype)། ཡཱ་ཧོ་ ( Yahoo) ཡུ་ཀྲུབ་ ( Youtube) སོགས་སྤྱི་ཚོགས་དྲ་གནས་ཁག་ ༩ ཙམ་ནང་ལྐོག་འཛུལ་བྱས་ཏེ། ཉིན་ལྟར་འཇར་མན་དང་ཧྥ་རན་སི། བྷར་ཛིལ། རྒྱ་ནག རྒྱ་གར། ཡུ་རོབ་མཐུན་ཚོགས། དབྱིན་ཡུལ་སོགས་ཀྱི་དབུ་ཁྲིད་དང་ཚོགས་པ་ཁག་གི་ཁ་པར་དང་དྲ་རྒྱའི་ཡིག་ཚགས་ས་ཡ་ ༦༠༠ ལྷག་ལ་ལྐོག་ཉན་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་དབྱིན་ཇིའི་ཚགས་པར་གྷ་ཌེན་ (The Guardian) བརྒྱུད་ཕྱིར་བསྒྲགས་བྱས་ཡོད་སྟབས། ཨ་རིའི་གཞུང་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སི་ནོལ་ཌིན་རྒྱལ་ཚོང་བ་ཞིག་ཡིན་ཚུལ་བརྗོད་དེ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་མ་ཟད། རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སུས་ཀྱང་ཁོང་སྦས་སྐུང་དང་སྐྱབས་བཅོལ་སྤྲད་ཚེ་མ་འོངས་པར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།

ཐོག་མར་སི་ནོལ་ཌིན་གྱིས་ཧོང་ཀོང་ལ་སྐྱབས་བཅོལ་ཞུས་ཀྱང་ཨ་རི་དང་རྒྱ་ནག་གི་གནོན་ཤུགས་འོག་སྐྱབས་བཅོལ་རེག་མེད་སྟབས་མཁའ་ལམ་བརྒྱུད་ཨུ་རུ་སུར་ཕྱིན་ཏེ། སྲིད་འཛིན་པུ་ཊིན་གྱིས་ཁོང་ཚོའི་རྒྱལ་ཁབ་ནང་གནས་སྐབས་རིང་སྡོད་ཆོག་པའི་ཆོག་མཆན་སྤྲད་དེ་ད་ལྟ་ཨུ་རུ་སུར་བསྡད་ཡོད། ཁོང་ ༢༠༡༣ དང་༢༠༡༤ ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་ཁོངས་སུ་བསླེབས་ཡོད་པ་མ་ཟད། ན་ནིང་ཁོང་ལ་སུད་ཊན་གཞུང་གིས་འཚོ་ཐབས་ཀྱི་རང་དབང་གཟེངས་རྟགས་(Right Livelihood Award) ཞེས་པ་ཞིག་སྤྲད་ཡོད་ཀྱང་། ཨ་རིས་སུད་ཊན་ལ་གནོན་ཤུགས་སྤྲད་དེ་གཟེངས་རྟགས་དེ་སྤྲོད་བཞེས་ཀྱི་མཛད་སྒོར་སི་ནོལ་ཌིན་མཉམ་ཞུགས་བྱེད་ཐུབ་མེད།

ཟླ་འདིའི་ཚེས་ ༡ ཉིན་ནོར་ཝེ་རྩོམ་རིག་དང་སྨྲ་བརྗོད་རང་དབང་ཤེས་ཡོན་འཕེལ་རྒྱས་ཁང་གིས་ནོར་ཝེ་སྲིད་བློན་ཨར་ཎེ་ (Erna Solberg) དང་ཁྲིམས་དོན་བློན་ཆེན་ཨེན་ཌར་ (Anders Anundsen) རྣམ་གཉིས་ལ་ཡི་གེ་བཏང་སྟེ། འདི་ལོ་སི་ནོལ་ཌིན་ཨོ་སོ་ལོ་ནང་གཟེངས་རྟགས་ལེན་པར་ཡོང་ཆོག་པའི་ཆོག་མཆན་སྤྲད་དེ། ཁོང་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་མ་ཟད། ཨ་རིར་དེ་བས་རྩིས་སྤྲོད་བྱེད་མི་ཆོག་ཚུལ་བརྗོད་ཡོད་ཀྱང་། ནོར་ཝེ་ཁྲིམས་དོན་ལྷན་ཁང་གིས་སོ་ནོལ་ཌིན་རྒྱལ་ཁབ་ནང་ཡོང་ཆོག་མིན་ནི་གཞིས་མི་གནས་སྤོར་ལྷན་ཁང་གི་འགན་ཡིན་སྟབས། ང་ཚོར་ཐེ་ཇུས་བྱེད་དབང་མེད་ཅེས་ལན་འདེབས་བྱས་འདུག

དེ་རིང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ལྕམ་མཱ་རེ་ཧབ་ (Marie Harf) ཀྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། “ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་ཞུ་རྒྱུ་ཞིག་ལ། ད་ལྟ་སི་ནོལ་ཌིན་ལ་འགྲོ་ས་གཅིག་ཡོད་པ་ནི་ཨ་རི་ཆགས་ཡོད་སྟབས། ཨ་རིར་ཕྱིར་ལོག་བྱས་ཏེ་ནག་ཉེས་ངོས་ལེན་བྱེད་དགོས། གལ་སྲིད་ཁོ་ལ་ནག་ཉེས་ར་འཕྲོད་བྱ་རྒྱུའི་བློ་སྟོབས་ཡོད་ན། ཨ་རིའི་ཁྲིམས་ཁང་ལ་གཏུག་ནས་དག་ཐེར་བྱེད་དགོས།”ཞེས་ཉེན་བརྡ་བཏང་ཡོད་སྟབས། ནོར་ཝེ་སྤྱི་ཚོགས་རིང་ལུགས་ཚོགས་པའི་ཚོགས་མི་དང་ཁོར་ཡུག་བློན་ཆེན་ཟུར་པ་བྷེར་ཌི་ (Baard Vegar Solhjell) ལགས་ཀྱིས་ནོར་ཝེ་གསར་ལམ་ (The Local) ཞེས་པའི་ཐོག “ཨ་རིའི་གཞུང་གིས་སི་ནོལ་ཌིན་ལ་ནག་ཉེས་བཙུགས་དགོས་དོན་ནི། ཁོང་གིས་མང་ཚོགས་ལ་ཨ་རིའི་བྱས་ཉེས་དག་ཕྱིར་བསྒྲགས་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ནོར་ཝེ་གཞུང་གིས་ཁོང་ཨ་རིར་རྩིས་སྤྲོད་བྱེད་ཆོག་གི་མ་རེད་ལ། ང་ཚོས་ཀྱང་སྤྲོད་དུ་འཇུག་གི་མིན།”ཞེས་བརྗོད་འདུག

ཨོ་སོ་ལོའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ (Kristian Berg Harpviken) གྱིས། “ངས་འདི་ལོར་སི་ནོལ་ཌིན་གྱིས་ནོར་ཝེ་ནང་གཟེངས་རྟགས་ལེན་པར་ཡོང་ཐུབ་ཀྱི་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ནོར་ཝེ་གཞུང་གིས་སོ་སོའི་མཐུན་གྲོགས་རྒྱལ་ཁབ་ཨ་རིས་རྒྱལ་ཚོང་བར་ངོས་འཛིན་བྱས་ནས་འཇུ་བཟུང་བཀའ་རྒྱ་བཀྲམ་པའི་མིར་ཆེ་མཐོང་ཞུས་ཏེ། རྒྱལ་ཁབ་ནང་ཡོང་བཅུག་ནས་གཟེངས་རྟགས་ལེན་རྒྱུའི་གོ་སྐབས་སྤྲོད་ཀྱི་མ་རེད་བསམ་གྱི་འདུག”ཅེས་བརྗོད་འདུག

ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་དབང་ཚད་ལ་བཅད་མཚམས་འཇོག་རྒྱུའི་གྲོས་ཆོད་ཅིག་བཞག་པ་དང་བསྟུན་ཏེ། ནོར་ཝེ་རྩོམ་རིག་དང་སྨྲ་བརྗོད་རང་དབང་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་གིས་སི་ནོལ་ཌིན་ལ་གཟེངས་རྟགས་འདི་འབུལ་རྒྱུ་ཕྱི་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese