མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་འགོག་དུས་དྲན་ལ་ཞུཊ་པར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཟུར་བ་ལིན་ཁྲན་(Lien Chan)རྒྱ་གཞུང་གི་འཇར་འགོག་དུས་དྲན་ཐོག་ཕེབས་པར་ཐའེ་ཝན་གཞུང་འཛིན་ཁ་གཏད་ཚོགས་པ་སོགས་ནས་སྐྱོན་བརྗོད་བྱེད་བཞིན་འདུག

 

ཐའེ་ཝན་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལིན་ཀྲན་སྐུ་འཁོར་གཙོ་གྲས་ཁྲང་ཅོན་ཁོན་ (Chang Jung-kung) གྱིས། གཙོ་འཛིན་ཟུར་བ་ལེན་ཀྲན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་མཐུན་ལོ་རྒྱུས་རིང་བཞིན་ལ་བསམ་བློ་བཏང་ནས་འགྲོ་རྒྱུ་གཏན་ཁེལ་བྱས་པ་དང་། དམག་དཔུང་རྔམ་སྟོན་གྱི་ལས་རིམ་དང་འབྲེལ་ཡོད་བྱེད་སྒོ་སོགས་ལ་མཉམ་ཞུགས་གནང་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུགས་འཕྲད་བྱས་ཏེ་མཚོ་ངོགས་གཉིས་ཀྱི་འབྲེལ་བ་གླེང་སློང་བྱེད་པར་རེ་བ་བཅང་ཡོད་སྐོར་བརྗོད་འདུག

 

དེའི་ཐད་ཐའེ་ཝན་གྱི་སྲིད་འཛིན་ལྷན་ཁང་གི་འགན་འཛིན་ཧའོ་པེ་ཚོན་ (Hau Pei-tsun) གྱིས། རྒན་ཡོལ་ཞུས་ཟིན་པའི་རྒྱལ་ཁབ་ཀྱི་དམག་དཔོན་ཞིག་པེ་ཅིན་གྱི་དམག་དཔུང་རྔམ་སྟོན་ལ་ལྟ་རུ་འགྲོ་དགོས་ན། ཐའེ་ཝན་མི་མང་ནས་བསྡུས་པའི་རྒན་ཡོལ་གྱི་རོགས་དངུལ་ལེན་རྒྱུ་སྤང་དགོས་པ་རེད། ཅེས་བརྗོད་འདུག ཐའེ་ཝན་གཞུང་འཛིན་ཁ་གཏད་ཚོགས་པས་འཇར་འགོག་དམག་འཁྲུག་བྱེད་མཁན་ནི། ཀྲུང་ཧྭ་མིན་གོ་ཡི་དམག་མི་ཡིན་པ་དང་། ཀྲུང་ཧྭ་མིན་གོ་ཡིས་སྣེ་ཁྲིད་དེ་ཉི་ཧོང་ལ་ཕར་རྒོལ་བྱས་པ་དེ་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་རེད། གལ་སྲིད་རྒན་ཡོལ་ཞུས་ཟིན་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཅིག་རྒྱ་ནག་གི་དམག་དཔུང་རྔམ་སྟོན་ལ་འཛུལ་བཞུགས་བྱས་པ་ཡིན་ན། ཕྱི་གླིང་བས་རྒྱ་ནག་གིས་སྣེ་ཁྲིད་པའི་འཇར་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པ་བརྗོད་རྒྱུ་རེད། ཅེས་བརྗོད་འདུག

 

གཞན་ཡང་། ཟླ་འདིའི་ཚེས་ ༢༧ ཉིན་ཧོང་ཀོང་མིན་པའོ་ (Ming Bao)ཞེས་པའི་ཐོག རྒྱ་ནག་གཞུང་གིས་འཇར་འགོག་དམག་འཁྲུག་གི་བདེན་པའི་ལོ་རྒྱུས་སླར་གསོ་བྱ་དགོས་པའི་འབོད་སྐུལ་འཕྲིན་ཡིག་ཅིག་སྤེལ་བའི་ནང་། ལོ་ ༨ ཀྱི་ནང་འཇར་པན་དང་འཐབ་རྒོལ་བཏང་པ་དེ་རྒྱ་ནག་མི་རིགས་ཀྱི་ཆེས་རྩ་ཆེ་བའི་བསམ་གྱི་འབྱོར་བ་ཡིན་པ་མ་ཟད། རྒྱལ་ཁབ་ལ་དུང་བའི་སློབ་གསོའི་བརྗོད་དོན་ཡག་ཤོས་དེ་རེད། འོན་ཀྱང་། འཇར་འགོག་དམག་འཁྲུག་གི་མགོ་འཁྲིད་གོ་མིན་ཏང་གི་སྤྱི་ཁྱབ་གཙོ་འཛིན་ཅང་ཅེ་ཧྲི་ཡིན་པ་ནི་གཡོལ་ཐེབས་མེད་དངོས་ཡོད་གནས་ཚུལ་ལྕགས་ལ་བརྡུངས་པ་ལྟ་བུ་རེད། ཕྱི་ལོ་ ༡༩༤༩ ལོ་གོ་མིན་ཏང་གིས་རྒྱ་ནག་སྐམ་སའི་སྲིད་དབང་ཤོར་བ་དང་། འཇར་འགོག་དམག་འཁྲུག་གི་དངོས་བྱུང་ལོ་རྒྱུས་སྦ་གསང་བྱས་པ་མ་ཟད་འཁྱོག་བཤད་བྱེད་བཞིན་འདུག འཇར་འགོག་དམག་འཁྲུག་རྒྱལ་ཁ་ཐོབ་པ་ཀྲུང་ཧྭ་མི་རིགས་ཡོངས་ཀྱིས་བྱས་རྗེས་ཡིན་པ་དང་ཅང་སྐུ་ཞབས་ཁོ་རང་གི་ལེགས་གྲུབ་གཅིག་པུ་ཡང་མ་རེད། ཡིན་ན་ཡང་། ཁོང་ནི་དབུ་འཁྲིད་ཡིན་པ་ལོ་རྒྱུས་ཀྱི་དངོས་ཡོད་རྩོད་མེད་རེད། ཅེས་དང་། འཇར་འགོག་དམག་འཁྲུག་དུས་སྟོན་དང་བསྟུན་ཏེ་བློ་སྤོབས་ཆེན་པོའི་ངང་བདེན་པའི་སྙིང་དོན་དང་། འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱས་ཏེ། དྲང་པོ་དྲང་གཞག་དང་དངོས་ཡོད་གནས་ཚུལ་བརྗོད་རོགས་ཞུ། ཞེས་བྲིས་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese