མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་རང་ཉིད་ཀྱི་ཨང་སིན་སུའུ་ཀེ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་གནང་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་མི་འདུག

འབར་མ་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས། རྒྱ་ནག་ནང་གཟིགས་སྐོར་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཐུབ་པའི་རེ་བ་བརྒྱབ་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་། ཁོང་མོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་དགོས་པའི་ཐད་གླེང་མོལ་གནང་ཡོད་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པའོ་ཡི་སྐོར་ལ་གླེང་སློང་བྱས་པའི་གནས་ཚུལ་ཐོན་མེད་སྟབས། རྒྱ་ནག་གི་གནད་དོན་དཔྱད་ཞིབ་པ་ཚོས། ཁོང་མོ་དམངས་གཙོའི་འཐབ་མོ་བ་ཞིག་ཡིན་ནའང་། འབར་མའི་ཁེ་ཕན་གྱི་ཆེད་དུ་རྒྱ་ནག་ལ་ཡོང་བ་ལས་རྒྱ་ནག་གི་ཁེ་ཕན་ཆེད་དུ་ཡོང་བ་མིན་པས། འགྲོ་བ་མིའི་ཐོབ་ཐང་གླེང་སློང་མ་བྱས་པ་དེ་བསམ་ཡུལ་ལས་འདས་པ་གང་ཡང་མིན་སྐོར་བརྗོད་འདུག

རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐུག་འཕྲད་སྐབས་ཞི་ཅིན་ཕིན་གྱིས་རྒྱ་ནག་གུང་ཁྲན་ཏང་དང་འབར་མའི་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པ་གཉིས་བར་འབྲེལ་འདྲིས་བྱུང་བ་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་བར་མགྱོགས་མྱུར་གྱི་འཕེལ་རྒྱས་དང་འབྲེལ་འདྲིས་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། ཐེངས་འདིའི་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱི་གཟིགས་སྐོར་བརྒྱུད་སྔར་ལས་རྒྱ་ནག་གུང་ཁྲན་ཏང་ལ་རྒྱུས་ལོན་དང་། ཏང་ཁག་གཉིས་ཀྱི་འབྲེལ་བར་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོང་བའི་རེ་བ་ཡོད་ལ། ལྕམ་ཨང་སིན་སུའུ་ཀེ་དང་ཁོང་མོའི་ཚོགས་པ་ཡིས་འབར་མའི་མི་མང་ལ་སྣེ་འཁྲིད་པར་ཧུར་བརྩོན་དང་། དྲང་བདེན་གྱི་ཐོག་ནས་རྒྱ་ནག་དང་ཏང་ཁག་གཉིས་ཀྱི་མཉམ་འབྲེལ་ལ་གདོང་གཏད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་ཐབས་སྐོར་བརྗོད་འདུག

ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས་ཀྱང་འབར་མ་དང་རྒྱ་ནག་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཁྱིམ་མཚེས་ནི་གདམ་ག་བྱེད་ཆོག་པ་ཞིག་མིན་པས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་ནས་གལ་གནད་ཅན་དུ་འགྱུར་བར་ནུས་པ་འདོན་དགོས་ལ། འབར་མ་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པས་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་སྐོར་དང་། གུང་ཁྲན་ཏང་གིས་སྣེ་འཁྲིད་པའི་རྒྱ་ནག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་བརྩི་བཀུར་དང་ཡིད་སྨོན་བྱེད་ཀྱི་ཡོད་ལ། གཟིགས་སྐོར་འདི་བརྒྱུད་ཏང་ཁག་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་སོང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་མང་གི་མཛའ་བརྩེའི་འབྲེལ་བ་གོང་འཕེལ་དུ་གཏོང་ཐུབ་པའི་རེ་བ་ཡོད་ལུགས་བརྗོད་འདུག

མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་སྐབས་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པའོ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་བཅས་གླེང་སློང་བྱས་མེད་པའི་ཐད་བསམ་འཆར་འདོན་མཁན་མང་པོ་ཡོད་པ་དང་། རྒྱ་ནག་ནན་ཅིན་གྱི་རང་དབང་རྩོམ་པ་པོ་ཅང་ཁྲིན་ལགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་གིས་ཁོང་མོ་མགྲོན་འབོད་བྱས་པ་ཡིན་ལ། སྔ་ས་ནས་ཁོང་ཚོས་ག་རེ་གླེང་ཆོག་དང་མི་ཆོག་གི་སྒྲིག་གཞི་གཏན་འབེབས་བྱས་ཚར་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁ་ཤས་ཀྱིས་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས་ལུའུ་ཞོ་པའོ་དང་ཐ་ན་ཏཱ་ལའི་བླ་མ་མཆོག་གི་སྐོར་གླེང་སློང་ཐུབ་པའི་རེ་བ་བྱས་ཡོད་ཀྱང་དེ་ནི་ཡོང་ཐབས་མེད་པ་ཞིག་རེད། ཅེས་བརྗོད་འདུག

ཡང་རྒྱ་ནག་ནང་གི་ལས་འགུལ་བ་ཝུའུ་པེན་ཟེར་བས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་མཚམས་མེད་ཀྱང་། ཆབ་སྲིད་པར་རྒྱལ་ཁོངས་ཡོད་པ་རེད། ལྕམ་ཨང་སིན་སུའུ་ཀེ་ལགས་ཁོང་མོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་རྒྱ་ནག་ལ་ཡོང་བ་ལས་རྒྱ་ནག་གི་ཁེ་ཕན་ཆེད་དུ་ཡོང་བ་མིན་ལ། ཁོང་མོ་གཞུང་གི་ཁ་གཏད་པ་ཞིག་དང་དམངས་གཙོའི་འཐབ་མོ་བ་ཞིག་ཡིན་ནའང་། ད་ལྟ་ཁོང་མོ་ཆབ་སྲིད་ཀྱི་མགྲོན་པོ་ཞིག་སྟེ་འབར་མའི་སྲིད་འཛིན་གྱི་འོས་མི་ཞིག་ཡིན་པས། རྒྱ་ནག་མི་མང་གིས་ཁོང་མོའི་གཟིགས་སྐོར་ལ་རེ་སྒུག་དང་སྟོང་བསམ་མང་དྲགས་པ་རེད། ཁོང་མོས་གཟིགས་སྐོར་སྐབས་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་དང་འཕེལ་རྒྱས་ལ་བསྟོད་བསྔགས་བྱས་པ་ལས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཚིག་གཅིག་གླེང་མེད་པ་རེད། དེ་ནི་ཁོང་མོའི་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ཆེད་རེད། ང་ཚོས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་འདོད་ན་རྒྱ་ནག་མི་མང་རང་ཉིད་ལ་བརྟེན་དགོས། ང་ཚོར་ང་རང་ཚོའི་ཨང་སིན་སུའུ་ཀེ་དགོས་པ་རེད། ལྕམ་ལུའུ་ཕིན་ལགས་དམངས་གཙོའི་འཐབ་མོ་བ་ཞིག་ཡིན་ཡང་ཁོང་མོ་ད་ལྟ་བཙོན་ཁང་དུ་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 1

  1. མི་རྒོད། says:
    ལོ་ 11 སྔོན།

    ཧ་ཧ་བོད་རེ་བས་ཕུང་ཞེས་པ་ལྟར་རེད། བོད་པ་བེད་སྤྱད་ནས་ཁེ་ཕན་ཞིག་རག་ཐབས་ཡོད་ཚེ་འཛམ་གླིང་སུས་ཡང་གླེང་ལབ་བྱེད་ཁུལ་བྱེད་པ་རེད། གལ་ཏེ་ཁེ་ཕན་རག་ཟིན་རྗེས་སུས་ཀྱང་ཡ་བྱེད་ཀི་མ་རེད། ཕོ་ཁྱོ་བ་རང་གི་དོན་དགོས་པ་རད། མ་ཤེས་དོགས་པ་ཡོད་ན་མཁས་དབང་ཟླ་བ་ནོར་བུས་གསུངས་ལ་ཉོན་གཞན་་་་་་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese