མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་དམངས་གཙོ་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཆེན་པོ་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་ཁྲིད་པའི་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུར་རེ་བ་ཆེན་པོ་ཡོད་འདུག

 

༢ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་གནང་སྟེ། རྒྱལ་ཡོངས་ནང་ཉུང་མཐར་ས་གནས་ཁག་ཁྲི་ ༤ ལྷག་ནས་འོས་བླུགས་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་འབར་མ་གཞུང་གིས་གྲོས་ཚོགས་ཀྱི་ཞབས་སྟེགས་ ༥༤ ཡི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ལྕམ་ཨང་སན་སུའུ་སྐྱིད་(Aung San Suu Kyi)ལགས་ཀྱིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་གྲོས་ཚོགས་ཀྱི་ཞབས་སྟེགས་ ༤༨ ཐོབ་ཡོད་པ་དང་། དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་པར་འབར་མའི་གྲོས་ཚོགས་ཞབས་སྟེགས་ཀྱི་བརྒྱ་ཆ་ ༦༧ ངེས་པར་དུ་འཐོབ་དགོས་ཀྱི་ཡོད་ལ། ཚོགས་པ་རང་ངོས་ནས་ཞབས་སྟེགས་ཀྱི་བརྒྱ་ཆ་ ༧༠ འཐོབ་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་གཞུང་ཕྱོགས་ནས་འོས་བསྡུའི་གྲུབ་འབྲས་ཆ་ཚང་ཕྱིར་བསྒྲགས་བྱས་མེད་པ་རེད།

 

འབར་མའི་མི་མང་གིས་ད་ལན་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན་ཡང་། ད་ལྟའི་འབར་མ་གཞུང་གིས་འོས་བསྡུའི་གྲུབ་འབྲས་དང་ལེན་བྱ་རྒྱུ་ཡིན་མིན་ཐད་དོགས་པ་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་འབར་མའི་སྲིད་འཛིན་ཐེན་སིན་(Thein Sein)གྱིས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བའི་སྲིད་གཞུང་གསར་པ་དེ་ངས་དང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། དེ་བཞིན་འབར་མའི་དྲག་པོའི་དམག་གི་དཔོན་པོ་མེན་ཨང་ལེ་ཡིས། གལ་སྲིད་མི་མང་གིས་དམངས་གཙོ་ཚོགས་པ་བདམ་པ་ཡིན་ན། ང་ཚོས་དེ་དང་ལེན་མི་བྱེད་དོན་གང་ཡང་མེད་ལ། ཕྱི་ལོ་ ༡༩༩༠ ལོའི་འབར་མའི་འོས་བསྡུ་ཆེན་མོའི་ནོར་འཁྲུལ་དེ་བསྐྱར་དུ་བྱུང་གི་མ་རེད་ཅེས་བརྗོད་འདུག སྐབས་དེའི་འོས་བསྡུ་ཆེན་མོའི་ཁྲོད་དམངས་གཙོ་ཚོགས་པར་དྲག་གནོན་བྱས་པ་བརྒྱུད། དྲག་པོའི་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། གཞུང་ཕྱོགས་ནས་གནད་དོན་དེ་ངོས་ལེན་བྱས་མེད་པ་རེད།

 

༡འབར་མའི་རྩ་ཁྲིམས་ནང་བུ་དང་བུ་མོ་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་ན་འབར་མའི་སྲིད་འཛིན་དུ་བསྐོ་བཞག་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད་སྟབས། ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་པ་ཡིན་ནའང་། ཚོགས་པ་དེའི་དབུ་ཁྲིད་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཁྱོ་ག་དང་བུ་གཉིས་དབྱིན་ཇིའི་མི་སེར་ཡིན་པས་མོ་སྲིད་འཛིན་དུ་བསྐོ་བཞག་བྱེད་ཆོག་གི་མེད་པ་རེད། ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས། གལ་སྲིད་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་པ་ཡིན་ན། མོའི་གོ་གནས་སྲིད་འཛིན་ལས་ཀྱང་མཐོ་བ་ཡོད་སྐོར་བརྗོད་འདུག

 

ལོ་ ༥ རེའི་ནང་ཐེངས་གཅིག་འོས་འདེམས་བྱེད་ཀྱི་ཡོད་པའི་འབར་མའི་འོས་བསྡུ་ཆེན་མོ་དེའི་ཁྲོད་མཉམ་འབྲེལ་གྲོས་ཚོགས་(Assembly of the Union)དང་མི་མང་འཐུས་མིའི་གྲོས་ཚོགས་(House of Representatives)གཉིས་ཀྱི་འཐུས་མི་འདེམས་དགོས་པ་དང་། དེ་ནས་མཉམ་འབྲེལ་གྲོས་ཚོགས་ཀྱིས་སྲིད་འཛིན་གསར་པ་འོས་འདེམས་བྱེད་དགོས་པ་མ་ཟད། སྲིད་འཛིན་གསར་པས་སྣེ་ཁྲིད་པའི་སྲིད་གཞུང་གསར་པ་འཛུགས་དགོས་ཀྱི་ཡོད་ལ། ལོ་ངོ་ ༢༥ རྗེས་ཀྱི་ཡོངས་ཁྱབ་འོས་བསྡུ་ཆེན་མོ་དང་པོ་འདིའི་ནང་། འབར་མར་མི་གྲངས་ས་ཡ་ ༥༣ ལྷག་ཡོད་པའི་ཁྲོད་ནས་ས་ཡ་ ༣༠ ལྷག་ལ་འོས་བླུགས་པའི་ཐོབ་ཐང་ཡོད་ཀྱང་། ཁ་ཆེའི་རིགས་རྒྱུད་དུ་ངོས་འཛིན་བྱེད་བཞིན་ཡོད་པའི་རོ་ཧན་གྷ་སོགས་གྲངས་ཉུང་མི་རིགས་མི་འདྲ་བ་ ༡༠༠ ལྷག་ཡོད་པ་དེ་ཚོར་འོས་བླུགས་པའི་ཐོབ་ཐང་མེད་སྟབས། སྤྱིར་བཏང་ཐེངས་འདིའི་འོས་བསྡུ་ཆེན་མོར་དྲང་བདེན་བྱུང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། འོས་བླུགས་ཀྱི་ཐོབ་ཐང་འདྲ་མཉམ་བྱུང་མེད་པ་རེད།

 

ཐེངས་འདིའི་འོས་བསྡུ་ཆེན་མོ་ནི་ཕྱི་ལོ་ ༢༠༡༡ ལོར་འབར་མ་དྲག་པོའི་དམག་གཞུང་ལ་དམངས་གཙོའི་བཅོས་བསྒྱུར་བྱུང་རྗེས་ཀྱི་རྒྱལ་ཡོངས་འོས་བསྡུ་ཐོག་མ་དེ་ཡིན་ལ། ཐེངས་འདིའི་འོས་བསྡུའི་ནང་ཆབ་སྲིད་ཚོགས་པ་ཁག་ ༩༠ ལྷག་ནས་འོས་མི་ ༦༠༠༠ བརྒལ་བས་གྲོས་ཚོགས་ཀྱི་ཞབས་སྟེགས་ ༦༦༤ ལ་འགྲན་རྩོད་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པ་ཚོས། ཐེངས་འདིའི་འོས་བསྡུ་ཆེན་མོ་འབར་མའི་དམངས་གཙོ་ཡི་མཚོན་རྟགས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཨ་རིའི་ཤར་ཨེ་ཤ་ཡའི་ཁུལ་གྱི་ལས་དོན་ལྷན་ཚོགས་ཀྱི་དྲུང་གཞོན་ཌཱ་ནི་ཡལ་རོ་སིལ་(Daneial Russel) ལགས་ཀྱིས། འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་འབར་མ་དྲག་པོའི་དམག་གི་སྒེར་གཅོད་དབང་བསྒྱུར་འོག་གནས་ཡོད་སྟབས། འོས་བསྡུ་ཐེངས་གཅིག་གིས་དམངས་གཙོ་བསྐྱར་འཛུགས་བྱེད་མི་ཐུབ་ཀྱང་། ད་རེས་ཀྱི་འོས་བསྡུ་ཆེན་མོས་འབར་མའི་དམངས་གཙོའི་འཕེལ་རིམ་གཏོང་སྤེལ་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད་སྐོར་བརྗོད་འདུག་ལ། ཉི་ཧོང་དང་ཨ་རི་སོགས་ནས་འབར་མའི་འོས་བསྡུ་ལ་ལྟ་ཞིབ་ཚོགས་པ་ཆེད་གཏོང་གནང་བ་སོགས། རྒྱལ་སྤྱིའི་ཐོག་ནས་ཐེངས་འདིའི་འབར་མའི་འོས་བསྡུ་ཆེན་མོ་དྲང་བདེན་ཡོང་བར་རྒྱབ་སྐྱོར་དང་རོགས་འདེགས་གནང་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

སྐར་མ ༡༧ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

སྐར་མ ༥༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༣ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese