མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་གྱི་གནད་དོན་ཟེར་བ་ཞིག་གཏན་ནས་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཊོར་ཀེ་མི་མང་བརྒྱ་ཕྲག་མང་པོས་རྒྱ་གཞུང་གིས་ཡུ་གུར་བའི་ཆོས་དད་རང་དབང་ལ་བཙན་གནོན་བྱེད་བཞིན་པར་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་ཨེ་ཤ་ཡའི་ནུབ་ཁུལ་གྱི་རྒྱལ་ཁབ་ཊོར་ཀེ་(Turkey)ཡི་གྲོང་ཁྱེར་ཆེ་ཤོས་ཨེ་སི་ཐན་བྷལ་(Istanbul)དུ། མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་ཁྲོམ་སྐོར་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་མང་པོར་གཅར་རྡུང་བཏང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༦ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་གྱིས། ཤིན་ཅང་ཡུ་གུར་མི་རིགས་ཀྱི་གནད་དོན་ཟེར་བ་ཞིག་གཏན་ནས་མེད་སྐོར་བརྗོད་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོས་རྒྱ་གཞུང་གི་བྱ་སྤྱོད་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨེ་སི་ཐན་བྷལ་གྲོང་ཁྱེར་ནང་ཡོད་པའི་རྒྱ་ཟས་ཟ་ཁང་ཞིག་ལ་མི་མང་གིས་ངོ་རྒོལ་གཏོར་བཅོམ་བཏང་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་སླར་ཡང་ངོ་རྒོལ་བ་བརྒྱ་ཕྲག་མང་པོས་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ཚོར་གཅར་རྡུང་བཏང་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་ཡུལ་སྐོར་བ་རེ་འགའ་ཡང་རྒྱ་ནག་ནས་ཡོང་བར་ནོར་ཏེ་གཅར་རྡུང་ཕོག་ཡོད་སྟབས། ཊོར་ཀེ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ཚོས། ངོ་རྒོལ་ལས་འགུལ་ལ་པར་རྒྱག་པ་སོགས་མི་བྱེད་པར་རྒྱང་ཐག་འཛིན་དགོས་ལ། ཁེར་རྐྱང་གིས་བྱ་འགུལ་རིགས་ནང་ཞུགས་རྒྱུ་ཉུང་དུ་གཏོང་དགོས་ཚུལ་གྱི་ཉེན་བརྡ་བཏང་ཡོད་པ་དང་། ངོ་རྒོལ་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་ཡོད་སྟབས། ཊོར་ཀེ་ཉེན་རྟོག་ཕྱོགས་ནས་ཉིན་མཚན་མེད་པར་རྒྱ་ནག་གཞུང་ཚབ་ཀྱི་མཐའ་སྐོར་ཏེ་ཉེན་སྲུང་ནན་པོ་བྱེད་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཊོར་ཀེ་ནང་ཉིན་བསྟུད་མར་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཊོར་ཀེ་གཞུང་གིས་རྒྱ་ནག་མི་མང་དང་ལས་ཁུངས་ཁག་གི་བདེ་འཇགས་ཐད་སྲུང་སྐྱོབ་བྱེད་པའི་རེ་བ་ཡོད། ཅེས་དང་། ཡང་ཁོ་མོས་རྒྱ་ནག་ནང་གི་ཡུ་གུར་བ་ཚོས་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ཆོས་དད་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་པ་ལས། བརྒྱུད་ལམ་ཁག་ཏུ་ཐོན་པའི་ཤིན་ཅང་ཡུ་གུར་མི་རིགས་ཀྱི་གནད་དོན་ཟེར་བ་ཞིག་གཏན་ནས་མེད་ཅེས་ནན་བརྗོད་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་གོ་ལའི་དུས་བབ་ཀྱིས་ཀྱང་ངོ་རྒོལ་ལས་འགུལ་དེ་ནི་གཡས་ཕྱོགས་པའི་ཤུགས་རྐྱེན་ཞིག་དང་། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏི་ལི་ཞཱ་ཡིས། ཡུ་གུར་བ་ཚོས་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་གནས་སྟངས་འོག་འཚོ་བ་སྐྱེལ་བཞིན་ཡོད་པ་དེ་རྩོད་མེད་ཀྱི་དོན་དངོས་ཤིག་ཡིན་ལ། འདི་ལོར་འཛམ་གླིང་ཡུལ་གྲུ་གང་ས་ནས་རྒྱ་གཞུང་གིས་ཡུ་གུར་བ་ཚོར་དྲག་གནོན་ཚད་མེད་བྱེད་བཞིན་པར་ངོ་རྒོལ་བྱེད་བཞིན་ཡོད་པས། རྒྱ་གཞུང་གིས་ཕྱི་ནས་ནང་སྲིད་ལ་ཇུས་གཏོགས་བྱས་པའི་སྐྱོན་བརྗོད་མ་བྱས་གོང་རང་ཉིད་ཀྱི་སྲིད་བྱུས་ལ་བསམ་བློ་ངེས་པར་དུ་གཏོང་དགོས། ཚད་ལས་བརྒལ་བའི་དྲག་གནོན་གྱིས་ཡུ་གུར་བ་ཚོས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐབས་མེད་པའི་རྐྱེན་གྱིས། རྒྱལ་སྤྱིའི་ཐོག་ནས་ཡུ་གུར་བའི་གནད་དོན་ཐོག་དོ་སྣང་བསླེབས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་ཊོར་ཀོ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བསྟུད་མར་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ནང་། རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་མགོ་ཁྲིད་མིན་ཅན་ཀྲུའུ་ཡིས་སྲིད་འཛིན་ཞི་ཅིན་ཕིན་གྱི་ངོ་ཚབ་བྱས་ཏེ། ཊོར་ཀེ་ནང་གཞུང་འབྲེལ་ཕྱོགས་སྐྱོད་ཀྱིས་དར་གོས་དཔལ་འབྱོར་ཚོང་ལམ་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཊོར་ཀེ་དང་རྒྱ་ནག་བར་གྱི་མཉམ་ལས་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་སྐུལ་མ་བྱས་ཡོད་པ་དང་། ཊོར་ཀེ་གཞུང་གིས་ཀྱང་ཚོགས་པ་དང་མི་སྒེར་སུ་ལའང་རྒྱལ་ཁོངས་ནས་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་འགུལ་རིགས་གཅིག་ཀྱང་སྤེལ་དུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་མ་ཟད། མཉམ་གཅིག་ཏུ་ངོ་རྒོལ་ལས་འགུལ་རིགས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་བཅངས་ཡོད་སྐོར་བརྗོད་ཡོད་ཀྱང་། ཉེ་སྔོན་རྒྱ་ནག་ནང་ཡོད་པའི་ཡུ་གུར་བ་ ༡༧༣ ཐའེ་ལན་ཌི་བརྒྱུད་ཊོར་ཀེ་ནང་སྐྱབས་བཅོལ་དུ་བསླེབས་ཡོད་པ་དང་། ཊོར་ཀེ་གཞུང་གིས་ཀྱང་ཁོང་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲད་པར་བརྟེན། པེ་ཅིན་གཞུང་གིས་སྐྱོན་བརྗོད་བྱས་ཏེ་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་དང་། དེ་བཞིན་ཊོར་ཀེ་ཡི་གསར་འགྱུར་བརྒྱུད་ལམ་ཁག་གིས། ཁ་ཆེ་ཆོས་ལུགས་ཀྱི་དུས་ཆེན་ལ་རྒྱ་གཞུང་གིས་བཀག་སྡོམ་ནན་པོ་བྱས་པའི་གནས་ཚུལ་མང་པོ་སྤེལ་ཏེ། ཊོར་ཀེ་ནང་གི་ཁ་ཆེའི་རྗེས་འཇུག་པ་ཚོས་རྒྱ་གཞུང་ལ་འཁོན་སེམས་ཆེན་པོ་འཛིན་གྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༥ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༧ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 1

  1. མི་རྒོད། says:
    ལོ་ 11 སྔོན།

    འོ་དགའ་བསུ་ཞུ། འོ་དགའ་བསུ་ཞུ། འདི་ཡག་པོ་འདུག་ད་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese