མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨ་རིའི་གསང་བ་བརྐུས་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་དྲ་ཐོག་གསང་ཉུལ་བས་ཨ་རིའི་སྲི་ཞུ་ལས་བྱེད་ས་ཡ་བཞི་ཙམ་གྱི་གསང་བ་རྐུ་འཁྱེར་བྱས་ཡོད་ཚུལ་ཕྱི་བསྒྲགས་བྱས་འདུག

ཟླ་འདིའི་ཚེས་ ༤ ཉིན་ཨ་རིའི་ལས་བྱེད་བདག་སྐྱོང་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་དྲ་ཐོག་གསང་ཉུལ་བ་ཚོས། ལས་ཁུངས་ཀྱི་གློག་ཀླད་མ་ལག་འཕྲུལ་ཆས་ནང་ལྐོག་འཛུལ་བྱས་ཏེ། ༡༩༨༥ ལོ་ནས་ད་བར་གྱི་སྲི་ཞུ་ལས་བྱེད་ས་ཡ་ ༤ ལྷག་གི་གསང་གནས་ཡིག་ཆ་དང་ཉེན་སྲུང་ལག་ཁྱེར་གྱི་རྒྱབ་ལྗོངས་གནས་ཚུལ། ངོ་སྤྲོད་ལག་ཁྱེར་གྱི་ཨང་གྲངས་དང་། སྐྱེས་ཚེས་དང་ཁ་བྱང་། དངུལ་ཁང་གི་གནས་ཚུལ་སོགས་སྒེར་གྱི་ཡིག་ཚགས་མང་པོ་ཞིག་རྐུ་འཁྱེར་བྱས་ཡོད་ཚུལ་ཕྱི་ བསྒྲགས་བྱས་ཡོད་པ་དང་། དེ་ལ་རྒྱ་ནག་གཞུང་གི་མགྲིན་ཚབ་པའི་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་འདུག

ཨ་རིའི་འབྲེལ་ཡོད་ལས་བྱེད་ཅིག་གིས་རོའུ་ཊར་གསར་ལམ་ཐོག “ང་ཚོའི་ལས་བྱེད་ཀྱི་གསང་བ་རྐུ་འཁྱེར་བྱེད་མཁན་ནི་ཕྱིའི་རྒྱལ་ཁབ་ཡིན་པ་མ་ཟད། རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།”ཅེས་དང་། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས། “ད་ལྟ་ཨ་རིའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གནས་ཚུལ་དེ་ག་དུས་དང་གང་འདྲ་བྱས་ནས་བྱུང་མིན་རྟོག་ཞིབ་བྱེད་བཞིན་ཡོད་སྟབས། ཉིན་ཤས་རྗེས་ཨ་རིའི་གསང་བ་རྐུ་འཁྱེར་སུས་བྱས་ཡོད་མེད་ཤེས་ཀྱི་རེད།”ཅེས་བརྗོད་ཡོད་སྟབས། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེས། ཨ་རིས་ང་ཚོར་དོགས་པ་དང་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱེད་རྒྱུ་མཚམས་འཇོག་བྱས་ཏེ། དེ་ལས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གང་མང་བྱེད་ཐུབ་པ་བྱ་དགོས། འཛམ་གླིང་ནང་དྲ་ཐོག་ལྐོག་འཛུལ་བ་ཚོས་དངོས་མིང་མ་བཀོད་པར་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་སྟབས། ཨ་རིས་ཚན་རིག་དང་མཐུན་པའི་བརྟག་དཔྱད་མ་བྱས་པར་ང་ཚོས་ཁྱེད་ཚོའི་དྲ་རྒྱར་ལྐོག་འཛུལ་བྱས་པ་རེད་བརྗོད་ན་ཡག་པོ་མ་རེད། ཉེ་ལམ་ང་ཚོའི་དྲ་ཚིགས་ཁག་ལའང་ལྐོག་འཛུལ་བྱེད་མཁན་འདུག དེར་ང་ཚོས་ཞིབ་འཇུག་མ་བྱས་པར་ཨ་རིས་བྱས་པ་རེད་ཟེར་ན་འགྲིག་གི་རེད་དམ་ཞེས་ བརྗོད་འདུག

ཁ་ཉིན་ནེའུ་ཡོག་དུས་བབ་དང་ཝ་ཤིན་ཌོན་ཆ་འཕྲིན་སྟེང་མིང་སྨྲོས་མེད་པའི་ཨ་རིའི་འབྲེལ་ཡོད་ལས་བྱེད་ཅིག་གིས་ཨ་རིའི་གཞུང་གི་དྲ་ཐོག་ལ་ལྐོག་འཛུལ་བྱེད་མཁན་ནི་རྒྱ་ནག་གཞུང་གི་དྲ་ཐོག་གསང་ཉུལ་བ་ཚོ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། ཡང་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སུ་སན་ཁཱོ་ལེན་ (Susan Collins) གྱིས་བྷི་བྷི་སི་གསར་ལམ་ཐོག ཨ་རིའི་གཞུང་ཞབས་པའི་དྲ་ཐོག་ནང་ལྐོག་འཛུལ་བྱས་ཏེ། མི་སྒེར་གྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་མཁན་དག་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་མ་ཟད། ཁོ་ཚོ་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་བསྡད་དེ་རྒྱལ་ཁབ་གཞན་གྱི་དྲ་ཐོག་ནང་ལྐོག་འཛུལ་བྱས་ནས་གསང་བ་རྐུ་བཞིན་ཡོད་སྐོར་བརྗོད་ཡོད་སྟབས། རྒྱ་ནག་གི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཀྲུའུ་ (Zhu Haiquan) ཡིས་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་ཕྱོགས་བསྡོམས་བརྒྱབ་ཚེ་ཕན་ལས་གནོད་ཆེ་བ་བསྐྱལ་རྒྱུ་ཡིན་སྟབས། ཨ་རིས་སྐྱོན་འཛུགས་མ་བྱས་སྔོན་ལ་བསམ་བློ་གཏོང་དགོས་ཞེས་བརྗོད་འདུག

༢༠༠༦ ནས་ ༢༠༡༤ ལོ་བར་རྒྱ་ནག་གྲོང་ཁྱེར་ཁྲིན་ཏུར་རྟེན་གཞི་བྱས་པའི་རྒྱ་ནག་བཅིངས་གྲོལ་དམག་མིའི་རུ་ཁག་ཨང་རྟགས་ ༦༡༣༩༨ ཀྱི་རུ་མི་ལྔས་ཨ་རིའི་དྲ་ཚིགས་ནང་ལྐོག་ཉན་ལྐོག་འཛུལ་བྱས་ཏེ། ཨ་རིའི་ཧྥན་སེལ་ཝེ་ནེ་ཡ་མངའ་སྡེའི་(Westinghouse Electric)རྡུལ་ཕྲན་གློག་ཆས་བཟོ་སྐྲུན་ཁང་དང་། ཧ་ཡང་བཟོ་གྲྭ(Alcoa Inc)། དྭངས་ལྕགས་བཟོ་གྲྭ འཕྲུལ་རིག་ཚན་རྩལ་འཕེལ་རྒྱས་ཁེ་ལས་ (Allegheny Technologies)། ཉི་འོད་འཕྲུལ་རིགས་བཟོ་སྐྲུན་ཁང་ (SolarWorld)། དྭངས་ལྕགས་ལས་བཟོ་ཚོགས་པ་བཅས་ཀྱི་བཟོ་རིག་ལག་རྩལ་དང་ཁེ་ལས་ཀྱི་ཚོང་དོན་གསང་བ་མང་པོ་ཞིག་རྐུ་འཁྱེར་བྱས་ཡོད་པ་དང་། ༢༠༠༨ ལོའི་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་རྒྱ་གར་གྱི་གཞུང་སྒེར་གཉིས་ཀྱི་དྲ་ཚིགས་ནང་དྲ་འབུ་བྷོ་ཌི་(BOTS) དང་དྲ་སྤྱོད་ཐོ་འགོད་བྱེད་སའི་སྒྲ་སྡུད་འཕྲུལ་ཆས་ (key loggers)།  དྲ་འབྲེལ་གྱི་ཕྱོགས་སྟོན་མ་ལག་ (mapping of networks) སྟངས་འཛིན་བྱེད་ས་བཅས་ཀྱི་དྲ་ཐོག་མ་ལག་ཁག་བཀོལ་སྤྱོད་བཏང་སྟེ། རྒྱ་གར་གྱི་གསང་བ་བརྐུས་ཡོད་པ་ཕྱི་བསྒྲགས་བྱས་ཡོད།

༢༠༡༤ ལོའི་ཟླ་ ༤ ཚེས་ ༧ ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་དྲ་ཐོག་གསང་ཉུལ་བས་ཨ་རིའི་དམག་དོན་དྲ་ཚིགས་ ཁག་ལ་ལྐོག་འཛུལ་བྱེད་ཀྱི་ཡོད་པ་གསལ་བསྒྲགས་དང་འབྲེལ། ཨོ་བྷ་མས་མ་འོངས་པར་རྒྱལ་ཁབ་དང་མི་སྒེར་སུས་ཨ་རིའི་གསང་བ་རྐུ་འཁྱེར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱི་སྲིད། དཔལ་འབྱོར་འཕེལ་རྒྱས་བཅས་ལ་གནོད་གཞིའི་བྱ་འགུལ་སྤེལ་ན་སྲིད་དོན་ཀྱི་ཆད་པ་གཅོད་རྒྱུ་ཞེས་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་དངོས་ཤུགས་གཉིས་ཐོག་ནས་ཨ་རིའི་དྲ་རྒྱར་ལྐོག་འཛུལ་བྱས་ཏེ། ཚོང་དོན་དང་དམག་དོན་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་སྟབས། ༢༠༡༤ ལོའི་ཟླ་ ༡༡ ཚེས་ ༢༡ ཉིན་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་འགན་འཛིན་མེག་རོ་ཅར་ (Mike Rogers) གྱིས་ཨ་རིས་རྒྱ་ནག་གཞུང་གི་དྲ་ཐོག་ལྐོག་འཛུལ་བ་ཚོར་ཁ་གཏད་མ་གཅག་ཚེ། མི་རིང་བར་ཨ་རིའི་མཁའ་འགྲུལ་ཚན་པ་དང་ས་ཁང་ཁེ་ལས་མང་པོ་སྒོ་རྒྱག་དགོས་འཁེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།

འདས་ལོའི་ཟླ་ ༡༡ ནང་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་ལས་བྱེད་ཞིག་གིས་རྒྱ་ནག་གཞུང་གི་དྲ་ཐོག་གསང་ཉུལ་བ་ཚོས་ཨ་རིའི་ལས་བྱེད་ ༢༥༠༠༠ ལྷག་དང་། འདི་ལོའི་ལོ་མགོར་དྲ་ཐོག་གསང་ཉུལ་བས་ཨ་རིའི་འཕྲོད་བསྟེན་ཉེན་སྲུང་ཁེ་ལས་ (Anthem Inc.) དང་ (Premera Blue Cross) གཉིས་ཀྱི་དྲ་ཚིགས་ནང་སིམ་འཛུལ་བྱས་ཏེ། མི་ས་ཡ་ ༨ ཙམ་གྱི་གནས་ཚུལ་ལ་ལྐོག་ལྟ་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༣ ཉིན་དྲ་ཐོག་གསང་ཉུལ་བས་ཨ་རིའི་ཡུལ་མི་དཔྱ་ཁྲལ་རྒྱག་མཁན་ ༡༠༠༠༠༠ ལྷག་གི་གསང་བ་སྔོག་འདོན་དང་། ཚེས་ ༤ ཉིན་སྲི་ཞུ་ལས་བྱེད་བ་ས་ཡ་ ༤ ལྷག་གི་དྲ་ཚིགས་ལ་ལྐོག་འཛུལ་བྱས་ཚུལ་བརྗོད་ཡོད་སྟབས། ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དེ་ནི་རྒྱ་ནག་གཞུང་གིས་བྱས་པ་ཡིན་སྐོར་སྐྱོན་འཛུགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་གང་ཡང་བྱས་མེད།

ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇོ་ཤེ་ཨར་ནེ་སི་ཌི་ (Josh Earnest) ཡིས། ད་ལྟ་གསང་བའི་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དྲ་ཚིགས་ལ་ལྐོག་འཛུལ་བྱེད་མཁན་སུ་ཡིན་མིན་རྩད་ཞིབ་བྱེད་བཞིན་ཡོད་སྟབས། ང་ཚོས་ཤེས་རྟོགས་ཐུབ་རྗེས་གསལ་བསྒྲགས་བྱ་རྒྱུ་ཡིན། ད་ཐེངས་ངས་གྲོས་ཚོགས་འཐུས་མི་ཚོས་ནག་ཁུང་ནས་འདོན་ཏེ། ལྐོག་འཛུལ་བ་ཚོས་ཨ་རིའི་དྲ་ཚིགས་ལ་སིམ་འཛུལ་བྱེད་མི་ཐུབ་པའི་འགོག་སྲུང་མ་ལག་གསར་བཟོའི་གྲོས་ཆོད་ཅིག་འཇོག་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་ཅེས་དང་། ཨ་རིའི་དྲ་ཐོག་བདེ་འཇགས་ཁེ་ལས་ (Xceedium) ཀྱི་འགན་འཛིན་ཀིན་ཨ་མོན་ (Ken Ammon) གྱིས། ང་ཚོའི་དྲ་ཐོག་ལ་ལྐོག་འཛུལ་བྱས་པ་དེ་ནི་རྒྱལ་ཁབ་ལ་ཁ་གཏད་བཅག་པ་ཞིག་ཡིན་ སྟབས། གཞུང་གིས་བརྟག་དཔྱད་བྱས་ནས་འཁོན་ལན་སློག་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༩ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese