མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅེན་ཕེན་གྱི་འདོད་འདུན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

དམར་ཤོག་ཚོགས་པའི་ཞེད་སྣང་གི་རྐྱེན་པས། རྒྱལ་སྲུང་རྩ་ཁྲིམས་གསར་བ་ཞིག་གཏན་འབེབས་བརྒྱུད་བསྒྲགས་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་དབང་བཟུང་ཉིན་ནས་སྲིད་འཛིན་ཞི་ཅེན་ཕེན་གྱིས་རྒྱལ་སྲུང་རྩོད་ལེན་གྱི་སྲིད་ཇུས་ལ་མནོ་བསམ་གཏོང་གི་ཡོད། ལོ་གཅིག་གི་རྗེས་སུ་དམིགས་འདུན་འདི་མངོན་འགྱུར་བྱ་ཆེད། ཁོས་རྒྱལ་སྲུང་ལྷན་ཁང་ཞིག་གསར་དུ་བཙུགས་ཏེ། ཁོ་རང་གིས་དེའི་གཙོ་འགན་ཁུར་ཡོད།

ཕྱི་ཟླ་ ༧ ཚེས་ ༡ ཉིན། རྒྱ་ནག་འཐུས་མིའི་ཚོགས་ཆེན་གྱི་ངོས་ནས་སྲིད་འཛིན་ཞི་ཅེན་ཕེན་གྱི་རྒྱལ་སྲུང་སྒྲིག་ཁྲིམས་གསར་བར་མོས་མཐུན་རྒྱབ་སྐྱོར་བྱས་པ་དེས། རྒྱ་ནག་གི་འབྱུང་འགྱུར་དྲ་ལམ་དང་མཁའ་སྐྱོད། རིག་གནས་དང་སློབ་གསོ་བཅས་ཀྱི་འཕོ་འགྱུར་ལས་འབྱུང་སྲིད་པའི་འཇིག་ཉེན་ཞིག་དང་ལྷན་དུ། ཞི་ཅེན་ཕེན་གྱི་སེམས་ཁུར་ཇེ་ཡང་དུ་བཏང་། ཡིན་ན་ཡང་ནམ་ཞར་སེམས་ཁམས་བདེ་ཐང་མིན་པའི་རྒྱ་ནག་གི་མཐོ་རིམ་སྤྱི་ཚོགས་ངོས་ནས་རྒྱལ་སྲུང་སྒྲིག་ཁྲིམས་གསར་བར་ངོས་ལེན་སྲིད་དམ་ཞེ་ན། དེ་སྲིད་པ་མ་རེད། འཚོ་གནས་ཀྱི་དཀའ་སྡུག་དང་དྲག་གནོན་གྱི་མྱ་ངན་འོག་གི་མི་ཚང་མ་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལངས་ཡོད།

རྒྱལ་སྲུང་སྒྲིག་ཁྲིམས་གསར་བ་དེ་དམར་ཤོག་ཚོགས་པའི་ཚོགས་གཏམ་ ༦༩༠༠ གྲུབ་ཅིང་། དེ་ལ་ཞིབ་ཕྲའི་གནས་ཚུལ་ཅི་ཡང་མེད་པའི་ཐར་ཐ་ན་ཉེས་ཆད་གཅོད་ཕྱོགས་ཐད་ནས་ཀྱང་གསལ་ཁ་ཡོད་པ་མ་རེད། ཡིན་ནའང་། ཁ་ཚ་དགོས་གཏུགས་ཀྱི་རྒྱལ་སྲུང་སྒྲིག་ཁྲིམས་ལག་བསྟར་དང་རྒྱལ་དམངས་ཀྱི་ཁེ་ཕན་འགན་སྲུང་སོགས་ཀྱི་ཁས་ལེན་དམ་བཅའ་མང་པོ་བཞག་པ་རེད། སྤྱིར་བཏང་རྒྱ་གར་དང་ཨ་རི་ཐེ་བའི་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལའང་རྒྱལ་སྲུང་གི་སྒྲིག་ཁྲིམས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༤ ཚེས་ ༡༥ རྗེས་ནས་བཟུང་། རྒྱ་ནག་རྒྱལ་ཡོངས་སྐད་ཡིག་སློབ་གསོ་འགན་སྲུང་ཉིན་མོར་གཙི་སྲུང་གཏན་ཁེལ་ཙམ་མ་གཏོགས། ངེས་གཏན་མེད་པའི་སྐད་ཡིག་སློབ་གསོའི་བྱ་འགུལ་སོགས་ཀྱི་སེམས་ཁྲལ་མང་པོ་ཞིག་གསང་རྒྱ་བྱས་ཡོད། འོན་ཀྱང་གཅིག་བྱས་ན། རྗེས་སུ་གཏན་འབེབས་སྒྲིག་ཁྲིམས་གཞིར་བཟུང་གིས་ལག་བསྟར་བྱ་སྲིད་ནའང་། དེའི་དུས་ཡུན་ལ་ནམ་ཡང་གསལ་བཤད་སྲིད་པ་མ་རེད། དེར་མ་ཟད། སྐུ་ཞབས་ཞི་ཅིན་ཕེན་ལ་མཚོན་ན། ལས་དོན་གང་ལའང་གསལ་ཁ་མེད་པ་ནི་བེད་སྤྱོད་ཆེས་ཆེ་བའི་གོ་མཚོན་ཞིག་ཡིན།

རྒྱལ་སྲུང་སྒྲིག་ཁྲིམས་དོན་ཚན་དང་པོའི་དམིགས་འབེན་ནི། “མི་མང་དམངས་གཙོའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་ཆབ་སྲིད་སྟོབས་ཤུགས་དང་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྲུང་སྐྱོབ” བྱེད་རྒྱུ་དེ་རེད། དམར་ཤོག་ཚོགས་པའི་ ‘སྲིད་དབང་སྒེར་འཛིན’དང་‘རྒྱལ་སྲིད་བདེ་འཇགས’གཉིས་ནི་ནམ་ཞར་དོན་གཅིག་མིང་གི་རྣམ་གྲངས་སུ་ངོས་འཛིན་ཞིང་། སྤྱིར་བཏང་སྐུ་ཞབས་ཞི་ཅེན་ཕེན་གྱི་རྒྱལ་སྲུང་བྱ་འགུལ་དེ་ནི་རྒྱ་ནག་ནང་ཁུལ་གྱི་འཇིག་ཉེན་ལ་དམིགས་པ་ཙམ་མ་ཟད། འཇིགས་སྐུལ་རིང་ལུགས་ལྟ་བུའི་རྒྱལ་ཡོངས་བདེ་འཇགས་ཀྱི་དཀའ་རྙོག་སེལ་ཐབས་ཤིག་ཏུ་ཆ་འཇོག་བྱེད་ཅིང་། ད་དུང་དེའི་ནང་དུ་བསམ་བློ་དཀྱེལ་ཡངས་དང་སྨྲ་བརྗོད་རང་དབང་རྩོད་ལེན་སོགས་ཚུད་ཡོད།

དམར་ཤོག་ཚོགས་པའི་དཔོན་རབས་ཟུར་བ་ཧུ་ཅིན་ཐོ་ལས་ཀྱང་། སྐུ་ཞབས་ཞི་ཅིན་ཕེན་གྱིས་བགྲང་གིས་མི་ལངས་པའི་འགལ་འདུ་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཉེན་ཚབས་འདི་དག་ལ་གདོང་མཆོང་བྱེད་པ་མ་ཟད། གསར་གནས་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱེད་པ་དང་། ནུབ་རྒྱུད་ཀྱི་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་འཇིགས་སྐུལ་བའི་སྟེང་ལ། ‘མི་མང་ཟིང་འཁྲུག’ཅིག་གི་མགོ་བརྩམས་པ་རེད། ཉེ་ལམ་ཕྱི་ཟླ་ ༤ ནང་གཏན་འབེབས་བརྒྱུད་བསྒྲགས་བྱས་པའི་རྒྱལ་སྲུང་རྩ་འཛིན་དང་མི་འདྲ་བའི་གལ་ཆེན་རང་བཞིན་གཞན་ཞིག་ནི། མཇུག་མཐའི་རྒྱལ་སྲུང་རྩ་འཛིན་དེའི་ནང་དུ། དམར་ཤོག་ཚོགས་པའི་སྒེར་གཅོད་དབང་ཆར་གུ་ཡངས་དང་གཟེངས་བསྟོད་ཐོབ་པ་དེ་རེད། རྩ་འཛིན་འདི་ (ཕྱི་ལོ་ ༡༩༩༣ གཏན་འབེབས་ལག་བསྟར་བྱས་པའི་རྩ་འཛིན་དེའི་ཚབ་ཡིན།) ཉེ་ལམ་འཆར་ཟིན་ ༥ བཏབ་པའི་གྲོས་ཀྱི་གཅིག་ཡིན་ཞིང་། རྩ་འཛིན་འདི་དང་། ཡང་ན་ཉེ་བའི་ཆར་བརྒྱུད་བསྒྲགས་ཟིན་པའི་རྩ་འཛིན་གང་ཡིན་རུང་། དེས་སྐུ་ཞབས་ཞི་ཅིན་ཕེན་གྱི་རྒྱལ་སྲུང་སྟོབས་ཤུགས་ལ་འཛད་དུ་མེད་པའི་བྱེད་ནུས་ཐོན་སྲིད་པ་རེད།

རྒྱལ་སྲུང་སྒྲིག་ཁྲིམས་འདིས་སྐུ་ཞབས་ཞི་ཅེན་ཕེན་གྱི་སྲིད་ཇུས་ལ་གུས་འདུད་ཞུ་བ་དང་དམ་དྲག་གི་སྒྲིག་ཁྲིམས་སྲ་བརྟན་དུ་གཏོང་གི་ཡོད། རྒྱལ་སྲུང་རྩ་འཛིན་དོན་ཚན་ ༡༥ ནང་། རྒྱ་ནག་གཞུང་གིས་ཞིབ་བཤེར་སྒྲིག་འཛུགས་སྲ་བརྟན་བཟོ་བ་དང་དབང་ཤེད་ལག་བསྟར་ལ་ལྟ་ཞིབ་བྱེད་པའི་དགོས་འདུན་བཏོན་ཡོད་རུང་། དེ་ཁ་ནས་གླེང་བ་ཙམ་མ་གཏོགས་དངོས་སུ་ལག་ལེན་དུ་གདབ་ཐུབ་པ་མ་རེད། ཕྱི་ཟླ་ ༡༠ ནང་བསྡུས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་འཁོར་ཚོགས་ཆེན་སྟེང་དུ། སྐུ་ཞབས་ཞི་ཅིན་ཕེན་གྱིས་སྒྲིག་ཁྲིམས་དམ་དྲག་གི་འཆར་ཟིན་ཞིག་བཏོན་པའི་ནང་། དམར་ཤོག་ཚོགས་པའི་དབང་ཤེད་ཞ་འཐེང་དུ་མ་བཏང་བའི་སྒོ་ནས་དམར་ཤོག་ཚོགས་པར་སྟངས་འཛིན་དགོས་པའི་བསམ་ཚུལ་བསྟན་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་གྲོས་ཚོགས་ཀྱི་ངོས་ནས། ལོ་སྔོན་མའི་རྩ་འཛིན་ཕྱི་བསྒྲགས་བྱས་ཏེ། དམར་ཤོག་ཚོགས་པའི་སྲིད་སྟེགས་སྟེང་བུད་པའི་དཔོན་རིགས་ཚོས་རྩ་ཁྲིམས་དེ་ལ་ལྷག་བསམ་རྣམ་དག་གིས་དམ་བཅའ་འཇོག་དགོས་པ་རེད། རྩ་འཛིན་དེའི་ནང་དུ་ད་དུང་། འདུ་འཛོམས་རང་དབང་དང་གསར་འགོད་རང་དབང་། གཏམ་བརྗོད་རང་དབང་སོགས་འགན་སྲུང་དགོས་ལུགས་བཀོད་པ་མ་ཟད། རྩ་འཛིན་དེའི་དོན་ཚན་དང་པོའི་ནང་དུ། དེང་གི་རྒྱ་ནག་ནི་ ‘མི་མང་དམངས་གཙོའི་སྲིད་དབང་སྒེར་འཛིན་ལམ་ལུགས’ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད། ཡིན་ན་ཡང་སྐུ་ཞབས་ཞི་ཅེན་ཕེན་གྱིས། དུས་ནམ་ཡང་བཟང་ཕྱོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བར་སྣང་།

འགན་འཁྲིའི་ཕུང་དཀྲུག

ཞི་ཅིན་ཕེན་གྱི་བློ་འཚབ་ལའང་བདེན་དོན་འགའ་ཞིག་ཡོད་ཅིང་། དམར་ཤོག་ཚོགས་པར་ཡང་རང་གི་ཁྲིམས་མཐུན་རང་བཞིན་གྱི་འདུ་ཤེས་མི་བརླག་པའི་འདོད་ཞེན་ཤིན་ཏུ་ཆེ་སྟེ། ཕྱི་ལོ་ ༡༩༥༠ ནས་ ༡༩༧༠ བར་སྨྱོ་འཚབ་ཆེ་བའི་མའོ་ཙི་ཏུང་རིང་ལུགས་ཀྱིས་དམར་ཤོག་ཚོགས་པར་གཏོར་བཤིག་ཚབས་ཆེན་བཏང་བ་མ་ཟད། རྒྱལ་ནང་གི་ཡང་དག་པའི་དཔལ་འབྱོར་ལམ་ལུགས་ལའང་ཉམ་ཉེས་ཆེན་པོ་ཐེབས་ཡོད་སྲིད་དེ། དཔལ་འབྱོར་ཐོན་སྐྱེད་ཀྱི་འགྲོས་དལ་ཞིང་ཉོ་འཚོང་གི་རིན་གོང་འཕར་བ་དང་དཔྱ་ཁྲལ་སྤར་བ་བཅས་ཀྱིས། རྒྱལ་དམངས་ཀྱི་འཚོ་གནས་དབུལ་བོར་ཕུད་པ་རེད། མི་སེར་དཀྱུས་མར་མཚོན་ན། ཁོ་ཚོས་རང་གི་དཀའ་སྡུག་གི་འཚོ་གནས་གནད་དོན་གསོང་པོར་བརྗོད་འདོད་ཡོད་པ་རེད། དེ་ཡང་དཔེར་ན། ཕྱི་ཟླ་ ༦ ཚེས་ ༢༢ ཉིན། ཡུལ་མི་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཧྲང་ཧེ་གྲོང་ཁུལ་དུ་གཞི་རྒྱ་ཆེ་བའི་རྫས་འགྱུར་བཟོ་གྲྭ་མང་པོ་འཛུགས་བསྐྲུན་ལས་འཆར་ལ་འགོག་རྒོལ་བྱས་པ་ལྟ་བུས་མཚོན་ཞིང་། སྐབས་དེར་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ནང་ཞུགས་པའི་མི་མང་འཛིན་བཟུང་བཀག་བསྐྱིལ་བྱེད་རག་བར་དུ། ངོ་རྒོལ་ལས་འགུལ་དེ་མཚམས་བཞག་ཡོད་པ་མ་རེད། ཉེ་ལམ་ནས་ཟམ་མ་ཆད་པར་རང་བྱུང་མཁའ་དབུགས་སྦགས་བཙོག་ཆགས་པའི་རྐྱེན་གྱིས། པེ་ཅིན་གྲོང་ཁྱེར་གྱི་ཉོ་འཚོང་ཁྲོམ་ར་མང་པོར་ཉེན་འཚབ་བཟོས་ཏེ། དངུལ་བུན་འབོར་ཆེན་བླངས་ནས་མ་དངུལ་འཛུགས་མཁན་མི་མང་ཡ་ས་མང་པོ་མ་དངུལ་བསྡུ་འབབ་ཀྱི་དཀའ་རྙོག་ནང་བྱིང་བ་རེད།

རྒྱལ་སྲུང་སྒྲིག་ཁྲིམས་གསར་བའི་འོག་ཏུ། མི་སེར་སྒེར་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་དགོས་ལུགས་ནན་བཤད་བྱེད་ཀྱི་ཡོད་པ་དང་། མི་སེར་བྱིངས་ཀྱིས་རྒྱལ་སྲུང་རྩ་འཛིན་དེ་ངེས་པར་ཀློག་དགོས་པ་ལས་དེ་ལ་དཀའ་རྙོག་བཟོས་ཆོག་པ་མ་རེད། ལྟ་ཚུལ་འདི་ནི་དེ་སྔོན་གྱི་རྩ་འཛིན་ཁག་ལས་ཀྱང་ཧ་ཅང་ཁ་གསལ་དོན་གསལ་ཞིག་ཡིན་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དམངས་འདྲ་མཉམ་གྱི་རྩ་ཁྲིམས་ནང་། མི་སེར་རྣམས་ལ་ཁོ་ཚོས་རྒྱལ་ཁབ་ཀྱི་གསང་རྒྱ་བརྟོལ་བ་ལྟ་བུའི་བསམ་སྦྱོར་སྤེལ་མི་ཆོག་ཚུལ་བསྙད་ཡོད་ཅིང་། རྒྱ་ནག་གི་རྩ་ཁྲིམས་ནང་དུ། མི་སེར་ཚོར་ཁོ་ཚོས་འཇིགས་སྐུལ་གྱི་བསམ་སྦྱོར་ལྟ་བུའི་སྙན་སེང་རིགས་མཁོ་སྤྲོད་དགོས་ལུགས་བཤད་ཡོད་པ་རེད། འདི་ནི་དུས་ཡུན་རིང་བོར་བཙན་ཤེད་སྒྲིག་ཁྲིམས་ཀྱིས་བསྡམས་ཚར་བའི་སྤྱི་ཚོགས་ཆབ་སྲིད་ལས་འགུལ་བ་ཚོ་དྲག་པོའི་དམག་དཔུང་གིས་མཐའ་ནས་བསྐོར་བའི་ཉེན་འཚབ་ཅིག་ལས་སྣོན་བྱས་པ་རེད། རྒྱ་ནག་ལྷོ་རྒྱུད་ཀུང་ཀྲུག་གྲོང་ཁྱེར་ནང་། རྒྱལ་ཁྲིམས་འགན་དུ་སྲུང་མཁན་ཚོས་ཉིང་ཆེན་ཧེ་ (Liang Qinhui) བྱ་བའི་མི་སྒེར་དྲ་ཚིགས་གཉེར་མཁན་ཞིག་ལ་འགོག་རྒོལ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཁོས་‘རྒྱལ་ཁབ་ཀྱི་སྟོབས་ཤུགས་མགོ་སྟེང་སློག་པའི་རྒྱུད་སྐུལ་གཏོང་གི་འདུག’ ཅེས་ཟེར། ཁོའི་ཉེས་སྤྱོད་ནི་སྤྱི་ཚོགས་བརྒྱུད་ལམ་ཁག་ (tweets) ཏུ་ཚོར་སྐྱེན་པའི་གསར་གནས་བརྒྱུད་སྤེལ་བྱས་པ་དེ་ཡིན་པ་དང་། རྒྱ་མི་ཚང་མས་ཁོ་ནི་རྒྱ་ནག་གི་གསོ་ཕག་ཞིག་ལས་ཨ་མི་རེ་ཁའི་རྒྱུག་ཁྱི་ཞིག་ཡིན་ཚུལ་བཤད། 

རྒྱལ་སྲུང་སྒྲིག་ཁྲིམས་གསར་བའི་ཉེན་བརྡ་འདི་དག་ནང་། ཕྱི་གླིང་གི་ཉོ་འཚོང་ལས་དོན་ཡང་ཚུད་ཡོད་སྟབས། ཕྱིའི་རྒྱལ་ཁབ་རེ་འགས། ཕྱི་ཟླ་ ༣ ཕྱིར་བསྒྲགས་ཤིང་དྲག་སྤྱོད་རིང་ལུགས་པར་ཕྱི་རྒོལ་སློག་པའི་སྒྲིག་འཛུགས་ལྟ་བུའི་རྒྱ་ནག་གི་རྒྱལ་སྲུང་སྒྲིག་ཁྲིམས་དང་འབྲེལ་བའི་སྒྲིག་འཛུགས་ཁག་ཅིག་གི་ཐད་ལ་སེམས་འཚབ་ཆེ་ཚུལ་བརྗོད་ཅིང་། སྒྲིག་ཁྲིམས་དེ་དག་ནང་། ཁེ་ལས་ཉོ་ཚོང་ཁང་ཁག་གི་གསང་བའི་ཡིག་ཆ་ཕྱི་བསྒྲགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  

རྒྱལ་སྲུང་སྒྲིག་ཁྲིམས་གསར་བས་རྒྱ་ནག་གི་དྲང་བདེན་དག་སྐྱེལ་བྱས་པ་དེས། ཉེན་ཚབས་ཆེ་བའི་སྒྲིག་བཀོད་དང་བརྡ་འཕྲིན་མ་ལག་བརྟན་བརླིང་དང་སྟངས་འཛིན་བྱེད་བདེར་བཏང་བ་དང་། ཉེ་ལམ་ནས་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་གློག་ཀླད་མ་ལག་ནང་ལྐོག་འཛུལ་གྱིས་ཕྱི་གླིང་གི་བཟོ་ལས་རིག་རྩལ་བཀོལ་སྤྱོད་བྱེད་པའི་སེམས་འཚབ་དེ་ཧ་ཅང་གལ་ཆེན་རང་བཞིན་ཞིག་ཏུ་ཆ་འཇོག་བྱེད་ཅིང་། ཕྱི་གླིང་གི་ཚོང་ལས་ཁང་ཐུན་མོང་ནས་བརྗོད་ཚུལ་དེས་འབྱུང་འགྱུར་གྱི་བཟོ་ལས་ཐོན་སྐྱེད་ཐད་ལ་ཕྱིའི་བཙན་འཛུལ་གྱི་འགོག་རྐྱེན་ཐེབས་སྲིད་པར་སེམས་ཁུར་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་གླིང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ (NGOs) ལ་ཆེད་དུ་གཏན་འབེབས་བརྒྱུད་བསྒྲགས་བྱས་པའི་སྒྲིག་ཁྲིམས་ཐད་ལའང་སེམས་འཚབ་སྐྱེད་ཀྱི་ཡོད་དེ། སྒྲིག་ཁྲིམས་དེས་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གིས་ངེས་པར་དུ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ནས་མིང་ཐོབ་ཐོ་འགོད་དགོས་པའི་རེ་འདུན་འདོན་སྲིད་པ་རེད།

གཅིག་བྱས་ན། ཧོང་ཀོང་རྒྱལ་ནང་དུ་རོགས་སྐྱོར་ཕྲན་བུ་འཐོབ་ངེས་རེད་དེ། རྒྱལ་སྲུང་རྩ་འཛིན་ནང་དུ་སྔོན་ཆད་ཨིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་བའི་ཧོང་ཀོང་གྲོང་ཁྱེར་གྱི་བདེ་འཇགས་འགན་སྲུང་དགོས་སྐོར་གསལ་བོར་བརྗོད་ཡོད་ནའང་། དཔོན་རིགས་ཚོས་འཕྲལ་དུ། ཧོང་ཀོང་གྲོང་ཁྱེར་ལ་ཨིན་ཇིའི་གཞུང་གི་ཁྲིམས་མཐུན་སྒྲིག་འཛུགས་ཡོད་སྟབས། རྒྱལ་སྲུང་རྩ་འཛིན་དེ་རང་རྒྱལ་གྱི་མངའ་ཁོངས་ཧོང་ཀོང་གྲོང་ཁྱེར་ནང་བརྒྱུད་སྒྲོག་བྱེད་རྒྱུ་མིན་ཚུལ་དང་། མངའ་ཁུལ་དེ་ལ་ཨིན་ཇིའི་མི་སེར་སྤེལ་བའི་རྩ་ཁྲིམས་ཡོད་ལུགས་བརྗོད་ཡོད། ཡིན་ནའང་ཧོང་ཀོང་སྲིད་གཞུང་གིས་ཕྱི་ལོ་ ༢༠༠༣ ལོར་རྩ་ཁྲིམས་དེ་འདྲ་ཞིག་བརྒྱུད་སྒྲོག་སྟ་གོན་བྱས་པ་དང་། མི་མང་གིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། མཐའ་མཇུག་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཏུང་ཅེན་ཧྭ་ (Tung Chee-hwa) སྲིད་སྟེགས་ལས་ཕབ་པ་རེད། དེར་བརྟེན། ཧོང་ཀོང་གི་དཔོན་རིགས་ཚོས་མགྱོག་མྱུར་ངང་རྩ་ཁྲིམས་བསྐྱར་བསྒྲགས་བྱེད་རྩིས་མེད་པ་འདྲ་དེ། ཕྱི་ཟླ་ ༧ ཚེས་ ༡ ཉིན། རླབས་ཆེ་བའི་དམངས་གཙོའི་ལམ་ལུགས་ཀྱི་རྒྱབ་སྐྱོར་འོག་ཏུ། འཆར་ཅན་མ་ཡིན་པའི་ཧོང་ཀོང་གྲོང་ཁྱེར་གྱི་ཞི་བའི་སྒེར་ལངས་དུས་དྲན་སྟབས་བདེ་ཞིག་སྲུང་བརྩི་བྱས་ཏེ། རྒྱ་ནག་གི་ཞི་འགྲིག་རྩོད་གླེང་གི་རྔུལ་རླངས་རེ་ཞིག་འཇགས་པར་བྱས།

རྒྱ་ནག་གི་ཡུལ་གྲུ་གང་སར་མཆེད་པའི་སྐུ་ཞབས་ཞི་ཅེན་ཕེན་གྱི་རྒྱལ་སྲུང་སྒྲིག་ཁྲིམས་གསར་བའི་གྲང་ངུར་དེ་མགྱོག་པོར་རྩ་གཏོར་གཏོང་ཐབས་མེད་པ་འདྲ། རྒྱལ་སྲུང་རྩ་འཛིན་མཐའ་མ་དེ་བརྒྱུད་བསྒྲགས་བྱས་རྗེས། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་གསར་འགོད་པར། ད་རེབ་ཀྱི་རྒྱལ་སྲུང་རྩ་ཁྲིམས་ཀྱི་དཀའ་རྙོག་འདི་འདྲ། རྒྱ་ནག་གི་བྱུང་རབས་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་ཡོད་པ་མ་རེད། ཅེས་ཟེར་ལ། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། གྲོས་ཚོགས་ཀྱི་འཐུས་མི་ ༡༥༥ ཁྲོད་ནས། ཁ་ཅིག་གིས་རྒྱལ་སྲུང་རྩ་ཁྲིམས་ལ་མཐུན་འགྱུར་གྱི་འོས་ཤོག་བླུགས་པ་དང་། མོས་མཐུན་མེད་མཁན་ཚོས་ལས་དགོངས་ཞུས་ཡོད་སྐོར་བརྗོད་ཅིང་། མ་མཐར་ཡང་སྐུ་ཞབས་ཞི་ཅེན་ཕེན་གྱིས་རྒྱལ་ དམངས་འཐུས་མི་ལྷན་ཚོགས་ཀྱི་ལྷག་སེམས་ལ་སེམས་ཁྲལ་བྱེད་དགོས་ཡོད་པ་མ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese