མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོ་དང་བོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

ཐུབ་བསྟན་རབ་བརྟན།

 

རྒྱབ་ལྗོངས།

བོད་ནི་ཨེ་ཤ་ཡའི་ཁོངས་ཀྱི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་རང་ཉིད་ཀྱི་མངའ་བདག་བཙན་པོ་དང་། དུས་དང་སྤྱི་ཚོགས་ལ་ལྟོས་པའི་འགྱུར་བ་དང་འཕེལ་རྒྱས། མངའ་ཁོངས་རྒྱ་བསྐྱེད་པ་སོགས་བྱུང་ཡོད། རྒྱལ་ཁབ་གཞན་དང་དམག་འཁྲུགརང་ས་རང་སྲུང་། ཕྱི་ཡི་ཤེས་རིག་ནང་འདྲེན། རང་གི་རིག་གཞུང་དར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དུས་སྐབས་དེ་ནི་བོད་དེ་གཟི་འོད་འཕྲོ་པའི་ཨེ་ཤ་ཡའི་ནོར་བུ་ཞིག་ཡིན། བོད་དུ་ནང་ཆོས་དར་རྗེས་བོད་ཀྱི་ནུས་ཤུགས་དང་བློ་རིག་ཡོད་ཚད་ཆོས་ལ་ཕྱོགས། ལྷག་བསམ་རྣམ་དག་གིས་བོད་མི་ཕོ་མོ་རྒན་གཞོན་ཀུན་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རེ་བསྙེག་བྱས། རིམ་བཞིན་ཆོས་ལུགས་པ་ཚོའི་དབང་ཤུགས་ཇེ་ཆེར་སོང་བའི་གོ་སྐབས་དང་བསྟུན་ནས་རྒྱལ་ཁབ་གཞན་ལྟར་བོད་ཀྱི་ཆབ་སྲིད་པ་ཚོས་ཀྱང་ཆོས་ལུགས་དང་ཆོས་ལུགས་པ་དག་བེད་སྤྱོད་བྱེད་འགོ་ཚུགས། ཆོས་ལུགས་པ་དག་ཀྱང་རིམ་བཞིན་རུལ་ནས་ཁ་ནས་ཆོས་སྨྲ་ཡང་དོན་ལ་ཚེ་འདི་དང་མི་ཚེའི་བདེ་བ་བློས་གཏོང་ཐུབ་མཁན་རྗེ་མི་ལ་ལྟ་བུ་རེ་ཟུང་ལས་མེད་ཕྱིར་དབང་ཆ་དང་རྒྱུ་འབྱོར་ལ་རྔམས་ནས་མི་མང་ལ་དབང་བསྒྱུར་ཅི་ཐུབ་བྱས། ཆོས་དང་སྲིད་གཉིས་ཀྱི་དམིགས་ཡུལ་དང་གདམས་ཀ་ལོག་ཁ་ཡིན་ཕྱིར་ག་དུས་ཡིན་ཡང་མངོན་པར་གསལ་བ་དང་མི་གསལ་པ་ཅི་རིགས་ཀྱི་འགལ་འདུ་སྣ་ཚོགས་སློང་གི་ཡོད། འགལ་འདུ་དག་ཤེས་རྟོགས་ཀྱིས་ཆོས་སྲིད་ཐ་དད་དང་ཡང་ན་དབྱེ་བ་མ་འབྱེད་པར་ཆོས་དང་འཇིག་རྟེན་བསྲེ་གང་ཐུབ་ཅི་ཐུབ་བྱས། དད་པ་དང་དམ་ཚིག་གི་བཀའ་ཆེན་བསྒྲགས། དད་ལྡན་མང་ཚོགས་རྣམས་ལ་ཚེ་ཕྱི་མའི་དམྱལ་བ་ཟེར་བ་དེ་འཇིགས་སྣང་གི་ཡུལ་དུ་ཤར་བཅུགབྱེད་ཐབས་འདིས་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་། འཚོ་ཐབས། སྤྱི་ཚོགས་ཡར་རྒྱས་བཅས་ལ་འགོག་རྐྱེན་བཟོས། དེའི་འཇུག་འབྲས་སུ་མི་མང་རྣམས་རྒྱ་ཆེ་ལ་གཏིང་ཟབ་པའི་ཆོས་ཀྱི་དོན་དཔོག་པ་ཕར་ཟད་ནས་རྨོངས་དད་དང་། ལྐུག་པ། རྟུལ་པོ་འབའ་ཞིག་ཏུ་འགྱུར། ནད་དུག་དེ་ད་དུང་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་ལྷམ་མེར་ལྷག

 

 

མང་གཙོའི་འཕེལ་རིམ།

དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་རང་དབང་ཐོབ། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་བོད་ཀྱི་རང་དབང་ཡོངས་སུ་ཤོར། བོད་གཞིས་བྱེས་ཁ་བྲལ་དུ་སོང་། འོན་ཀྱང་། མུན་ནག་གི་འོད་སྣང་ཡུལ་གྱར་དུ་ 7 གོང་ས་སྐྱབས་མགོན་ཆེན་པོས་མང་གཙོ་ཡང་དག་པ་ཞིག་ལག་བསྟར་ཡོང་ཆེད་དུ་འབད་བརྩོན་ལྷོད་མེད་གནང་། 1960 ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་དུ་བཙུགས་པ་དང་། ལོ་ལྟར་སྤྱི་ཟླ་ 9 ཚེས 2 ཉིན་དེ་བོད་ཀྱི་མང་གཙོ་དུས་ཆེན་བརྩི་སྲུང་བྱེད་བཞིན་ཡོད། ༸གོང་ས་མཆོག་བོད་ཀྱི་མང་གཙོའི་ཡབ་ཆེན་དུ་གྱུར། འདས་པའི་ལོ་ངོ་ལྔ་བཅུ་ལྷག་ལ་ཡུལ་གྱར་བོད་མི་ཚོས་མང་གཙོ་ལ་ལོངས་སྤྱོད་བྱས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ 2001 ལོར་མི་མང་གིས་ཐད་ཀར་བཀའ་བློན་འོས་བསྡུས་ལམ་ནས་འདེམས་སྟེ་ཚད་མཐོའི་མང་གཙོའི་ངོ་བོར་བསྒྱུར། 2011 ལོར་ ༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་ལ་རྩིས་སྤྲད་གནང་། ༸གོང་ས་མཆོག་གིས་ཕུག་རྒྱང་རིང་པོའི་དགོངས་བཞེད། ཡང་དག་པའི་མང་གཙོའི་ལམ་བཟང་འདི་མགོན་པོ་གང་ཉིད་ཀྱི་མ་འདས་ཡང་སྲིད་ཀྱང་ཡིན།

 

 

བོད་ཀྱི་མང་གཙོའི་གནས་བབ།

ད་ཆ་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུའི་སྐབས་འདིར་འོས་མི་ཚོ་དང་། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་མང་གཙོའི་རྐུབ་སྟེགས་ལ་རང་རྒྱལ་གཞན་ཕམ་ལྟ་བུའི་འཐབ་འཛིང་ཤུགས་ཆེན་ཞིག་བྱེད་ཐུབ་ཀྱི་མེད་རུང་། རང་རང་གི་བློ་གྲོས་ལ་དཔག་པའི་གཏམ་བཤད་དང་རྒྱབ་སྐྱོར་པས་དེ་ལ་ཡ་ལེན་བྱེད་ཀྱི་ཡོད། སྐབས་འདི་དག་ཏུ་མང་གཙོ་སྤྱི་འགྲོས་ལྟར་སྲིད་སྐྱོང་འོས་མི་དག་གིས་ད་ལྟའི་གཞུང་འཛིན་པ་དང་གཞུང་གིས་ལས་དོན་བྱེད་ཕྱོགས་ལ་སྐྱོན་འཛུགས་དང་སུན་འབྱིན་སོགས་ཡང་དག་པ་བྱེད་ཐུབ་མཁན་དང་ཕོད་མཁན་དཀོན་པ་མ་ཟད། དེ་ལྟར་བྱས་ཚེ་མི་མང་གི་བློར་ཤོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད། མང་ཚོགས་ལ་མང་གཙོའི་གོ་རྟོགས་ཚད་ལོང་བ་ཞིག་མེད་པ་དང་། ད་དུང་སྔོན་མའི་ཀླད་རྙིང་དང་། ལྟ་རྙིང་རུལ་དྲི་འཐུལ་བ་དེ་ཚོས་མགོ་བོ་བཀང་ནས་བསྡད་ཡོད། བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་ཁྱོན་ཡོངས་ནས་འགྱུར་བ་དང་བསྒྱུར་བཅོས་ཚད་ལྡན་མ་ཐུབ་ཚེ་མ་འོངས་པའི་ལམ་ཁ་དེ་ཅི་འདྲིའི་འཇིགས་སྣང་ཅན་ཞིག་ཡིན་སྲིད། 2016 ལོའི་སྲིད་སྐྱོང་གི་འོས་མིར་ལང་མཁན་མི་སྣ་ལྔ་ཡོད་པ་དེ་དག་ལ་མང་ཚོགས་ཀྱིས་རང་རང་གི་དགའ་མོས་དང་འདོད་ཕྱོགས་རྒྱུ་མཚན་དུ་བྱས་ནས་རྒྱབ་སྐྱོར་དང་འོས་མི་གཞན་ལ་སྐྱོན་བརྗོད་ཡ་མ་ཟུང་རེ་ཡོང་གི་ཡོད་ཀྱང་། དེ་དག་ནི་ཕལ་ཆེ་བ་མ་ཉེས་ཁ་གཡོག་ལྟ་བུ་ལས། ཚད་ལྡན་ཁུངས་ཐུབ་ཀྱི་སྐྱོན་བརྗོད་ཐུབ་མཁན་ཆེས་དཀོན་པོ་ཡིན། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ་ཟེར་ན། མི་མང་གི་རྒྱུན་ལྡན་ནས་གནས་ཚུལ་ལ་རྒྱུས་ལོན་ཅི་ཙམ་བྱེད་ཀྱི་ཡོད་མེད་དང་རྟགས་དཔྱད་ཀྱི་ཤེས་རབ་ཅི་འདྲའི་ཚད་དམའ་བོ་ཡིན་པ་དེ་གསལ་བཤད་བྱེད་ཀྱི་ཡོད། དེར་བརྟེན་མི་མང་བཀྲོག་གཏམ་གྱི་རྗེས་སུ་འབྲང་པ་དང་། བཀྲོག་གཏམ་གྱི་བྲན་གཡོག་དུ་འགྱུར་ཡོད། དེང་སྐབས་མི་མང་གིས་སྲིད་སྐྱོང་གི་འོས་མི་ལ་དོ་སྣང་ཆེར་བྱེད་པ་ལས་སྤྱི་འཐུས་ཀྱི་འོས་མི་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་རེད། མང་གཙོའི་ལམ་སྲོལ་ཡང་དག་པ་ལྡན་པའི་སྤྱི་ཚོགས་ཀྱི་ནང་དུ་གྲོས་ཚོགས་འཐུས་མི་ནི་མི་དམངས་ཀྱི་འཐུས་ཚབ་དང་འཛིན་སྐྱོང་གི་འཆར་འགོད་ཚད་ལྡན་བཟོ་མཁན་ཡིན་པས་གལ་ཆེའི་ལས་གནས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་འཐུས་ནི་འཛིན་སྐྱོང་ལ་སྟངས་འཛིན་དང་། ཁྲིམས་བཟོ་པ་བཅས་ཡིན་པས་དེར་སླེབ་པའི་མི་ལ་ཤེས་ཡོན་དང་། འཇོན་ཐང་། སྙིང་རུས། སྤྱི་དོན་གཙིགས་འཛིན་གྱི་བསམ་བློ་བཅས་ངེས་པར་དུ་དགོས། ད་ལྟའི་གྲོས་ཚོགས་སུ་སྤྱི་འཐུས་རྒན་པ་མང་དྲག་པའི་དཀའ་ངལ་མཐོང་། དེའི་རྒྱུ་མཚན་གཅིག་ནི་ལས་གནས་ལ་ཨ་གསར་ཡོལ་བ་དང་། གཉིས་ནས་སྒེར་སེམས་དང་ཁོངས་གཏོགས་ཀྱི་བསམ་བློ་ཤས་ཆེར་སླེབ་པ་བཅས་ལ་བརྟེན་ནས་ལས་ཀ་ཏག་ཏག་བྱེད་ཐུབ་ཀྱི་མེད་པར་མཐོང་། ད་ལྟ་གཞོན་སྐྱེས་ཤེས་ལྡན་པ་མང་པོ་ཐོན་བཞིན་ཡོད་པ་འདི་དག་ལ་གོ་སྐབས་སྤྲད་དགོས། དེའི་རྒྱུ་མཚན་གཅིག་ནི་གཞོན་སྐྱེས་ཀྱི་ནུས་པ་བསྐྱེད་སྲིང་དང་། གཉིས་ནས་འཐབ་རྩོད་རྒྱུན་གནས་ཀྱི་ནུས་ཤུགས་ལ་སྐུལ་འདེད་གཏོང་ཐུབ། གསར་རྙིང་རྗེ་པོ་རྒྱག་མ་ཐུབ་པ་འདི་དུས་དང་མཚམས་པའི་འགྱུར་བ་གཏོང་མི་ཐུབ་པའི་འགོག་རྐྱེད་དུ་འགྱུར་ཡོད། རྙིང་པ་དག་སྦད་དེ་མི་དགོས་པ་ཡིན་པར་རྒྱུན་དུ་ཁྱིམ་ཚང་གི་ལས་དོན་ལས་གཞུང་གི་ལས་ཀའི་ཐོག་ལ་ཤུགས་རྒྱག་མཁན་འགའ་ཡོད་དགོས་པ་ཡིན། མི་རབས་གསར་པ་ལ་ཉམས་མྱོང་རྒྱུད་སྤྲད་དང་། ལས་དོན་ལ་ལམ་སྟོན་སོགས་གནང་དགོས།

 

མང་གཙོ་ལག་བསྟར།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སྤྱི་དོན་སེམས་ལ་བཅངས་ནས་སྐྱོན་བརྗོད་བྱེད་མཁན་དག་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན། ད་དུང་སྡུག་ས་ནས་རྒྱ་མའི་རྒྱུག་ཁྱི། བསྟན་སྲིད་ལ་རྒོལ་མཁན་སོགས་ཀྱི་ཞྭ་མོ་གང་ནག་ནག་རེ་གཡོག་ཡོང་གི་ཡོད་པ་འདིས་ལྡོག་ཕྱོགས་ཀྱི་ནུས་པ་འདོན་བཞིན་པ་སྟེ། མགོ་ཁྲིད་དག་གིས་ལྐོག་ཟ་རུལ་སུངས། སྤྱི་རྒྱུ་སྒེར་བདག་སོགས་ག་རེ་བྱེད་བྱེད་ཀྱི་ལམ་ཁ་ཀྱོག་ཀྱོག་ཞིག་བཟོ་གིན་ཡོད། མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ཁ་དེ་ད་ལྟ་བཟོ་བཞིན་ཡོད་པས་བྱེད་ཕྱོགས་དེ་ཉན་ཁ་ཅན་ཞིག་ཏུ་མཐོང་། ང་ཚོའི་ཡུལ་གྱར་གཞུང་ལ་བཙོན་ཁང་སོགས་མེད་ཕྱིར་སྤྱི་ཚོགས་ནང་གི་རུལ་སུངས་མགོ་ཁྲིད་མི་ངན་དེ་ཚོ་ནུས་མེད་དུ་བཟོ་རྒྱུའི་ཐབས་ལམ་ཡག་ཤོས་ནི་ཁ་རྡུང་གཏོང་རྒྱུ་དང་། སྐྱོན་བརྗོད་བྱེད་རྒྱུ་རང་ཡིན། སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པ་བོད་མིའི་ཆེ་མཐོས་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་བཏང་ཡོད་ཀྱང་ད་དུང་སྤོབས་པ་ཆེན་པོས་བོད་མིའི་མགོ་ཁྲིད་ཡིན་པའི་ཉམས་སྣང་ཅི་ཆེར་ཡོད་པ་འདིའི་རྒྱུ་མཚན་ཅི་ཡིན་ནམ། མི་ངན་འདི་ལྟ་བུ་སྤྱི་ཚོགས་ཀྱི་ནང་དུ་ངེས་པར་དུ་ནུས་མེད་བཟོ་དགོས་པ་ཤིན་ཏུ་གལ་ཆེན་ཡིན། རྒྱ་ནག་གི་སྲིད་འཛིན་ཞིས་ཅན་ཕན་གྱིས་གུང་ཕྲན་ཏང་གཙང་མ་བཟོ་བཞིན་ཡོད་དུས་ང་ཚོ་བོད་པའི་སྤྱི་ཚོགས་དེ་རུལ་སུངས་དུ་འགྱུར་སོང་ན་ངོ་རེ་ཚ། འདི་འདྲ་གྱུར་དུ་མི་འཇུག་པའི་འགན་དེ་མི་མང་ཚང་མ་ལ་ཡོད། རུལ་སུངས་མེད་པ་བཟོ་མ་ཐུབ་ཚེ་ང་ཚོ་ཁྲིམས་གྱིས་དབང་བསྒྱུར་དང་། སྤྱི་ཚོགས་དྲང་བདེན་ཟེར་བ་དེ་ཡོང་མི་ཤེས་པ་ཞིག་ཡིན། ང་ཚོའི་མགོ་ཁྲིད་དག་ལ་མི་རིགས་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་པའི་སྐྱོན་ཡོད་ན་ངེས་པར་གླེང་དགོས། དེ་ལྟར་གླེང་སའི་གོ་སྐབས་ཡོང་ཕྱིར་དུ་ ༸ གོང་ས་མཆོག་གིས་མང་གཙོ་གསོལ་བསྩལ་གནངས། ཡིན་ན་ཡང་། མི་མང་ལ་ད་དུང་མང་གཙོའི་གོ་རྟོགས་དང་། ལྟ་གྲུབ། བསམ་བློ་བཅས་ཁྱོན་ཡོངས་ནས་ཡར་རྒྱས་ཚད་ལྡན་ཞིག་ཡོང་ཐུབ་མེད་པ་གསལ་བོ་ཡིན། བོད་པས་མང་གཙོའི་ལམ་སྲོལ་འདི་རྒྱུན་འཛིན་ཡང་དག་པ་ཞིག་བྱེད་མ་ཐུབ་ཚེ་མ་འོངས་བོད་ཀྱི་འཐབ་རྩོད་དང་མི་རིགས་ཀྱི་མདུན་ལམ་ཡག་པོ་ཡོང་རྒྱུ་ཁག་པོ་གྱུར་ཡོད།

 

 མི་མང་གི་འོས་འགན།

མི་མང་གིས་ཕྱོགས་གཅིག་ནས་གཞུང་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་དང་། ཁ་ཞེ་གཉིས་མེད་ཀྱི་བློ་དཀར་གཞུང་དྲང་དགོས་པ་ཡིན། གཞན་ཞིག་ནས་གཞུང་གིས་བྱེད་ཕྱོགས་ནོར་བ་དང་མགོ་ཁྲིད་ཀྱིས་ནོར་འཁྲུལ་ཤོར་ན་རང་འགན་རང་ཁུར་གྱིས་སྐྱོན་བརྗོད་དང་ལམ་སྟོན་བྱེད་དགོས་པ་འདི་ཡིན། ད་ཆ་བོད་མི་ཚོ་ཉིན་རེ་ནས་ཉིན་རེ་ཁ་འཐོར་དུ་འགྲོ་གི་ཡོད་ཀྱང་རང་ཉིད་ས་ཆ་གང་དང་གནས་བབ་ཅི་འདྲ་ཞིག་ཏུ་གྱར་ཡང་རང་གཞུང་ལ་འབྲེལ་ལམ་དང་། བློ་སེམས་གཏོད་པ། ལྷག་བསམ་བྱེད་པ་བཅས་དགོས་པ་དང་། བྱིས་པ་ཚོ་ལ་ངེས་པར་དུ་དེ་ལྟར་བྱེད་དགོས་པའི་ཁ་བརྡ་བསླབ་བྱ་དང་། མི་རིགས་ཀྱི་གནས་སྟངས་ངོ་སྤྲོད། ཆོས་དང་རིག་གཞུང་ལ་དགའ་ཞེན་དང་རྒྱུན་འཛིན་ཐུབ་མཁན་ཞིག་ངེས་པར་དུ་བཟོ་དགོས་པ་ཡིན། འདི་ལྟར་མི་ཐོག་ནས་མི་ཐོག་བར་རྒྱུན་འཛིན་ཐུབ་ཚེ་མ་འོངས་པར་བོད་མི་རིགས་ལ་རྒྱལ་ཁ་ཐོབ་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. བློ་གྲོས says:
    ལོ་ 11 སྔོན།

    རང་དབང་ནི་མི་རིགས་ཀྱི་བདེ་སྐྱིད་ཡིན། མཐུན་སྒྲིལ་ནི་མི་རིགས་ཀྱི་སྟོབས་ཤུགས་ཡིན།
    ཤེས་ཡོན་ནི་མི་རིགས་ཀྱི་དམིགས་བུ་ཡིན།

    Reply
  2. བོད་མི་ཡིན། says:
    ལོ་ 11 སྔོན།

    བོད་ལ་རང་དབང་་ག་དུས་ཤར་གི་ཡོད་ན་་་་་

    Reply
  3. བོད་མི་ཡིན། says:
    ལོ་ 11 སྔོན།

    ཡག་པོ་གསུང་འདུག་་་་ཡིན་ན་ཡང་་་རང་སུ་ཡིན་མིན་དོགས་པ་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese