མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་དུས་རྔ་རིང་མ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༩ སྟེང་གི་རྩོམ་སྒྲིག་པའི་གཏམ།
ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་རྙོག་གླེང་དེའི་མཇུག་མ་ནག་པོ་ད་དུང་བསྐུམ་ཐུབ་མི་འདུག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་མེད་པ་བཟོ་རྒྱུའི་ཚབ་ཏུ་རྙོག་མ་གཏིང་སློང་བྱས་ཏེ། མི་ཁ་ཤས་མངོན་དུ་ཐོན་ཏེ་ཁ་མཆུ་རྒྱག་པ་དང་། ཁ་ཤས་ལྐོག་ཏུ་ཡིབ་ནས་སྐུལ་སློང་བྱེད་པ། ཁག་ཅིག་ཕར་འཁོར་ནས་ཕར་ལ་འགྲིག་འགྲིག་ཅིག་དང་། ཚུར་འཁོར་ནས་ཚུར་ལ་བདེན་བདེན་ཞིག་བཤད་དེ། རྙོག་གླེང་འདི་བསམ་བཞིན་དུ་གཏིང་ཇེ་ཟབ་ནས་རྒྱ་ཇེ་ཆེར་བཏང་དང་གཏོང་གི་འདུག
    གཞོན་ནུའི་དབུས་རྒྱུན་ལས་ཁང་གིས། ནེའུ་ཡོག་ས་གནས་རྒྱུན་ལས་ཚོའི་ལས་ཀར་ནོར་འཁྲུལ་ཤོར་བའི་ཉེས་མིང་འོག ས་གཞོན་ཚོགས་གཙོར་ལས་མཚམས་འཇོག་དགོས་པའི་བཀའ་བཅད་བཏང་སོང་། ན་ནིང་ད་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐལ་ཆ་ཅན་གྱི་ལས་ཀ་གཅིག་རྗེས་གཉིས་མཐུད་དུ་བྱས་སོང་། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ལྷོ་ཕྱོགས་ས་གནས་བརྒྱད་ཀྱི་རྒྱུན་ལས་རྣམས་ཕྱིར་འཕུད་བཏང་བ་དང་། ད་རེས་སླར་ཡང་བོད་མིའི་སྒྲིག་འཛུགས་ལ་གཞོགས་འདེགས་བྱེད་མཁན་ནེའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་ཕྱིར་འཕུད་བཏང་སོང་།
    ཁ་ནས་བོད་སྤྱི་དོན་དང་༧གོང་ས་མཆོག་གི་བཀའ་དགོངས་ལབ་བཞིན་དུ། ལག་ལེན་དངོས་ཐོག་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འཛིན་མཁན་དག་ལ་ཉེས་ཆད་གཏོང་སྟངས་འདི། གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་དང་འགལ་ཡོད་ལ། བོད་རྒྱ་ཆེའི་མང་ཚོགས་ཀྱིས་གཞོན་ནུར་བཟུང་བའི་རེ་བའང་འདི་ལྟ་མིན། གཞོན་ནུ་ལྷན་ཚོགས་ཀྱི་གཡོན་ལྷུང་གི་བྱ་སྤྱོད་འདི་དག སྐབས་བཅོ་ལྔ་པའི་གཞོན་ནུ་ལྷན་ཚོགས་ཁོ་ནའི་བྱས་ཉེས་ཤིག་མིན་པ་མ་ཟད། ལས་ཐོག་དབུས་རྒྱུན་རེ་ཟུང་གི་ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་གི་ཚབ་མཚོན་ཞིག་དེ་བས་ཀྱང་མ་རེད།
    ད་རེབ་ཀྱི་རྙོག་གླེང་འདི་དང་འབྲེལ་ཏེ། བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཟེར་བ་འདི་དག་ལའང་བསམ་གཞིག་ཅིག་བྱེད་དགོས་བྱུང་སོང་། ཐོག་མ་མི་ལ་ཞེན་ཅན་སྐོར་ཞིག་གིས་རླབས་ཆེ་བའི་ལས་དོན་ཞིག་ལ་དམིགས་ཚད་བཟུང་སྟེ་ཚོགས་སྡེ་འདི་དག་གསར་འཛུགས་གནང་ཡང་། ད་ཆར་ཚོགས་སྡེ་འདི་དག་གིས་ཡང་སྙིང་ཅི་ཞིག་སྒྲུབ་བཞིན་ཡོད་པ་དང་། མ་འོངས་པར་གང་ཞིག་བསྒྲུབ་འདོད་ཡོད་པ་རེད། ད་ལྟ་སྒྲུབ་བཞིན་པའི་ལས་ཀ་འདི་དག་གིས་བོད་སྤྱི་དོན་ལ་ཕན་གྱི་འདུག་གམ་གནོད་ཀྱི་འདུག གནད་དོན་འདི་དག་ཐོག་མི་སུ་ཞིག་ཡིན་ཡང་ཞིབ་ཏུ་བསམ་བློ་བཏང་ན་ཀླད་དཀྱིལ་ནང་དྲི་རྟགས་རྐྱང་རྐྱང་ལས་ཅི་ཡང་འཆར་མི་སྲིད།
    ད་ལྟ་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ལ་རྒྱ་དང་བོད་ཕྱི་ལ་འཆང་བའི་ཡིད་ཆེས་རེ་བ་ཚད་མཐོ་བའི་རྩེ་མོར་སོན་ཡོད། བོད་ཕྱི་ལོགས་ཀྱི་ཚོགས་པ་སྒྲིག་འཛུགས་དག་གིས་འདི་ལྟར་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་སྤེལ་ན། མིའི་དགའ་སྐྱོ་ཆགས་སྡང་ནི་ཚད་ཅན་ཞིག་དང་། ཡིད་ཆེས་རེ་བ་ནི་ལྟོས་བཅས་ཤིག་ཡིན་སྟབས། བོད་ནང་གི་བོད་མི་ཚོས་བོད་པའི་རྩ་དོན་འཐབ་རྩོད་ཐོག་འཛིན་པའི་ཆོད་སེམས་ལ་གཡོ་བ་མེད་ཀྱང་། ནམ་ཞིག་བོད་ཕྱི་ལ་བཟུང་བའི་ཡིད་ཆེས་ཇེ་ཆུང་ནས་ཇེ་སྲབ་ཏུ་འགྲོ་སྲིད་ལ། གཅིག་བྱས་ན་རྦད་དེ་ཡིད་ཐང་ཆད་དེ་ལམ་ཁ་གཞན་ཞིག་ལ་གྲ་སྒྲིག་བྱེད་ཀྱང་སྲིད་དོ།།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese